Video Overview
Kato Kyi from Sonak village in Tsekhok tells the story of a foolish husband and the story of a prince in dog skin choosing a wife.
བརྙན་འདིར་མག་པ་གླེན་པ་ཞིག་གི་གཏམ་རྒྱུད་དང་ཁྱི་ལྤགས་གྱོན་པའི་རྒྱལ་སྲས་ཞིག་གིས་བཙུན་མོ་འདེམས་པའི་གཏམ་རྒྱུད་གཉིས་བཤད་ཡོད།
བརྙན་འདིའི་ནང་དུ་གནའ་གཏམ་གཉིས་བཤད་ཡོད། གནའ་གཏམ་དང་པོའི་ནང་དུ་ཁྱིམ་ཚང་དབུལ་པོ་ཞིག་ཡོད་པ་དང་རེ་ཞིག་སྐྱེས་པས་ཆུང་མ་ལ། ངས་ཨ་ཁུ་རྒྱལ་བོ་ཚང་གི་ལུག་འདེད་སའི་ལམ་ཁ་རུ་ཚེར་མ་བཙུག་ནས། ཚེར་མའི་སྟེང་དུ་གསོག་པའི་བལ་གྱིས་བོང་བུ་ཞིག་ཉོ་རྒྱུ་ཡིན་ཟེར། ཆུང་མས་ཁྱོས་བོང་བུ་ཉོས་རྗེས་ང་རང་དེ་ཞོན་དེ་ཕ་ཡུལ་འགྲོ་རྒྱུ་ཟེར་བས།སྐྱེས་པས་ཁྱོས་ངའི་བོང་བུ་གསོད་རྒྱུ་རེད་ཟེར་ནས་གཅེར་རྡུང་བྱས་ནས་ཆུང་མ་གསད། འདིས་སྐྱེས་པ་དེས་གླེན་རྟགས་ཀྱི་སྤྱོད་པ་ལ་ཟུར་ཟུ་བྱས་ཡོད་ལ། ད་ལྟའང་འཚོ་བའི་ཁྲོད་ཀྱི་ལས་ལ་མི་བརྩོན་ཞིང་སྟོང་འདང་ཁོ་ནར་དགའ་བའི་མི་ལ་འདི་འདྲའི་གཏམ་རྒྱུད་ལ་བཏཻན་ནས་འཕྱ་སྨོད་དང་ཟུར་ཟ་བྱེད་པ་ཡིན། གནའ་གཏམ་གཉིས་པའི་ནང་དུ་ཁྱི་ལྤགས་གྱོན་པའི་རྒྱལ་སྲས་ཤིག་ལ་བཙུན་མོ་འདེམ་པའི་གོ་རིམ་བརྗོད་ཡོད།
本段视频讲了一位愚蠢丈夫的滑稽可笑的行为和一位披着狗皮的王子选妃的故事。
这段视频讲了两个故事。第一个故事讲了一位愚蠢的丈夫的行为。他自以为想到了个妙计,想象着荆棘上的羊毛卖了再买一头驴并把想法告诉了妻子,妻子说等你买了驴我要骑着它去看看娘家。丈夫一怒火把妻子给打死,理由是会把我的驴给累死的。就凭着空想把妻子给杀了,这是有多苯。现在在日常生活中经常用类似以这样的故事来醒悟那些麻木不仁,好吃懒做,任凭空想的人。第二个故事讲到了一位皇子选妻子的过程。
- ཕྱུག་པོ་ཞིག་གི་རྩིབ་ན་གླེན་པ་ཞིག་ཡོད།
- གླེན་པ་བཟའ་ཟླ་གཉིས་ཡོད།
- དེ་ནས་གླེན་པ་དེ་ཡིས་ཉིན་ཞིག་ལ་ང་ལ་བསམ་ཚུལ་ཞིག་ཡོད་གི་ཟེར།
- ཅི་ཞིག་ཡོད་ཟེར།
- ངས་རྒྱལ་བོ་ཚང་གི་ལུག་གི་ལམ་ན་ཚེར་མ་འཛུགས་རྒྱུ་ཟེར།
- ཚེར་མ་བཙུགས་ན་ལུག་གིས་ཕ་རོལ་ལ་འགྲོ་ཞོར་འཁྲིགས།
- ཚུལ་རོལ་ལ་ཡོང་དུས་འཁྲིགས་ན་བལ་ཐོགས་རྒྱུ་རེད།
- ངས་བལ་དེ་གསོག་ནས་བཙོང་སྟེ་བོང་བུ་ཞིག་ཉོ་དགོས་ཟེར།
- བུད་མེད་དེ་ཡིས་སྐྱིད་ལ་ཟེར།
- ཁྱོད་ཀྱིས་བོང་བུ་ཞིག་ཉོས་ན་ང་ལ་དེར་ཞོན་ནས་ཡུལ་ལ་འགྲོ་དགོས་ཟེར།
- ཁྱོས་ངའི་བོང་བུ་ཞོན་ནས་བསད་ན་ཆོག་གམ་ཞེས།
- ཟེར་ནས་བུད་མེད་ལ་གཅེར་ནས་བསད་པ་རེད།
- རྒྱལ་བོ་ཞིག་ལ་བུ་ཞིག་ཡོད།
- རྒན་མོ་ཞིག་ལ་བུ་མོ་གསུམ་ཡོད་ནི་རེད།
- རྒན་པོ་ཡི་བུ་མོ་གཅིག་དེ་ཡིས་བཙུན་མོ་བྱེད་དགོས་ཟེར།
- དེའི་བུད་མེད་བྱེད་དགོས་ཟེར།
- ཉིན་ཞིག་ལ་བུ་མོ་ཆེ་བ་དང་ཁོ་གཉིས་སྤྲོ་གསེང་ལ་འགྲོ་རུ་བཅུག
- རྒྱལ་བོ་ཡིས་ལུག་བཤས་ཏེ་ཤ་ཁྱེར་ནས་སྤྲོ་གསེང་ལ་སོང་།
- སྤྲོ་གསེང་ལ་སོང་ནས་ཆུ་ཡི་ཕ་རོལ་ལ་སོང་།
- ཆུ་ཁ་ནས་བུ་དེས་ཁྱོས་ང་འཁུར་རྒྱུ་ན་ངས་ཁྱོད་འཁུར་རྒྱུ་ཟེར།
- འུ་གཉིས་ཀཆུ་ལ་བརྒལ་ན་མི་བཟང་གི་ཟེར།
- ཁྱི་ཞིག་གིས་མི་འཁུར་བ་ལས་མི་ཞིག་གིས་ཁྱི་གང་ལ་འཁུར་རྒྱུ་ཟེར།
- དེ་ནས་ཡང་བུ་མོ་འཁུར་ནས་ཕ་རོལ་ལ་སོང་།
- ཕ་རོལ་ལ་སོང་ནས་ཁོ་གཉིས་འདུག་ས་གཙང་སྦྲ་བྱས་ནས།
- མོ་འདུག་ས་གཙང་སྦྲ་བྱས་ནས་ཁོའི་འདུག་ས་གཙང་སྦྲ་མ་བྱས་པ་རེད།
- འདི་ཅི་ཡིན་ནམ།
- ཁྱོས་ངའི་འདུག་ས་གཙང་སྦྲ་མ་བྱས་བར་ཁྱོས་འདུག་ས་གཙང་སྦྲ་བྱས་ཡོད།
- ཁྱི་ཡི་འདུག་ས་གཙང་སྦྲ་བྱེད་དགོས་པ་མ་རེད།
- མི་ཡི་འདུག་ས་ལས་ཁྱི་ཡི་འདུག་ས་གཙང་སྦྲ་བྱེད་དགོས་པ་མ་རེད་ཟེར།
- དེ་ནས་ཤ་བཙོས་ནས་ཁོ་གཉིས་ཀྱིས་ཤ་ཟོས།
- ཚོན་པོ་མོས་ཟོས་ནས་རྒྱུ་སྣེ་ཁོ་ལ་བྱིན།
- འདི་ཅི་ཡིན་ནམ།
- ཚོན་པོ་ཁྱོས་ཟོས་ནས་རྒྱུ་སྣེ་ངས་ཟ་བ་འདི།
- ཁྱི་ཞིག་ལ་ཚོན་པོ་དགོས་པ་མ་རེད།
- ཁྱི་ཡིས་གད་སྙིགས་ཟ་དགོས་པ་རེད་ཟེར།
- དེ་ནས་སྤྲོ་གསེང་བྱས་ནས་ཕྱིར་ཡོང་བ་རེད།
- ཕྱིར་ཡོང་ནས་རྒྱལ་བོ་ཡིས་དེ་རིང་ཅི་ཟེར་ཞེས་དྲིས།
- ཁྱོད་གཉིས་ཀྱིས་ཆུ་ཁ་ནས་སུས་འཁུར་བ་ཡིན།
- ཅི་ཟེར་བ་ཡིན།
- ཤ་ཁྱོད་གཉིས་ཀྱིས་ཅི་ལྟར་ཟོས་བ་ཡིན་ཟེར།
- ཆུ་ཁ་ནས་ངས་མོ་འཁུར་བ་ཡིན།
- མོ་ཡིས་ཁྱོད་ལ་ཅི་ཟེར་ཞེས་དྲིས།
- ཁྱོས་མོ་ལ་ངས་ཁྱོད་འཁུར་ཞེས་བཤད་པ་ཡིན་ནམ།
- མོ་ཡིས་ང་འཁུར་ཟེར་ཞེས་དྲིས་པར།
- ངས་མོ་ལ་ཁྱོས་ང་འཁུར་རམ་ངས་ཁྱོད་འཁུར་རྒྱུ་ཞེས་དྲིས་པར།
- མི་ཞིག་གིས་ཁྱི་ཞིག་གང་ལ་འཁུར་བ་དང་།
- ཁྱི་ཡིས་མི་འཁུར་བ་ལས་ཟེར་བས་ངས་འཁུར་ནས་སོང་བ་ཡིན།
- དེ་ན་ཤ་ཅི་ལྟར་ཟོས་པ་ཡིན་ཟེར།
- ཤ་ཚོན་པོའི་ཕྱོགས་མོས་ཟ་བ་དང་།
- རྒྱུ་སྣེ་ཡི་ཕྱོགས་ང་ལ་སྟེར་བ་རེད།
- ཅི་ཡིན་ནམ་ཟེར་ན།
- མི་ཡིས་ཚོན་པོའི་ཕྱོགས་ཟ་དགོས་པ་རེད།
- ཁྱི་ལ་གད་སྙིགས་འཕེན་དགོས་པ་རེད།
- ཁྱི་ཡིས་གད་སྙིགས་ཟ་དགོས་པ་རེད།
- ཟས་ཀྱི་འགོ་མ་མི་ཡིས་ཟ་དགོས་པ་རེད་ཟེར།
- དེ་ནས་ཡང་དེ་ངེད་ཚང་གི་བཙུན་མོར་མི་འགྲིག་གི་ཟེར།
- དེའི་ཕྱི་ཉིན་བུ་མོ་འབྲིང་བ་དང་ཁྱོད་གཉིས་སོང་ཟེར།
- ཡ་ཟེར་ནས་ཡང་བུ་མོ་འབྲིང་བ་དང་ཁོ་གཉིས་སོང་།
- ཁོ་གཉིས་སོང་སྟེ་ཡང་ལུག་བཤས་ནས་འགྲོ་རུ་བཅུག
- ཡང་ཆུ་ཁ་དེར་ཐོན་དུས་ཁྱོས་ང་འཁུར་རྒྱུ་ཡིན་ནམ་ངས་ཁྱོད་འཁུར་རྒྱུ་ཞེས་དྲིས།
- ཁྱི་ཡིས་མི་འཁུར་བ་ལས་མི་ཡིས་ཁྱི་གང་ལ་འཁུར་རྒྱུ་ཟེར།
- དེ་ནས་ཡང་བུ་དེས་བུ་མོ་འཁུར་ནས་སོང་།
- ཡང་སོང་ནས་མོའི་འདུག་སའི་འོག་གཙང་སྦྲ་བྱས་ནས།
- ཁོ་ཡི་འོག་གཙང་སྦྲ་མ་བྱས།
- འདི་ཅི་ཡིན་ནམ།
- ཁྱི་ཡི་འོག་གཙང་སྦྲ་མ་བྱས་ན་ཆོག་པ་རེད།
- ངའི་འོག་གཙང་སྦྲ་བྱེད་དགོས་པ་རེད་ཟེར།
- ཡང་ཤ་ཟོས་པ་རེད།
- ཚོན་པོའི་ཕྱོགས་མོས་ཟོས་ནས་རྒྱུ་སྣེ་ཡི་ཕྱོགས་ཁོ་ལ་བྱིན།
- འདི་ཅི་ཡིན་ནམ།
- ཁྱི་ཡིས་གད་སྙིགས་ཟ་དགོས་པ་རེད་ཟེར།
- ཟས་ཀྱི་མགོ་མ་མི་ཡིས་ཟ་དགོས་པ་རེད་ཟེར།
- གད་སྙིགས་ཁྱི་ལ་འཕེན་དགོས་པ་རེད།
- དེ་ནས་ཡོང་སྟེ་བུ་མོ་འདིས་ཅི་ཞིག་བྱེད་ཟེར།
- ཆུ་ཁ་ནས་ཁྱི་ཞིག་གིས་མི་འཁུར་བ་ལས།
- ངས་འུ་གཉིས་ཀྱིས་ཁྱོས་འཁུར་རྒྱུ་ཡིན་ནམ་ངས་འཁུར་རྒྱུ་ཞེས་དྲིས་པར།
- ཁྱི་ཡིས་མི་འཁུར་བ་ལས་མི་ཡིས་ཁྱི་གང་ཞིག་ལ་འཁུར་རྒྱུ་ཟེར།
- ངས་འཁུར་ནས་སོང་བ་དེ་རིང་ཡང་དེ་རེད་ཟེར།
- ངའི་འདུག་ས་གཙང་སྦྲ་མི་བྱེད་པར་མོའི་འདུག་ས་གཙང་སྦྲ་བྱས་པ་ཡིན་ཟེར།
- དེ་ཅི་རེད་ཟེར་བ་ཡིན།
- མི་ཡི་འདུག་ས་ལས་ཁྱི་ཡི་འདུག་ས་གཙང་སྦྲ་བྱེད་དགོས་པ་མ་རེད།
- ཡང་ཚོན་པོའི་ཕྱོགས་མོས་ཟ་བ་དང་།
- གད་སྙིགས་ང་ལ་སྟེར་ཟེར།
- དེ་ཅི་རེད་ཟེར་ནས།
- ཟས་ཀྱི་མགོ་མ་མི་ཡིས་ཟ་དགོས་པ་རེད་ཟེར།
- གད་སྙིགས་ཁྱི་ལ་འཕེན་དགོས་ནི་རེད་ཟེར།
- དེ་ཡང་བཙུན་མོར་མི་བཟང་གི་ཟེར།
- ཡང་ཕྱི་ཉིན་བུ་མོ་ཆུང་བ་ཁྲིད་པ་རེད།
- ཆུང་བ་དང་ཁྱོད་གཉིས་སོང་ལ་ལྟོས་ཟེར།
- ཡང་ལུག་ཅིག་བཤས་ནས་འགྲོ་རུ་བཅུག
- ཡང་ཆུ་ཁར་སོང་ནས།
- ཆུ་ཁ་ནས་ཁྱོས་ང་འཁུར་རྒྱུ་ཡིན་ནམ་ངས་ཁྱོད་འཁུར་རྒྱུ་ཟེར།
- དེ་ནས་བུ་མོ་ཆུང་བས་ངས་ཁྱོད་མི་འཁུར་བར་ཁྱོས་ང་གང་ལ་འཁུར་རྒྱུ་ཟེར་ནས།
- མོས་ཁོ་འཁུར་ནས་སོང་བ་ཡིན།
- ཡང་ཕ་རོལ་ལ་སོང་།
- རུས་པའི་ཚབ་དུ་རུས།
- ཤ་བཙོས་ན་ཡང་སྔོན་ལ་ཚོན་པོའི་ཕྱོགས་ཁོ་ལ་བྱིན་པ་དང་།
- དེ་ནས་སྤྲོ་གསེང་བྱས་ནས་ཕྱིར་ཡོང་།
- ཕྱིར་ཡོང་ནས་རྒྱལ་བོ་ཡིས་དེ་རིང་བུ་མོ་འདིས་ཅི་ཟེར་ཞེས་དྲིས།
- ཆུ་ཁ་ནས་ཁྱོད་གཉིས་ཀྱིས་སུས་འཁུར་བ་ཡིན།
- དེ་རིང་བུ་མོ་འདིས་ཆུ་ཁ་ནས།
- ཁྱོས་ང་འཁུར་རྒྱུ་ཡིན་ནམ་ངས་ཁྱོད་འཁུར་རྒྱུ་ཞེས་དྲིས་དུས།
- ངས་ཁྱོད་མི་འཁུར་བར་ཟེར་ནས་ང་འཁུར་ནས་སོང་བ་ཡིན།
- ཕ་རོལ་ལ་སོང་ནས་ངེད་གཉིས་ལ་རུས་པའི་ཚབ་དུ་རུས་ཡིན།
- ཤ་བཙོས་ན་ཡང་སྔོན་ན་ང་ལ་སྟེར་བ་དང་།
- ཚོན་པོའི་ཕྱོགས་ཀྱང་ཁྱོས་ཟ་དགོས་ཟེར་ནས་ང་ལ་སྟེར་གི་ཟེར།
- འདི་བཙུན་མོར་འགྲིག་གི་ཟེར།
- འདི་ངེད་ཚང་གི་མནའ་མ་རེད་ཟེར།
- བུ་མོ་དེ་ཁོ་ཚང་གི་བུ་དེའི་མནའ་མ་ལ་བླངས་བ་ཡིན།
- བུ་མོ་ངོ་མའི་སྐྱིད་པ་རེད།
- ཁོ་བུ་བསོད་ནམས་ཅན་ཞིག་རེད།
- ཁོ་དེ་འདྲ་ཞིག་རེད།
- མོ་ངོ་མས་སྐྱིད་པ་རེད།
- སྤུན་ཆེ་བ་གཉིས་ལ་བཤད་རྒྱུ་ཞིག་ཡོད་པ་ངས་བརྗེད་སོང་བ་རེད།
- ཁོ་ཚོ་བདེ་མོ་སྐྱིད་པོ་བྱས་ནས་བསྡད་པ་རེད།
- ཆེ་བ་གཉིས་ཀྱིས་ཅི་ཡང་མ་ཐུབ་ཞིག་བཤད་རྒྱུ་ཡོད་པ་བརྗེད་སོང་།