Skip to main content Skip to search
26 Apr 2019
4 min 43 sec
Video Overview
Creators: 
Dradul Dorjay, Tsegona

This kind of Tibetan folk song is widely known across Amdo region.  

ཨ་མདོའི་དམངས་གཞས་ནི་བོད་ཀྱི་དམངས་གཞས་ལས་ཨ་མདོ་ས་ཆར་དར་ཆེ་བའི་གཞས་ཀྱི་བྱེ་བྲག་ཅིག

这种藏族民歌在安多地区广为人知。

དམངས་གླུ་ཞེས་པ་ནི་བོད་རིགས་ངལ་རྩོལ་མི་དམངས་ཀྱིས་ཐུན་མོང་བའི་ངག་ཐོག་ནས་གསར་རྩོམ་དང་བརྒྱུད་སྤེལ་བྱས་པའི་ཚིགས་བཅད་བརྩམས་ཆོས་ཐུང་ངུ་ཞིག་ལ་བྱ་ཞིང༌། དེ་ཡང་ཁོ་ཚོའི་ནང་སེམས་ཀྱི་འགྱུར་བ་དེ་ཕྱིའི་ངག་གི་དབྱངས་རྟ་ངེས་ཅན་ལ་བརྟེན་ནས་འཁྲོལ་བའམ་མཚོན་པ་ཞིག་སྟེ་བོད་རིགས་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་སྒྱུ་རྩལ་གྱི་རྣམ་པ་ཞིག་རེད། དམངས་གླུ་ཡང་མིའི་རིགས་ཐོག་མར་བྱུང་བ་ནས་ཡོད་པ་ཞིག་མ་ཡིན་པར་མི་རྣམས་ཀྱི་ཐུན་མོང་གི་ངལ་རྩོལ་ཁྲོད་རིམ་བཞིན་བྱུང་བ་ཞིག་ཡིན་ལ། དམངས་གླུས་བོད་མི་རིགས་ཀྱི་སྤྱི་ཚོགས་གནས་བབ་དང༌། བསམ་པའི་འདུ་ཤེས། མི་ཚེའི་ལྟ་ཚུལ། ཡུལ་སྲོལ་གོམས་གཤིས། མཛེས་དཔྱོད་ཀྱི་རིན་ཐང་སོགས་མཚོན་གྱི་ཡོད་པས་ད་ལྟའི་དུས་རབས་དང་བསྟུན་ནས་བརྗོད་ན་དམངས་གླུ་ནི་བོད་སྤྱི་ཚོགས་ཀྱི་འཚོ་བ་དངོས་མཚོན་པའི་རྩོམ་རིག་སྒྱུ་རྩལ་ཡིན་པ་དང་ཞིབ་འཇུག་གི་རིན་ཐང་ཡང་ངེས་ཅན་ལྡན། 

民歌是藏族劳动人民在漫长的历史过程中创造并不断传承与再造的一种口头文学,因为基于一定的曲调而创造,所以在民间十分普及。这些民歌反映了不同历史时期的藏族社会的历史事实与思想动态、民俗风情、审美观念等。从目前的时代来说,对研究真实的藏族社会生活具有重要的研究意义。