Skip to main content Skip to search
21 Jun 2018
9 min 8 sec
Rating
0
No votes yet
Video Overview
Creators: 
Duptho, Sonam Chophel

Sangay Choden form Radhi Gewog, Tashigang, sings an old Boedra song entitled Phodrang Dangpa Michag Dangpa Chag (The First Palace). The composer and origin of the song are unknown. It is performed during special occasions, ceremonies and celebrations. It is performed in a circular formation with around five to twenty dancers. The song describes the first palace that resided atop a cliff. The palace is then described in detail, including descriptions of the palace’s windows, doors and basements; the masters and saints will all visit that place and bless it.

 

Show More

  • སངས་རྒྱས་སྒྲོན་ Sangay Choden
    ཕོ་བྲང་དང་པ་མི་ཆགས་དང་པ་ཆགས་ལ། །སོ་ཡ་ལ།
  • སངས་རྒྱས་སྒྲོན་ Sangay Choden
    ཕོ་བྲང་དང་པ་རི་བོའི་རྩེ་ལུ་ཆགས་ལ། །ཕོ་བྲང་དང་པ་རི་བོའི་རྩེ་ལུ་ཆགས་ལ། །
  • སངས་རྒྱས་སྒྲོན་ Sangay Choden
    སྒོ་མོ་ཤར་སྒོ་ཕྱེ་བའི་ནང་ཤེད་ནང་ལ། །སོ་ཡ་ལ།
  • སངས་རྒྱས་སྒྲོན་ Sangay Choden
    ངོ་ཤེས་གནས་སྒོ་ལ་ཁྱོད་རང་སོང་ནས་ཞུ་ལ། །ངོ་ཤེས་གནས་སྒོ་ལ་ཁྱོད་རང་སོང་ནས་ཞུ་ལ། །
  • སངས་རྒྱས་སྒྲོན་ Sangay Choden
    སྟེང་དུ་མི་བརྒྱ་ཤོང་པའི་གནསཔ་ཅིག་བརྙ་ལ། །སོ་ཡ་ལ།
  • སངས་རྒྱས་སྒྲོན་ Sangay Choden
    འོག་ལ་རྟ་བརྒྱ་ལ་ཤོང་པའི་རྟ་རས་བརྙ་ལ། །
  • སངས་རྒྱས་སྒྲོན་ Sangay Choden
    སྟེང་དུ་མི་བརྒྱ་འགྲངས་པའི་ཆང་ཅིག་ཞུ་ལ། །སོ་ཡ་ལ།
  • སངས་རྒྱས་སྒྲོན་ Sangay Choden
    འོག་ལ་རྟ་བརྒྱ་འགྲངས་པའི་རྩྭ་ཅིག་ཞུ་ལ། །
  • སངས་རྒྱས་སྒྲོན་ Sangay Choden
    སྟེང་དུ་མི་བརྒྱ་ཤོང་པའི་བཀའ་དྲིན་ཆེ་ལ། །སོ་ཡ་ལ།
  • སངས་རྒྱས་སྒྲོན་ Sangay Choden
    འོག་ལ་རྟ་བརྒྱ་ལ་ཤོང་པའི་བཀའ་དྲིན་ཆེ་ལ། །
  • སངས་རྒྱས་སྒྲོན་ Sangay Choden
    དགོན་བཟང་ཡས་ལུ་ཅིག་གཟིགས་ན། །དགོན་བཟང་ཡས་ལུ་ཅིག་གཟིགས་ན། །
  • སངས་རྒྱས་སྒྲོན་ Sangay Choden
    མཚན་ལྡན་བླ་མ་ཆོས་སྒྲ་གི་ཞེས་ཞེས། །སོ་ཡ་མཚན་ལྡན་བླ་མ་ཆོས་སྒྲ་གི་ཞེས་ཞེས། །
  • སངས་རྒྱས་སྒྲོན་ Sangay Choden
    རྫོང་ཆེན་མས་ལུ་ཅིག་གཟིགས་ན། །རྫོང་ཆེན་མས་ལུ་ཅིག་གཟིགས་ན། །
  • སངས་རྒྱས་སྒྲོན་ Sangay Choden
    དབང་ཆེན་དཔོན་པོ་བཀའ་ཆེན་གྱི་རུ་རུ། །སོ་ཡ་དབང་ཆེན་དཔོན་པོ་བཀའ་ཆེན་གྱི་རུ་རུ། །
  • སངས་རྒྱས་སྒྲོན་ Sangay Choden
    ས་གཞི་མས་ལུ་ཅིག་གཟིགས་ན། །ས་གཞི་མས་ལུ་ཅིག་གཟིགས་ན། །
  • སངས་རྒྱས་སྒྲོན་ Sangay Choden
    གླུ་ཡང་བྱམས་པ་འབུམ་ཕྲག་གི་ཞེས་ཞེས། །སོ་ཡ་གླུ་ཡང་བྱམས་པ་འབུམ་ཕྲག་གི་ཞེས་ཞེས། །
  • སངས་རྒྱས་སྒྲོན་ Sangay Choden
    མཚོ་སྟོད་མས་ལུ་ཅིག་གཟིགས་ན། །མཚོ་སྟོད་མས་ལུ་ཅིག་གཟིགས་ན། །
  • སངས་རྒྱས་སྒྲོན་ Sangay Choden
    གསེར་མིག་ཉ་མོ་ཉམས་དགའ་ཅིག་ཤར་སོང་། །སོ་ཡ་གསེར་མིག་ཉ་མོ་ཉམས་དགའ་ཅིག་ཤརསོང་། །
  • སངས་རྒྱས་སྒྲོན་ Sangay Choden
    ངང་པ་གཡས་བསྐོར་རྐྱབ་ནས་ཅིག་གཟིགས་གནང་། །ངང་པ་གཡས་བསྐོར་རྐྱབ་ནས་ཅིག་གཟིགས་གནང་། །
  • སངས་རྒྱས་སྒྲོན་ Sangay Choden
    ང་ཚོ་མཚོ་མོའི་གཞུང་ལ་སྐྱིད་པའི་ཉི་མ་ཤར་སོང་། །སོ་ཡ་ང་ཚོ་མཚོ་མོའི་གཞུང་ལ་སྐྱིད་པའི་ཉི་མ་ཤར་སོང། །
  • སངས་རྒྱས་སྒྲོན་ Sangay Choden
    ལགས་སོ།། །།