Video Overview
This is a video of Takdo from Topden Township in Chentsa singing a song called "The Flower of Long Life Grows in the High Land." This song is part of a collection of folk songs from the Rebgong cultural area.
འདི་ནི་སྐྱེ་འགྲོ་ཡོངས་ལ་དངོས་གྲུབ་སྩོལ་བའི་ལྷ་དང་སངས་རྒྱས་མི་ཡི་རྣམ་རོལ་དུ་བྱོན་པའི་སྐྱེས་ཆེན་སྐྱེས་ཆེན་དག་གིས་བྱིན་གྱིས་རླབས་པའི་གནས་ཆེན་དག་ལ་ཕྱག་འཚལ་ཏེ་དད་པ་དགེ་བ་འཕེལ་བར་བརྗོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་སེམས་ཅན་ཀུན་ལ་ཚེ་ཡི་དངོས་གྲུབ་སྩོལ་བའི་ཚེ་ལྷ་རྣམ་གསུམ་དང་ཀུན་གྱི་མགོན་དང་དཔུན་གཉེན་རྒྱལ་བ་པན་ཆེན་གཉིས། སྐྱེས་ཆེན་མང་པོས་བྱིན་གྱིས་རླབས་པའི་གནས་མཆོག་སེ་འབྲས་དགེ་གསུམ་བཅས་ལ་ཕྱག་འཚལ་བ་དང་དད་པ་དག་སྣང་སྦྱངས་ན་ཚེ་ཐག་རིང་བ་དང་སྡིག་སྒྲིབ་འདག་ཐུབ་པར་མ་ཟད། དགེ་འདུན་པའི་སྡེ་སེམས་ཅན་ཀུན་ལ་ཆོས་སྒྲུབ་པའི་དཔུང་གཉེན་གྱི་སྡེ་རྒྱས་པར་འགྱུར་རོ།
- ༼ཨོ་ཡེ་་་ཞང་ང་ཡ་རེ་ལེན། ཞང་ཨ་དབྱངས་འཇོག་ནས་གླུ་ཞིག་ལེན༽
- སྟོད་གན་ན་མེ་ཏོག་ཚེ་རིང་འཁྲུངས།།
- ཕྱི་བལྟས་ན་མེ་ཏོག་ཚེ་རིང་རེད།།
- ནང་འབྲས་བུ་ཚེ་ལྷ་རྣམ་གསུམ་རེད།།
- ཕྱག་ཚོལ་དང་ཚེ་དབང་སྐུར་རྒྱུ་རེད།།
- ༼ཨོ་ཡེ་་་ཞང་ང་ཡ་རེ་ལེན༽
- བར་འདི་ན་མེ་ཏོག་རྒྱལ་སྲས་འཁྲུངས།།
- ཕྱི་བལྟས་ན་མེ་ཏོག་རྒྱལ་སྲས་རེད།།
- ནང་འབྲས་བུ་རྒྱལ་བ་པན་ཆེན་རེད།།
- ཕྱལ་ཚོལ་དང་སྡིག་སྒྲིབ་འདག་རྒྱུ་རེད།།
- ༼ཨོ་ཡེ་་་ཞང་ང་ཡ་རེ་ལེན༽
- སྨད་གན་ན་མེ་ཏོག་སེར་ཆེན་འཁྲུངས།།
- ཕྱི་བལྟས་ན་མེ་ཏོག་སེར་ཆེན་རེད།།
- ནང་འབྲས་བུ་སེ་འབྲས་དགེ་གསུམ་རེད།།
- ཕྱག་ཚོལ་དང་གྲྭ་ཚོགས་རྒྱས་རྒྱུ་རེད།།
- གླུ་ཡང་ཡང་ལེན་པའི་སྨོན་ལམ་འདེབས།།