Video Overview
འདི་ནི་གླུ་ལེན་པར་མགོ་རྩོམ་དུས་གླུ་སྒོ་འབྱེད་བྱེད་ཀྱི་གླུ་ཞིག་ཡིན།
- Central Tibet
- ༼ཡེ་་་་་་ཡ་རེ་ཡ་རེ་ཡ་རེ་ལེན་དགོ བྱང་ཡ་རེ་ཟེར་ར་གླུ་ཞིག་ལེན་དགོ ༽
- གླུ་མགོ་མ་ལེན་དུས་མཆོད་ཅིག་འཕེན།
- མཆོད་དང་པོ་དབུས་གཙང་ཡུལ་ལ་འཕེན།
- རྗེ་བླ་མ་བཞུགས་པའི་རྟེན་འབྲེལ་རེད།
- རྟགས་རྟེན་འབྲེལ་གཉིས་ཀྱི་འགོ་མ་རེད།
- མཆོད་མཆོད་གསུམ་དབུས་གཙང་ཡུལ་ལ་འཕེན།
- གླུ་བར་མ་ལེན་དུས་མཆོད་ཅིག་འཕེན།
- མཆོད་བར་མ་ཁྲོམ་ཆེན་གྲལ་ལ་འཕེན།
- ཁྲོམ་ན་ཟླ་དགོས་ནོ་རྟེན་འབྲེལ་རེད།
- རྟགས་རྟེན་འབྲེལ་གཉིས་ཀྱི་འགོ་མ་རེད།
- མཆོད་མཆོད་གཉིས་ཁྲོམ་ཆེན་གྲལ་ལ་འཕེན།
- གླུ་རྗེས་མ་ལེན་དུས་མཆོད་ཅིག་འཕེན།
- མཆོད་གསུམ་པ་མཐིང་སྨུག་སྦྲ་ལ་འཕེན།
- དྲིན་ཕ་མ་འཛོམས་ནོ་རྟེན་འབྲེལ་རེད།
- རྟགས་རྟེན་འབྲེལ་གཉིས་ཀྱི་འགོ་མ་རེད།
- མཆོད་མཆོད་གསུམ་མཐིང་སྨུག་སྦྲ་ལ་འཕེན།
- གླུ་ཤེས་ནི་མིན་ཡང་རྩེ་དགའ་ཡིན།