Skip to main content Skip to search
26 Apr 2019
4 min 25 sec
Video Overview
Creators: 
Dradul Dorjay

This song describes the perilous situation of wild animals, and emphasizes the importance of protecting wildlife.

གླུ་གཞས་འདི་ལས་དེང་གི་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ཉམས་ཉེན་བརྗོད་དེ་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་དགོས་གལ་རང་བཞིན་གླེང་ཡོད།

 这首歌叙述当今野生动物生存状况和危机, 提倡保护野生动物的必要性。

ཙོང་ཁའི་མེ་ཏོག་ཅེས་པའི་གླུ་གཞས་འདི་ལས་དེང་གི་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ཉམས་ཉེན་བརྗོད་དེ་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་དགོས་གལ་རང་བཞིན་གླེང་ཡོད། དེ་ཡང་ཡིན་ཏེ། འཇིག་རྟེན་མིའི་རིགས་ཀྱིས་ཚད་བརྒལ་རང་བཞིན་གྱི་སྒོ་ནས་ས་ཁོངས་བེད་སྤྱོད་དང་ཐོན་ཁུངས་བསྔོག་འདོན་བྱས་པའི་མཇུག་འབྲས་ཀྱིས་ནམ་ཟླའི་དྲོད་ཚད་ནི་ལོ་རེ་བཞིན་ཇེ་མཐོར་ཕྱིན་པ་དང་། ཚྭ་མེད་ཆུ་ཡི་ཐོན་ཁུངས་ཀྱང་ལོ་རེ་བཞིན་ཉུང་ངུར་འགྱུར་བཞིན་ཡོད། དེར་མ་ཟད་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ཁོར་ཡུག་ཀྱང་ལོ་རེ་བཞིན་ཇེ་ཆུང་དང་། རྩ་རྒྱུད་སྟོང་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀའང་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་པའི་སྒང་རེད། དེ་བས་ང་ཚོ་མི་སུས་ཀྱང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་དགོས་པའི་འདུ་ཤེས་འཛིན་དགོས་ལ། རི་སྐྱེས་སྲོག་ཆགས་ནི་འགྲོ་བ་མིའི་རིགས་ཀྱི་གྲོགས་པོ་ལྟ་བུར་ངོས་འཛིན་བྱ་རྒྱུ་ནི་གལ་ཆེའོ། །

这首歌描述了野生动物的濒危状况,并强调保护它们的重要性。并且人类对自然资源的过度开发导致了全球变暖的后果以及无盐水源每年都在减少。此外,野生动物的自然生存空间缩小以及野生动物种类的数量每年都在消散等。因此,提高保护野生动物的意识,把野生动物视为人类的朋友,是至关重要的。