Video Overview
འདི་ནི་བུ་གླེན་པོས་གཅེན་མོའི་ཕྲུ་གུའང་བསད་པས་ན་གཅེན་མོ་ཐབས་ཀྱིས་བུ་གླེན་པ་བསྲེགས་པའི་གཏམ་རྒྱུད་ཅིག་ཡིན།
- ལྷ་དཔལ་སྐྱབས།མིང་སྲིང་གཉིས་ཡོད་པ་རེད།
- སྲིང་མོ་ལ་བྱིས་པ་ཞིག་ཡོད།
- སྲིང་མོ་གཞན་ཞིག་ལ་སོང་ཤུལ་ནས།
- བླུན་པོ་ཡིས་མ་ཤེས་པར་བསད་པ་རེད།
- དེ་ནས་མ་རྒན་གྱིས་མོའི་བུ་ཆེ་བ་དེ་ཡིས་བསད་པ་རེད།
- བླུན་པོ་ཡིས་མ་ཤེས་པར་བསད་པ་ཡིན་མོད།
- ངས་གན་ལ་ངན་ཞིག་བྱེད་འདོད་ནས།
- སྲིང་མོ་དེ་ཡང་བློ་ཐུབ་ཅན་ཞིག་རེད།
- སོང་ནས་ཕ་བོང་ཞིག་གི་འདབས་ནས་མེ་བུས་ནས།
- ཕ་བོང་བསྲེགས་མཐར་ཁྱོད་སོང་ནས་གན་བཟུང་དང་།
- བཟུང་ཚར་ན་ཨ་ཅེ་ཞེས་མོར་བོས་དང་།
- ཨ་ཅེ་ཞེས་བོས་ན་མོ་ཐོན་པ་རེད།
- མོ་ཐོན་རག་བར་དུ་མ་གཏོང་།
- ཁྱོད་ཅི་འདྲ་ཞིག་ཚ་ན་ཡང་ཁྱོད་ཀྱིས་སྲན་ནས་སྡོད།
- ཡ་ཡ་ཞེས་བཤད་དེ་སོང་།
- ཡང་ཕ་བོང་བཟུང་ནས།
- པུས་མོ་ཚ་ན་ཡང་།
- ཙ་ར་ཙུ་རུ་བརྒྱ་གྲགས་རུང་།
- ཨ་ཅེ་ཐོན་རག་བར་དུ་མ་གཏོང་ཟེར།
- དེ་ནས་མོས་ཐོན་བཞིན་ཡོད་དང་ཐོན་བཞིན་ཡོད་ཅེས་བཤད་མོད་མྱུར་དུ་མ་སོང་བས།
- དེ་ནས་ཚིག་སོང་།