Skip to main content Skip to search
13 Feb 2017
3 min 37 sec
Video Overview
Creators: 
Dawa Tshering, Lhakpa Dema

Chonga Lhamo sings the boedra song “The Flowers on the Hill” (Pu Yela Kyepe Metok). This video was recorded during the annual archery contest held by the villagers of Chungkha in Chukha District. The lyrics talk about the idea of fate in love, saying for instance that a beautiful girl is destined to a fortunate man, rather than to a lustful man.   

 

བཅོ་ལྔ་ལྷ་མོ་གིས་ བོད་སྒྲའི་གླུ་གཞས་ ཕུག་ཡེ་ལ་སྐྱེས་པའི་མེ་ཏོག་ཟེར་མི་འདི་འཐེནམ་ཨིནམ་ད་ གློག་བརྙན་འདི་ཆུ་ཁ་རྫོང་ཁག་ སྐྱུང་ཁ་གཡུས་ཚན་ན་ ལོ་བསྟར་གྱི་ལོ་མདའི་སྐབས་འཐེན་འཐེནམ་ཨིན། གླུ་གཞས་འདི་ནང་ ལས་གནས་བསྐོས་འདི་ ཕོ་རྒྱ་གསར་རིངམོ་འདི་ མི་འདོད་ཆགས་ཅན་དང་གཅིག་ཁར་མེན་པར་ ཕོ་རྒྱ་དམ་ཚིག་ཅན་དང་ བསོད་ནམས་ཅན་དང་ གཅིག་ཁར་ཕྱད་མིའདི་ཨིནམ་སྦེ་མས། 

 

Transcript search
No results found for this search
0 of 0
  • བཅོ་ལྔ་ལྷ་མོ Chonga Lhamo
    ཕུགས་ལ་ཡེ་ལུ་སྐྱེས་པའི་མེ་ཏོག་འདི། །རང་ལ་རེ་བ་ཅན་གྱིས་མི་འཐོབ་པས། །ཁྱོད་ལ་སྐྱེས་བ་ཅན་གྱི་བཅག་སྟེ་གིས། །མེ་ཏོག་མཆོད་བཤམ་ཁྲ་མོ་ཕུལ་སྨ་རེ། །མེ་ཏོག་མཆོད་བཤམ་ཁྲ་མོ་ཕུལ་སྨ་རེ། །
  • བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ
    གངས་ལ་ཡེ་ལས་འབབ་པའི་ཆུ་མོ་འདི། །ང་ལ་རེ་བ་ཅན་གྱིས་མི་འཐོབ་པས། །ཁྱོད་ལ་སྐྱེས་བ་ཅན་གྱིས་དབོགས་ཏེ་གིས། །ཆུ་ཕུད་ཡོན་ཆབ་ལྷ་ལུ་ཕུལ་སྨ་རེ། །ཆུ་ཕུད་ཡོན་ཆབ་ལྷ་ལུ་ཕུལ་སྨ་རེ། །
  • བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ
    གཡུས་ལ་འདི་ལུ་སྐྱེས་པའི་སྨན་ཆུང་འདི། །རང་ལ་རེ་བ་ཅན་གྱིས་མི་འཐོབ་པས། །ཁྱོད་ལ་གནམ་བསྐོས་ཅན་གྱིས་འཁྱིད་དེ་གིས། །སྨན་ཆུང་ཚེ་གཅིག་གཉེན་གྲོགས་འབད་སྨ་རེ། ། སྨན་ཆུང་ཚེ་གཅིག་གཉེན་གྲོགས་འབད་སྨ་རེ། །