Skip to main content Skip to search
31 Jan 2017
4 min 7 sec
Video Overview
Creators: 
Norzin Lhamo, Dr.Karma Phuntsho

Am Choden from Rubesa Gewog, Japhoog village in Wangdue Phodrang sang a Boedra song entitled "Ri Dhi Dang Pa Mi Chag" ("The First Hills"). The song describes the origin of the first hills. The first mountain didn’t form; if the mountain was formed, then that is not a mountain it is gold. Liquid in the golden bowl is not milk, it is holy water of Azhi Nangsa. The song continues by discussing silver and bronze mountains. This boedra song is well-known in the Wangdue Phodrang region.

 

དབང་འདུས་ཕོ་བྲང་རྫོང་ཁག་ རི་བི་ས་རྒེད་འོག་ གཡུས་བྱ་ཕུག་ལས་ཨིན་མི་ཨམ་ཆོས་སྒྲོན་གྱིས་ འབོད་སྒྲ་གི་གླུ་གཞས་ རི་འདི་དང་པ་མི་ཆགས་དང་པ་ཆགས་ཟེར་མི་འདི་འཐེན་ནུག། གླུ་གཞས་འདི་གི་དོན་དག་འདི་ རི་འདི་དང་པ་མི་ཆགས་ དང་པ་འདི་ཆགས་ན་གསེར་ཨིན། གསེར་གྱི་གཞོང་ནང་ལུ་ཨོམ་མེན་ཁྲུས་ཆུ་ཨིན། ཨ་ཞེ་སྣང་སའི་ཁྲུས་ཆུ་ཨིན། དེ་འཕྲོ་འཐུད་དེ་དངུལ་ ལུ་སྦེ་འདུག། གླུ་གཞས་འདི་མང་ཤོས་རང་དབང་འདུས་ཕོ་བྲང་ལུ་འཐེན་སློལ་ཡོདཔ་ཨིན་མས།

 

Transcript search
No results found for this search
0 of 0
  • ་Choden ཆོས་སྒྲོན།
    རི་འདི་དང་པ་མི་ཆགས། །དང་པ་ཆགས་ཡ་ལ་ནི་དང་པ་ཆགས། །རི་འདི་དང་པ་གསེར་གྱི། །རི་ལ་ཆགས་ཡ་ལ་ནི་རི་ལ་ཆགས། །
    The first mountain didn't form, but If the first mountain was formed, It was of gold.
  • ་Choden ཆོས་སྒྲོན།
    གསེར་གྱི་གཞོང་པའི་ནང་ལུ། །འོ་མ་རེད་ཡ་ལ་ནི་ཨོ་མ་རེད། །དར་སེང་ཨོ་མ་མ་རེད། །ཁྲི་ཆུ་རེད་ཡ་ལ་ནི་ཁྲུས་ཆུ་རེད།
    In the Golden bowl is the milk. It isn't the milk, rather a holy water. it's the holy water.
  • ་Choden ཆོས་སྒྲོན།
    སྣང་ས་སྐུ་ཁྲུས་གནང་མི། །ཁྲི་ཆུ་རེད་ཡ་ལ་ནི་ཁྲི་ཆུ་རེད། །
    It's Nangsey's showering water. Its the showering water.
  • ་Choden ཆོས་སྒྲོན།
    རི་འདི་གཉིས་པ་མི་ཆགས། །གཉིས་པ་ཆགས་ཡ་ལ་ནི་གཉིས་པ་ཆགས། །རི་འདི་གཉིས་པ་དངུལ་གྱི། །རི་ལ་ཆགས་ཡ་ལ་ནི་རི་ལ་ཆགས། །
    The second mountain didn't form. If it was formed, it was of silver.
  • ་Choden ཆོས་སྒྲོན།
    དངུལ་གྱི་གཞོམ་པའི་ནང་ལུ། །ཨོ་མ་རེད་ཡ་ལ་ནི་ཨོ་མ་རེད། །དར་སེང་ཨོ་མ་མ་རེད། །ཁྲུས་ཆུ་རེད་ཡ་ལ་ནི་ཁྲུས་ཆུ་རེད།
    In the Silver bowl, It isn't the milk, rather a holy water. it's the holy water.
  • ་Choden ཆོས་སྒྲོན།
    སྣང་ས་སྐུ་ཁྲུས་གནང་མི། །ཁྲི་ཆུ་རེད་ཡ་ལ་ནི་ཁྲུས་ཆུ་རེད། །
    It's Nangsey's showering water. Its the showering water.
  • ་Choden ཆོས་སྒྲོན།
    རི་འདི་གསུམ་པ་མི་ཆགས། །གསུམ་པ་ཆགས་ཡ་ལ་ནི་གསུམ་པ་ཆགས། །རི་འདི་གསུམ་པ་གཡུ་གི། །རི་ལ་ཆགས་ཡ་ལ་ནི་རི་ལ་ཆགས། །
    The thrid mountain didn't form, but if it was to be formed, It is of turquise.
  • ་Choden ཆོས་སྒྲོན།
    གཡུ་གི་གཞོང་པའི་ནང་ལུ། །ཨོ་མ་རེད་ཡ་ལ་ནི་ཨོ་མ་རེད། །དར་སེང་ཨོ་མོ་མ་རེད། །ཁྲིས་ཆུ་རེད་ཡ་ལ་ནི་ཁྲིས་ཆུ་རེད། །
    In the turquise bowl is the milk. it isn't the milk, rather a holy water. it's the holy water.
  • ་Choden ཆོས་སྒྲོན།
    སྣང་ས་སྐུ་ཁྲུས་གནང་མི། །ཁྲུས་ཆུ་རེད་ཡ་ལ་ནི་ཁྲུས་ཆུ་རེད། །ལགས་སོ།
    It's Nangsey's showering water. Its the showering water.