Skip to main content Skip to search
04 Nov 2014
6 min 48 sec
Video Overview
Creators: 
Tibetan & Himalayan Library

Kato Kyi from Sonak village in Tsekhok tells the story of a meat-loving man who ended up hungry after eating all of his family's cows.

བརྙན་འདིར་སྔོན་རྒད་པོ་ཤ་དགའ་ཞིག་གིས་ཁྱིམ་ཚང་གི་བ་ལང་ཡོད་ཚད་ཟོས་ཚར་བ་དང་། མཇུག་མཐར་ཟ་རྒྱུ་གཅིག་ཀྱང་མེད་སོང་བའི་གཏམ་རྒྱུད་བརྗོད་ཡོད།

བརྙན་འདིར་སྔོན་ཁྱིམ་ཚང་ཞིག་ལ་བ་མོ་དགུ་ཡོད་པ་དང་། རྒད་པོ་ནི་ཤ་དགའ་ཞིག་ཡིན་པས། ཉིན་འགའི་བར་ཏུ་བ་མོ་རེ་བསད་ནས་ཤ་ཟོས་པས་མཐའ་མར་བ་མོ་གཅིག་ཀྱང་མ་ལུས་པ་རེད།  དེ་ནས་རྒན་མོས་ལྷག་ན་ལུས་ཡོད་པའི་བ་མོའི་ནུ་མ་དེ་ཁྱེར་ནས་བུད་སོང་བ་དང་ནུ་མ་དེ་བྲག་ངོས་ལ་བརྒྱབ་པས། འབྱར་ནས་འོ་མ་མང་པོ་ཡོང་པ་རེད། རྒན་མོས་ཉིན་རེ་ལ་འོ་མ་ཟོ་གང་རེ་རྒད་པོར་བྱིན་པ་དང་དེ་ཤེས་ནས་ནུ་མ་དེའང་རྒད་པོས་ཟོས། ཡང་རྒན་མོ་བུད་སོང་བ་དང་གཅན་གཟན་དག་གི་འདུག་ཁང་ལ་སླེབས་ནས་དེ་ཚོའི་ཇ་མ་བྱས། རྒད་པོས་དེ་ཤེས་ནས་གཅན་གཟན་དག་གི་འདུག་ཁང་ལ་ཡོང་ནས་གཞའ་ཡང་། ཤེས་སོང་བས་མཐའ་མར་ཁོ་གཉིས་ཀ་གཅན་གཟན་གྱིས་ཟོས།

这段视频讲述了一对夫妇有九头牛,由于丈夫特别爱吃肉,把所有的牛都被他吃完了,最后连食物都没有的故事。

从前有一户人家有九头牛,丈夫特别爱吃肉,每隔几天都会宰一头牛。最后的一头牛也是趁着妻子不在的时候宰了,妻子伤心失落拿着牛的乳头走了,但是可喜的是乳头里既然可以挤牛奶。之后妻子每天都会带一桶牛奶悄悄地放在丈夫家,但是他发现是妻子后找到了她,又是趁妻子不在时把牛的乳头也吃了。妻子又走了,无意间到了猛兽居住的地方,让她做了它们的厨娘。丈夫得知后又找到了,妻子让他藏在卧处下面每天会给他食物。最后丈夫因为多嘴被猛兽发现,把它们两个都吃掉了。

Transcript search
No results found for this search
0 of 0