Video Overview
Kato Kyi from Sonak village in Tsekhok tells the story of a meat-loving man who ended up hungry after eating all of his family's cows.
- གནའ་གནའ་ཞིག་ལ་རྒན་རྒོན་གཉིས་ཡོད།
- རྒན་རྒོན་གཉིས་ཡོད་ཁོ་གཉིས་ལ་བ་གླང་དགུ་ཡོད།
- བ་གླང་དགུ་ཡོད་ནི་རེད།
- རྒད་པོ་ཤ་ལ་ཤིན་ཏུ་དགའ་ནི་རེད།
- ཤ་མེད་ན་འདུག་མི་ཐུབ་པ་ཞིག་རེད།
- ཉིན་ཞིག་ལ་རྒན་མོ་་་བ་བརྒྱད་གཡང་ཟེར་ནི་རེད།
- བ་དགུ་བཤའ་ཟེར་ནི་རེད་དེ་ངེད་གཉིས་ཀྱིས་བ་གླང་གཅིག་བཤའ་ཟེར།
- ཡ་ཟེར་ནས་བཤས་པ་ཡིན།
- ཡང་དེའི་ཤ་ཚར་རྗེས་རྒན་མོ་་་བ་བརྒྱད་བཤའ་ཟེར་ནི་རེད།
- བ་བདུན་གཡང་ཟེར་ནི་རེད།
- ཡང་གཅིག་བཤའ་ཟེར་ནས་བཤས་པ་ཡིན།
- དེ་ནས་རྒན་མོ་ཡིས་བཤའ་མི་ཉན་བ་གླང་ཚོ་ཚར་ཐལ་འདོད་ནས།
- རྒན་མོ་ཡིས་བཤའ་མི་ཉན་ཟེར་ན་ཡང་།
- རྒད་པོས་གཅིག་རེ་གཅིག་རེ་འཤས་ནས་བ་གླང་གཅིག་ལ་གཏུག།
- རྒན་མོ་ཡིས་གཅིག་པོ་མི་གཤའ་ཟེར་ནས་བསྡད།
- བསྡད་ནས་ཉིན་ཞིག་ལ་རྒད་པོ་ཤ་ཚར་ནས་མ་བཟོད་པ་རེད།
- རྒན་མོ་ཆུ་འཁུར་དུ་སོང་།
- རྒན་མོ་ཆུ་ལ་སོང་།
- ཆུ་ལ་སོང་ཤུལ་ནས།
- རྒད་པོས་མྱུར་དུ་བ་གླང་གཅིག་པོ་བསད་ནས་བཤས་ནས་དེ་ལྟར་བྱས།
- དེ་ནས་རྒན་མོ་ཡིས་ཆུ་འཁུར་ནས་ཡོང་སྟེ་རྒད་པོ་སྒོ་ཕྱེ་ཟེར།
- རྒད་པོས་སྒོ་གཏན་ནས་ནང་ན་བ་གླང་བཤས་ནས་བསྡད་ཡོད།
- རྒད་པོ་སྒོ་ཕྱེ་ཟེར་དུས་རྒན་མོ་ཁྱོད་སྡོད་དང་ངས་ལྷམ་གོན་ན་ཡོང་།
- ཡ་ཟེར་ནས་ཅུང་ཙམ་ཞིག་བསྡད།
- ཁོས་མྱུར་དུ་ཤ་ནང་དུ་བསྡུས།
- རྒད་པོ་སྒོ་ཕྱེ་ཟེར་དུས་ཡ་ངས་སྐེད་རགས་བཅིང་བཞིན་ཡོད།
- ཡང་ཅུང་ཙམ་ཞིག་བསྡད།
- རྒད་པོ་སྒོ་ཕྱེ་ཟེར་དུས་ཡ་ངས་ལྷམ་འགྱོག་བཅིང་བཞིན་ཡོད།
- ཡང་རྒད་པོ་སྒོ་ཕྱེ་ཟེར་དུས་ཡ་ངས་ཞྭ་གོན་བཞིན་ཡོད་ཟེར།
- དེ་འདྲ་བཤད་ནས།
- ཤ་དེ་བསྡུས་ཚར་རག་བར་དུ་དེ་ལྟར་བྱས་ནས་བསྡད།
- ཤ་བསྡུས་ཏེ་རྒན་མོ་ལ་སྒོ་ཕྱེ།
- སྒོ་ཕྱེ་དུས་རྒན་མོ་ནང་ལ་སོང་དུས་བ་གླང་བཤས་པ་ཤེས་སོང་།
- ཧ་བོ་ན་ཧ་བོ་ཁྱོད་ཀྱིས་ངའི་བ་གླང་གཅིག་པུ་བཤས་ནས།
- ངས་ཅི་ཞིག་བྱེད་ཟེར་ནས།
- བལྟས་དུས་བ་གླང་གི་ནུ་མ་ཐབ་ཀ་ཐོག་ན་ལུས་ཡོད།
- རྒན་མོ་ཡིས་དེ་རིག་སོང་།
- དེ་ནས་ཅི་ཞིག་ཡིན་ན་ཡིན་ཟེར་ནས།
- ནུ་མ་ལག་པའི་ནང་ལ་བསྡམས་ནས་བུད་སོང་།
- རྒད་པོས་ཤུལ་ནས་ཤ་ཟོས་ནས་བསྡད།
- རྒན་མོས་ནུ་མ་ལག་པའི་ནང་དུ་བསྡམས་ནས།
- ངུ་བཞིན་དུ་བྲག་ཁུང་ཞིག་གི་ནང་དུ་སོང་།
- ང་ལནུ་རྡོ་ཞིག་གིས་ཅི་བྱེད་ཟེར་ནས།
- བྲག་ངོར་གཅིག་བརྒྱབ་པའི་ནུ་མ་བྲག་ངོར་འབྱར་སོང་།
- དེ་ནས་མོ་ཡིས་གཅིག་འཐེན་དུས་ནང་ནས་འོ་མ་ཡོང་བ་རེད།
- དེ་ནས་མོ་ཡིས་དེའི་ནང་ནས་འོ་མ་བཞོས་ནས།
- མོ་ཡིས་འོ་མ་འཐུང་ནས་བསྡད།
- ཉིན་ཞིག་ལ་རྒད་པོའི་ཤ་ཚར་ཡོད་རྒྱུ་རེད།
- དེས་ཅི་ཞིག་བྱེད་བཞིན་ཡོད་འདོད་ནས།
- འོ་མ་གྲོད་པུ་གང་ཁྱེར་ནས་ཡོང་སྟེ་གཅིག་ཉན་དུས།
- རྒད་པོའི་ཤ་ཚར་སོང་།
- ཐབ་ར་ཁག་ལ་ཚད་ནས།
- གོ་ཁ་ན་ཐབ་ར་ཁག་གིས་མར་ལ་བླུགས་ཏེ་གན་རྒན་མོ་ཡི་སྐལ་ཡིན་ཞེས་བཤད།
- ར་ཀག་གི་ཡར་ལ་བླུགས་ཏེ་གན་ངའི་སྐལ་ཡིན་ཟེར་ནས་བསྡད་ཡོད།
- དེ་ནས་མོ་ཡིས་ཀ་སྐུང་ནང་ནས།
- འོ་མ་དེ་ཁྱིམ་ལ་འཕངས་ནས་བུད་སོང་།
- ཡ་ཡ་རྒན་མོ་ངད་ཁྱོས་རྗེས་ལ།
- ཁང་ད་དོ་་ཞིག་གི་ནང་ལ་ངད་ཁྱོད་ཀྱི་རྗེས་ལ་ཤ་སྡེར་ཕྱེ་སྡེར་བྱེད་ཟེར།
- དེ་ནས་ཉིན་ཞིག་ཞོ་ཁྱེར་ནས་སོང་སྟེ་ཐོག་ནས་འཕངས།
- དེ་ནས་ཡ་ཡ་རྒན་མོ་ངས་ཁྱོད་ཀྱི་རྗེས་ལ་ཤ་སྡེར་དང་ཕྱེ་སྡེར་བྱེད་ཟེར།
- དེ་ནས་མོ་ཡོང་ནས་བསྡད་དུས།
- རྒད་པོ་རྒན་མོ་ཡི་རྗེས་དེད་ནས་ཐོན་པ་རེད།
- དེ་ནས་ཡོང་སྟེ་ཁོ་གཉིས་ཀྱིས་བྲག་ཁུང་ནང་ནས་བསྡད།
- འོ་མ་འཐུང་ནས་བསྡད།
- བསྡད་པས་ཉིན་ཞིག་རྒན་མོ་ཆུ་ལ་སོང་།
- ཆུ་ལ་སོང་ནས་ཕྱིར་ཡོང་དུས།
- རྒད་པོས་བྲག་ངོས་ཀྱི་ནུ་མ་བཀོག་ནས་མེར་བསྲེག་ནས་འཆོས་པ་རེད།
- ཡང་རྒན་མོ་ཡིས་ཧ་བོ་ན་ཧ་བོ།
- ཁྱོད་ཀྱིས་ནུ་མ་བསྲེག་ནས་འཆོས་བས་ཅི་བྱེད་ཟེར་ནས་ངུ་བཞིན་དུ་བུད་སོང་།
- དེ་ནས་སྡོམ་ནས་སོང་།
- ཐང་ཆེན་ཞིག་ན་ར་ཞིག་ཕུགས་ཡོད།
- དེའི་ནང་ལ་འགྲོ་འདོད་ནས་སོང་བས་མི་མེད་པ་རེད།
- ཉལ་ས་ཆུང་ཆུང་མང་པོ་ཡོད།
- ཟས་ཟ་མ་མང་པོ་ཡོད་པ་རེད།
- དེ་ནས་མོ་ཡིས་རྒྱགས་ཤིག་ཟོས་ནས།
- རྒྱགས་ཤིག་འཐུང་ནས་འདི་ཅི་ཡིན་ན་ཡིན།
- འདི་ནས་ཉལ་བ་ལས་ཉལ་ས་ཆེན་པོ་ཞིག་མི་དགོས།
- ཆུང་ཆུང་ཞིག་གི་ནང་ནས་ཉལ་ན་ཆོག་ཟེར་ནས།
- ཉལ་ས་ཆུང་ཆུང་ཞིག་གི་ནང་ནས་ཉལ་བ་རེད།
- དགོང་མོ་ཞིག་ལ་འུར་བརྒྱབ་ནས་ཐོན་པ་གཅན་གཟན་མང་པོ་ཞིག་རེད།
- གཅན་གཟན་མང་པོ་ཞིག་ཐོན་པས།
- ཉལ་སའི་ནང་ནས་རང་རང་ས་ནས་ཉལ།
- བར་ཞིག་ལ་མོའི་ཉལ་ས་དེ་རི་བོང་གི་ཉལ་ས་རེད།
- ཨ་ཁུ་སྟག་ངའི་ཉལ་སའི་ནང་ན་ཅི་ག་ཡོད་གི་ཟེར།
- དེ་ཇ་སྐོ་རྡོ་ལུད་ཡིན་རྒྱུ་རེད་ཕར་ལ་གཡུག་ཟེར།
- མ་རེད་མི་ཞིག་རེད།
- དེ་ནས་སྟག་གིས་མི་ཞིག་རེད་ཟེར་བ་ཅི་རེད།
- སྟག་རྒྱུགས་ནས་ཡོང་སྟེ་འཆའ་རྒྱུ་ཟེར།
- ཝ་མོ་དང་རི་བོང་གིས།
- ཨ་ཁུ་སྟག་དེ་མ་འཆའ་དང་དེ་ང་ཚོའི་ཇ་མ་བཅོས་ན་བཟང་གི་ཟེར།
- དེ་ན་བདེན་གི་ཟེར་ནས་མ་འཆོས་བ་རེད།
- མ་འཆོས་པར་མོ་ཁོ་ཚོའི་ཇ་མ་བཅོས་ནས་དེ་ཚོར་ཟ་མ་སྐོལ་ནས་བསྡད།
- མོ་ལ་ཟས་ཟ་མ་ལ་འདང་རྒྱག་མེད་པ་རེད།
- སྐྱིད་ནི་རེད།
- དེར་སྐོལ་ནས་བསྡད་ན་ཆོག་ནི་རེད།
- སྐོལ་ནས་སྐྱིད་པོ་བྱས་ནས་བསྡད་དུས།
- ཡང་རྒད་པོ་ཉིན་ཞིག་ལ་ཐོན་པ་རེད།
- ཡོང་བས་རྒད་པོ་ལ་ཟ་མ་བླུད་ནས།
- མོའི་ཉལ་སའི་འོག་ནས་དུང་ཞིག་བརྐོས་ཏེ།
- དེའི་ནང་ལ་རྒད་པོ་སྦས་ཏེ།
- གཅན་གཟན་སོགས་ཡོང་ཡོད་དུས་ཁྱོད་ཀྱིས་ཅི་ཡང་བཤད་མི་ཉན།
- གཅན་གཟན་སོགས་ལ་ལུང་བ་སོང་དུས་ངས་ཁྱོད་ཟ་མ་ལྡུད་ཟེར།
- དེ་དུས་ཁྱོད་ཀྱིས་ཅི་ཡང་བཤད་མི་ཉན་ཁ་རོག་གེར་སྡོད་ཟེར།
- ཡ་ཟེར་ནས་བསྡད།
- སྔོན་ལ་རྒད་པོ་ཡང་ཁ་རོག་གེར་བསྡད་པ་རེད།
- ཉིན་ཞིག་ལ་གཅན་གཟན་མང་པོ་ཡོང་ནས།
- ཨ་མ་ཨ་མ་ང་ཁག་ཁག་ཐུར་ཐུར་ཟེར།
- རྒད་པོས་ཡང་ས་འོག་ནས་བསྡད་དེ།
- རྒན་མོ་རྒན་མོ་ང་ཁག་ཁག་ཐུར་ཐུར་ཟེར།
- དེ་ནས་ཡང་གཅན་གཟན་གྱིས་ཨ་མ་ཨ་མ་ང་ཁག་ཁག་ཐུར་ཐུར་ཟེར།
- རྒད་པོ་ཡིས་རྒན་མོ་རྒན་མོ་ང་ཁག་ཁག་ཐུར་ཐུར་ཟེར།
- ཅི་ཞིག་རེད་ཟེར།
- རྒན་མོ་ཡིས་དེ་ཨ་མའི་པ་པོ་རེད།
- ཡང་དེ་ལྟར་ཟེར་བའི་རྒད་པོ་ཡིས་རྒན་མོ་རྒན་མོ་ང་ཁག་ཁག་ཐུར་ཐུར་ཟེར།
- ཡང་གན་ཅི་རེད་ཟེར་བས།
- དེ་ཨ་མའི་པ་པོ་རེད།
- ཁྱོད་ཨ་མ་ལ་དེ་འདྲིའི་པ་པོ་མང་པོ་ཞིག་གང་ན་ཡོད་ཟེར་ནས།
- གཅན་གཟན་རྣམས་ཀྱིས་མོ་ཡི་ཉལ་སར་བལྟས་བ་རེད།
- ཉལ་ས་སྔོག་དུས།
- འདི་ཞིག་ན་གྲགས་བཞིན་ཡོད་ཟེར་ནས་ཉལ་ས་སྔོག
- རྒད་པོ་རྙེད་པ་རེད།
- རྒད་པོ་རྙེད་པས་རྒན་མོ་དྲང་མོ་ཞིག་མ་རེད་ཟེར་ནས།
- ང་ཚོའི་ཨ་མ་དྲང་མོ་ཞིག་མ་རེད་ཟེར་ནས།
- གཅན་གཟན་གྱིས་གཉིས་ཀ་འཆོས་པ་རེད།