Video Overview
The song Meto Thrungjung is an old bodra song, performed here by Kuenzang Dolma and Nazom from Ura Gewog. The song seems unusual because these two ladies had not seen dancers perform the song in festival. The song is about a flower named Kelzang Meto (Dahlia flower); the flower beautifies the altar and pleases the Gods and Goddesses. The essence of the song is to encourage listeners to practice dharma and improve themselves for the benefit of all sentient beings.
མེ་ཏོག་འཁྲུངས་འབྱུང་ཟེར་མི་འདི་ བོད་སྒྲའི་གླུ་གཞས་རྙིངམ་ཅིག་ཨིནམ་ད་ འདི་ཡང་ བུམ་ཐང་རྫོང་ཁག་ ཨུ་ར་རྒེད་འོག་ལས་ ཀུན་བཟང་སྒྲོལ་མ་དང་ སྣ་འཛོམས་གཉིས་ཀྱིས་འཐེནམ་ཨིན་པས། གླུ་གཞས་འདི་ གནམ་མེད་ས་མེད་ཡོངས་གྲགས་ཅིག་ མེདཔ་བཟུམ་ཅིག་ཡོདཔ་ད་ འདི་ཡང་ ཞབས་བྲོ་འཐེན་མི་གཉིས་ཀྱིས་ དུས་སྟོན་ཚུའི་སྐབས་སུ་ ག་གིས་ཡང་འཐེན་ས་མ་ཐོནམ་ཨིན་པས། གླུ་གཞས་འདི་ སྐལ་བཟང་མེ་ཏོག་ཟེར་མི་ མེ་ཏོག་འདི་མཆོད་བཤམ་མཛེས་པའི་ རྒྱན་ཆ་ཨིནམ་མ་ཚད་ ལྷ་དང་ལྷམོ་ཚུ་ ཐུགས་དགྱེས་ཚུགསཔ་ཨིན་ཟེར་ཨིན་པས། གླུ་གཞས་ཀྱི་བཅུད་དོན་ངོ་མ་འདི་གིས་ ཞབས་བྲོ་ཉན་མི་ཚུ་ལུ་ དམ་པའི་ཆོས་སྒྲུབ་སྟེ་ སེམས་ཅན་གྱི་དོན་འབད་དགོ་ཟེར་བའི་ དོན་ཨིན་པས།
- Bumthang
- Ura
- སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Chodenསྐལ་བཟང་ལ་མེ་ཏོག་འཁྲུངས་བྱུང་། །ཟེའུ་པད་(ཟེའུ་འབྲུ)ལ་ནང་ལས་འཁྲུངས་བྱུང་། །ཟེའུ་པད་(ཟེའུ་འབྲུ་)ལ་ནང་ལས་འཁྲུངས་བྱུང་། །
- སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Chodenམེ་ཏོག་ལ་ལྷ་ལ་ཕུལ་ན། །ལྷ་ཁང་ལ་འོད་ཀྱིས་གང་སོང་། །ལྷ་ཁང་ལ་འོད་ཀྱིས་གང་སོང་། །
- སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Chodenརྡོ་རྗེ་ལ་བྲག་ལ་བཞུགས་པའི། །སྐུ་ཞོགས་ལ་རིན་འཛིན་རྒྱ་མཚོ། །སྐུ་ཞོགས་ལ་རིན་འཛིན་རྒྱ་མཚོ། །
- སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Chodenདབྱར་གསུམ་ལ་སྐམ་པའི་མེ་ཏོག །གངས་དང་ལ་ལ་ཡི་ཕྱོགས་སུ། །གངས་དང་ལ་ལ་ཡི་ཕྱོགས་སུ། །
- སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Chodenཅོག་པོ་ལ་རི་ལ་བཞུགས་པའི། །ལེགས་པའི་ལ་མི་གིས་མཇལ་བ། །ལེགས་པའི་ལ་མི་གིས་མཇལ་བ། །
- སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Chodenམཇལ་ཁ་ལ་མེད་པ་མ་རེད། །ཆུ་མོ་ལ་ཆེ་བའི་[ལན་གསུམ?]། །ཆུ་མོ་ལ་ཆེ་བའི་[ལན་གསུམ?]། །
- སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Chodenརྟ་སྤུ་ལ་གསེར་ལས་འཇམ་པ། །[གསེར་སྦྱངམ་?]ལ་རྩ་ལས་མིན་འདུག །[གསེར་སྦྱངམ་?]ལ་རྩ་ལས་མིན་འདུག། །།