Video Overview
Tshering Khandu from Joenkhar village sings “Meto Trungchang” in Dakpakha, a local dialect. The song describes the beautiful flowers of India, Bhutan and Tibet. The flowers of India grow in lakes, blossoming on lake surfaces. Flowers in Bhutan grow in forests, blossoming among trees. In Tibet, flowers grow in butter lamp vessels, blossoming from the mouth of the vessel, and emitting light.
༉ བཀྲིས་སྒང་རྫོང་ཁག་སག་སྟེང་རྒེད་འོག་ གཡུས་ཇོན་ཁར་ལས་ཨིན་མི་ ཚི་རིང་མཁའ་འགྲོ་གིས་ མར་མར་རྒྱ་ཡི་མེ་ཏོག་ཟེར་མི་གླུ་གཞས་འདི་ འཐེནམ་ཡོདཔ་ཨིན་མས། གླུ་གཞས་འདི་ ཧེ་མ་ལས་ ལམ་སྲོལ་བཟང་པོ་སྦེ་བརྩིཝ་ཨིན་རུང་ འབྱུང་ཁུངས་དང་བྱུང་རབས་ཚུ་མི་ཤེས་པས། གླུ་གཞས་འདི་གི་ཚིག་འདི་ ཁོ་རའི་གཡུས་སྐད་ དག་པ་ཁ་ནང་སྦེ་ཡོདཔ་ལས་ གཞན་མི་གིས་ཧ་གོ་ཚུགས་པར་ལཱ་ཁག་ཡོདཔ་ཨིན་མས། གླུ་གཞས་ཀྱི་ཚིག་ནང་ རྒྱ་གར་དང་འབྲུག་ དེ་ལས་བོད་རྒྱལ་ཁབ་ཀྱི་མེ་ཏོག་ཚུ་གི་སྐོར་ལས་འགྲེལ་བཤད་རྐྱབ་དོ་ཡོདཔ་མས། དེ་ཡང་ གར་ལུ་བཙུགས་ཡོད་མི་མེ་ཏོག་འདི་ རྒྱ་མཚོའི་ཁ་ལུ་ཤརཝ་ཨིནམ་ད་ འབྲུག་ལུ་བཙུགས་ཡོད་མི་མེ་ཏོག་འདི་ གངསརི་གུ་ཤརཝ་ཨིན་མས། དེ་ལས་ བོད་ལུ་བཙུགས་ཡོད་མི་མེ་ཏོག་འདི་ ཕོརཔ་གི་ཁ་གུ་ཤརཝ་ཨིན་ཟེར་ བཤད་པ་པ་རྐྱབ་དོ་ཡོདཔ་ཨིན་མས།
- Trashigang
- Sakteng
- ཚེ་རིང་མཁའ་འགྲོ་Tshering Khandro: ཨའེ་སྭོ་ མར་མར་རྒྱ་ཡི་མེ་ཏོག་ནི་སྒྲོན་མེ་ཏོག །མེ་ཏོག་འཁྲུངས་ཀྱང་མཚོ་མོའི་ནང་དུ་འཁྲུངས། །མེ་ཏོག་རྒྱས་ཀྱང་མཚོ་མོའི་མཁའ་ནས་རྒྱས། །[ཨ་ཉུ་?]མཚོ་མོའི་མཁའ་ལས་འོད་ཅིག་ཤར། །
- ཚེ་རིང་མཁའ་འགྲོ་Tshering Khandro: ཨའེ་སྭོ་ མཐོ་མཐོ་བུམ་ཐང་མེ་ཏོག་ནི་ཤུ་མེ་ཏོག །མེ་ཏོག་འཁྲུངས་ཀྱང་ནག་མོའི་ནང་དུ་འཁྲུངས། །[ཨ་ཉུ་?]ནག་མོའི་མཁའ་ལས་འོད་ཅིག་ཤར། །
- ཚེ་རིང་མཁའ་འགྲོ་Tshering Khandro: ཨའེ་སྭོ་ ཡར་ཡར་བོད་ཀྱི་མེ་ཏོག་མར་མེ་ཏོག །མེ་ཏོག་འཁྲུངས་ཀྱང་མཆོད་ཀོང་ནང་དུ་འཁྲུངས། །[ཨ་ཉུ་?]མཆོད་ཀོང་མཁའ་ལས་འོད་ཅིག་ཤར། །ཞལ་འདི་ཡང་ཡང་འཛོམས་པའི་བཀྲ་ཤིས་སྨོན་ལམ་ཤོག །
- ཚེ་རིང་མཁའ་འགྲོ་Tshering Khandro: [་་་་་་་་་་་་ དང་ཕུ་ རྒྱ་ཡི་མེ་ཏོག་འཁྲུངས་ཀྱང་མཚོ་མོའི་ནང་ལུ་འཁྲུངས་ཟེར་བཏང་དེས་ འ་ནཱི་བཟུམ་ཅིག་འཐེནམ་ཨིན་ལགས།། །།?]