Video Overview
Aum Tawa Lhamo of Thongsa village plays a thread game called dungdungmo in their local dialect Tshangla kha. There is no clear history that when it was started and who have found the idea of the game. It is said that the game was played by the older people in the olden days and it is passed down through generations. She makes shape of a fishing net model with the thread. This game is mostly played by the girls and it can be played in a pair as well as by a single person. The game is played with threat tying two ends together and making different types of shapes. It is not so popular in western part of Bhutan and it is played when they take a rest while working in the field.
པདྨ་དགའ་ཚལ་རྫོང་ཁག་ ལྕོང་ཤིང་རྒེད་འོག་ མཐོང་ས་གཡུས་ཚན་ལས་ ལྟ་བ་ལྷ་མོ་གིས་ སྐུདཔ་མཐའམ་གཉིས་མཐུད་རྐྱབ་སྟེ་བཟོ་མི་དུང་དུང་མོ་ཟེར་མི་རྩེདམོ་གིས་ ཉ་གཟུང་ནི་གི་དྲྭཝ་བཟོ་སྟེ་རྩེཝ་ཨིནམ་ད་ རྩེདམོ་འདི་ གཡུས་དེ་ཁར་ ནམ་ལས་བྱུང་བྱུངམ་ཨིན་ན་དང་ འགོ་ཐོག་ག་ཟེར་མི་གིས་བཟོ་བཟོཝ་ཨིན་ན་ ཁ་གསལ་སྦེ་མ་ཤེས་རུང་ དང་ཕུ་ཕ་མའི་སྐབས་ལས་ར་རྩེད་སྲོལ་ཡོདཔ་ཨིན་མས། རྩེདམོ་འདི་མང་ཤོས་ཅིག་ བུམོ་ཚུའི་བར་ན་མི་གཉིས་དང་ ཡང་ན་གཅིག་སྦེ་ཡང་རྩེ་དོ་ཡོདཔ་ད་ རྩེད་ཤེས་པ་ཅིན་ ཅ་ལ་མ་འདྲཝ་མ་འདྲཝ་གི་བཟོ་རྣམ་ཚུ་བཏུབ་པས། འདི་བཟུམ་མའི་རྩེདམོ་འདི་ ཤར་ཕྱོགས་ལུང་ཕྱོགས་ནང་ལས་ཕར་རྐྱངམ་ཅིག་མ་གཏོགས་ ནུབ་ཕྱོགས་ཁ་ཐུག་གནམ་མེད་ས་མེད་ཅིག་ ཡོངས་གྲགས་སྦེ་རྩེད་ནི་མིན་འདུག
- ལྟ་བ་ལྷ་མོ་ Tawa Lhamoང་གི་མིང་འདི་ ལྟ་བ་ལྷ་མོ་ཨིན་ ཨ་ནཱི་ ཉ་གི་དྲྭཝ་བཟོ་ནི་ང་གིས།My name is Tawa Lhamo. I am going to make fishing net model.
- ལྟ་བ་ལྷ་མོ་ Tawa Lhamoབཏུབ་ག་མི་བཏུབ་ག་དོ་རུང་ བཤེད་སྨེ།I don't know whether I'll get it right. Hold it,
- པདྨ་ཆོས་སྐྱིད་ Pema Chekiའགྲོས་ཀྱིས་སྦེ་འབད་ འགྲོས་ཀྱིས་འབད་ དེ་སྦེ།Do it slowly, this way
- དཔལ་འབྱོར་ Penjorཉ་ཚུ་འགྱོ་ཚར་ནི་མས།I think fish will escape.
- ལྟ་བ་ལྷ་མོ་ Tawa Lhamoཚར་ནི་མས་ཟེར།Yes I think so.
- ཨ་རྒས་ Grandfatherབཟོ་མ་ཚརཝ་ལས་རང་?།། །།Before she is done making the net.