Video Overview
“The Flowing River” (Chumo Lashar Mardro) is a boedra song and dance that is performed in all kinds of events around the country. In this video, a group of women sings this song at the competition grounds of Chungkha village’s annual archery contest. The archers join the dancers to entertain themselves as they wait for their turn to play. The lyrics to the song speak about Guru Rinpoche and his entourage. It portrays Guru Rinpoche as a central figure, with his Tibetan consort Yeshe Tsogyel to the left, and his Indian consort Mandarawa to the right. In some rare paintings, Guru Rinpoche is depicted with five consorts—besides Yéshé Tsogyel and Mandarawa, consorts from Bhutan, China, and Nepal are also included.
༉ བོད་སྒྲའི་གླུ་གཞས་ ཆུ་མོ་ཤར་ཤར་མར་འགྲོ། །གཡས་རི་གཙང་ཆུ་འདྲ་དོ། །ཟེར་ ཆུ་ཁ་ཅུང་ཁ་ལུ་ བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ་གིས་འབད་གླུ་གར་འཁྲབ་ཨིན་པས། དེ་སྦེ་ ཁོང་ཨམ་སྲུ་བདུན་དང་ཕོ་རྒས་གཅིག་འབད་མི་སྡེ་ཚན་གཅིག་ ཨ་རིང་ཅིག་ནང་གླུ་གར་འཁྲབ་མི་དེ་ ཁོང་རའི་གཡུས་ཁ་ལུ་ ལོ་བསྟར་བཞིན་དུ་ཉིན་ལོག་གི་སྐབས་ལུ་ ཉིམ་ལྔ་ལྔའི་རིང་མདའ་རྐྱབ་སྲོལ་ཡོད་མི་དང་འབྲེལ་ཏེ་ མདའ་རྐྱབ་པའི་སྐབས་ལུ་ ཉི་མ་ལྟོ་གི་དུས་ཚོད་ལུ་ངལ་འཚོ་སྟེ་སྡོད་པའི་སྐབས་ སྤྲོ་བ་གི་ཐོག་ལས་འབད་ གླུ་གར་འཁྲབ་མི་འདི་ སྒྲ་བཟུང་ཕབ་ལེན་འབད་འབདཝ་ཨིན་པས།
- Bhutan
- China
- Nepal
- བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུChonga Lhamo and Friends: ཆུ་མོ་ལ་ཤར་ཤར་ལ་མར་འགྲོ། ། ཆུ་ཆེན་ལ་གཡས་རི་འདྲ་དོ། །ཤིང་ཆེན་བཟང་པོ་རྟགས་ལེགས་པའི་སྡོང་པོ་ཡ། ། ཁུ་བྱུག་སྔོན་མོ་གསུང་སྔོན་གྱི་རྒྱང་སྒྲ། །
- བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུChonga Lhamo and Friends: གཡས་སུ་གཡས་ལ་ལ་བཞུགས་པའི། །གཡས་སུ་གཡས་ལ་ལ་བཞུགས་པའི། ། བླ་མ་(མཁའ་འགྲོ)ལ་མཎྡ་ར་བ། །ཤིང་ཆེན་བཟང་པོ་རྟགས་ལེགས་པའི་སྡོང་པོ། ། ཁུ་བྱུག་སྔོན་མོ་གསུང་སྔོན་གྱི་རྒྱང་སྒྲ། །
- བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུChonga Lhamo and Friends: གཡོན་སུ་གཡོན་ལ་ལ་བཞུགས་པའི། །གཡོན་སུ་གཡོན་ལ་ལ་བཞུགས་པའི། ། མཁའ་གྲོ་ལ་ཡེ་ཤེས་མཚོ་རྒྱལ། །ཤིང་ཆེན་བཟང་པོ་རྟགས་ལེགས་པའི་སྡོང་པོ། ། ཁུ་བྱུག་སྔོན་མོ་གསུང་སྔོན་གྱི་རྒྱང་སྒྲ། །
- བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུChonga Lhamo and Friends: སྦུག་སུ་སྦུག་ལ་ལ་བཞུགས་པའི། །སྦུག་སུ་སྦུག་ལ་ལ་བཞུགས་པའི། ། བླ་མ་ལ་ཨུ་རྒྱན་གུ་རུ། །ཤིང་ཆེན་བཟང་པོ་རྟགས་ལེགས་པའི་སྡོང་པོ། ། ཁུ་བྱུག་སྔོན་མོ་གསུང་སྔོན་གྱི་རྒྱང་སྒྲ། །
- བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུChonga Lhamo and Friends: དྲིལ་བུ་ལ་སིལ་སིལ་སྨོ་ཟ(འདྲ་དོ)།། དྲིལ་བུ་ལ་སིལ་སིལ་སྨོ་ཟ(འདྲ་དོ)། ། མཚན་ལྡན་ལ་བླ་མའི་ཕྱག་དྲིལ། །ཤིང་ཆེན་བཟང་པོ་རྟགས་ལེགས་པའི་སྡོང་པོ། ། ཁུ་བྱུག་སྔོན་མོ་གསུང་སྔོན་གྱི་རྒྱང་སྒྲ། །