Skip to main content Skip to search
05 Sep 2018
2 min 5 sec
Video Overview
Creators: 
Sonam Tobgye

This song belongs to the Alo genre in Bhutanese music, though it is rather unique. The tune is similar to a normal Alo song but the lyrics are entirely different. Usually an Alo song expresses sadness but this song narrates the wishes and desires of the composer to remain fresh and fragrant forever. All the water that flows down in the universe has a fragrance and the composer does not want to wither away.

 

༉  སྤྱིར་བཏང་གིས་ ཨ་ལོ་ཟེར་ སྐྱོ་གླུ་ཅིག་ལུ་སླབ་དོ་ཡོདཔ་ཨིན། ཨ་ལོ་ཟེར་མི་འདི་ ང་བཅས་ར་ནུབ་ཕྱོགས་ཁ་ཐུག་ལས་དར་སྲོལ་ཡོད་པའི་ཝང་གཞས་ལོ་ འོ་ཆུ་པའི་གཞས་ལོ་ཟེར་ ཡོད་དོ་བཟུམ་སྦེ་ ཨ་ལོ་དེ་ཤར་ཕྱོགས་ཁ་ཐུག་ལས་བྱུང་བྱུངམ་ཨིནམ་སྦེ་བཤད་དོ་ཡོདཔ་ད་ ཨ་ལོའི་གདངས་དེ་ཡང་ ལུང་ཕྱོགས་ཀྱི་མི་རིགས་དང་ མི་གི་དབུགས་རིང་ཐུང་གི་ཁྱད་པར་མ་གཏོགས་ ཨ་ལོའི་གདངས་དབྱངས་ཀྱི་ཐད་ཁར་ ཅོག་ར་འཐདཔ་སྦེ་ཡོད་པ་གིས་མ་ཚད་ ཚིག་གི་ཐད་ཁར་འབད་རུང་ སྐྱོ་གླུ་གི་རིགས་ཅིག་འབད་ནི་དེ་གིས་ སྐྱོ་བའི་ཚིག་ཙང་ཙ་ར་འོངམ་ཨིན། དེ་བཟུམ་སྦེ་ར་ ད་ལྟོ་ལྷུན་རྩེ་རྟ་སྦིས་ལས་ བསོད་ནམས་དཔལ་སྒྲོན་དང་ལྷ་མཆོག་བཟང་མོ་གཉིས་ཀྱིས་འཐེན་ཏེ་ཡོད་མི་ཨ་ལོའི་གླུ་གཞས་ཀྱི་ཚིག་འབད་བ་ཅིན་ ཆུ་མོ་འབབ་རེ་འབབ་ཚེ། །དུས་བཟང་མ་གཏོགས་མི་འབབ། །དུབ་བཟང་འབབ་པའི་ཆུ་མོ། །སྐམ་རྒྱུ་མེད་ན་དགའ་སོང་ཟེར་ ཆུ་མོ་དེ་དུས་བཟང་ལུ་རྐྱངམ་ཅིག་མ་གཏོགས་འབབ་ནི་མེདཔ་ད་ འ་ནཱི་བཟུམ་གྱི་རྩ་ཆེ་བའི་ཆུ་མོ་འདི་ སྐམ་འགྱོ་ནི་མེད་རུང་དགའ་ནི་མས་ཟེར་ རྩོམ་པ་པོ་གིས་ ནང་དོན་ག་ཅི་ལུ་བཞག་སྟེ་བརྩམས་བརྩམས་ཨིན་རུང་ དཔེ་དུས་བཟང་ལུ་འབབ་པའི་ཆུ་མོ་ལུ་བཞག་སྟེ་འདུག

Transcript search
No results found for this search
0 of 0
  • བསོད་ནམས་དཔལ་སྒྲོན་དང་ལྷ་མཆོག་བཟང་མོ་ Sonam Peldron & Lhachog Zangmo
    ཆུ་མོ་འབབ་རེ་འབབ་ས། །དུས་བཟང་མ་གཏོགས་མི་འབབ། །
    All water that flows down does have a fragrance.
  • བསོད་ནམས་དཔལ་སྒྲོན་དང་ལྷ་མཆོག་བཟང་མོ་ Sonam Peldron & Lhachog Zangmo
    དུས་བཟང་འབབ་པའི་ཆུ་མོ། །སྐམ་རྒྱུ་མེད་ན་དགའ་སོང་། །
    Will be overjoyed if the water that flows with a fragrance doesn’t wither
  • བསོད་ནམས་དཔལ་སྒྲོན་དང་ལྷ་མཆོག་བཟང་མོ་ Sonam Peldron & Lhachog Zangmo
    ཡ་ལགས་སོ་ཕཊ།། །།