Skip to main content Skip to search
26 Apr 2019
4 min 53 sec
Video Overview
Creators: 
Dradul Dorjay

This folk song is widely known throughout Tibet, and the Lhasa folk song is a classic.

དམངས་གཞས་འདི་ནི་བོད་ཁམས་ཡོངས་སུ་དར་ཁྱབ་ཆེ་བའི་ལྷ་སའི་དམངས་གཞས་ཁྲོད་ཀྱི་ནང་མ་སྟོད་གཞས་ཀྱི་ཁོངས་སུ་གཏོགས།

这首民歌在藏区广为人知。 在拉萨民歌中属于古典音乐。

ནང་མ་དང་སྟོད་གཞས་ནི་བོད་མི་རིགས་ཀྱི་གླུ་གར་ལྡུམ་རའི་ཁྲོད་བཀྲག་མདངས་བཀྲ་བའི་མེ་ཏོག་ཅིག་དང་འདྲ་ལ། མི་རིགས་ཀྱི་རིག་གནས་བང་མཛོད་ཁྲོད་ཀྱི་ཆེས་རིན་ཐང་ཆེ་བའི་ནོར་བུ་ཞིག་ཀྱང་ཡིན། འདིར་སྔར་གྱི་གཞས་དབྱངས་ཀྱི་དབྱངས་རྟ་སོར་བཞག་ཐོག་གཞས་ཚིག་ལ་འགྱུར་བ་འོས་འཚམ་བཏང་ཡོད་ནའང་དམངས་གཞས་ཀྱི་བྲོ་བ་དེ་སྔར་བཞིན་མ་ཉམས་པར་ཉམས་སུ་མྱོང་ཐུབ། གཞས་ཚིག་གི་ཚན་པ་རེ་རེ་ནི། ལྷ་སའི་ནོར་བུ་གླིང་ལ། ནོར་བུ་མི་འདུག་མ་བསམ། ཇོ་བོ་ཡིད་བཞིན་ནོར་བུ། ནོར་བུ་མིན་ན་གང་ཡིན། སྟག་ཤར་གཞོན་པའི་ལུས་ལ། ནོར་བུ་མི་འདུག་མ་བསམ། གཞོན་པའི་ཕོ་རྩལ་སྣ་དགུ། ནོར་བུ་མིན་ན་གང་ཡིན། སྨན་ཆུང་བུ་མོའི་ལུས་ལ། ནོར་བུ་མི་འདུག་མ་བསམ། གཡུ་དང་བྱུ་རུ་མུ་ཏིག ནོར་བུ་མིན་ན་གང་ཡིན། སློབ་གྲྭའི་སྐྱེད་ཚལ་ནང་ལ། བློ་གསལ་འོད་ལས་བཀྲ་བ། 

“囊玛”与“堆协”是藏族文艺花园中的两朵亮丽的花朵,也是传统文化中的重要珍宝。今天,即使改变歌词,只要保留一些民歌之前的音调,依然不碍于品味民歌的古韵。歌词:拉萨罗布林卡,莫说没有珍宝,如意觉悟佛像,难道不是珍宝?青年男子之身,莫说没有珍宝,男子九能绝技,难道不是珍宝?青年女子之身,莫说没有珍宝,珊瑚珍珠绿石,难道不是珍宝?学校园林之内。智慧妙光闪烁。