15 Dec 2011
3 min 45 sec
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokཁྱོད་ར་(རས་) ཁ་སང་ངའི་དངུལ་འདི་གས་ངར་ཡཱ་ལས་ཀ་ན་ཅིག་བསྒྱུར་ཀོ་ཟེར། ག་དུས་བསྒྱུར་ནཱའི་ཡིན་པཱ་ལྟ།You took money from me and assured me that you would help transferred to another job. When are you going to do this?
- བཀྲ་ཤིས་ནོར་བུ་ Trashi Norbuའ་ཛི་ལྟ་དེ་མིས་མ་བྱས་པར་ངར་ཐབས་ཤེས་ག་རེ་ཡོག་རེད།If others don't do their work, there is nothing much I can do about it.
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokམི་སུས། ཁྱེད་རས་མི་སུར་མངགས་པ།Who? To whom you entrusted the task?
- བཀྲ་ཤིས་ནོར་བུ་ Trashi Norbuབྱས་ཁོང་ཚོས་ལས་ཀ་སྒྱུར་མཁན་གྱི་མི་ཞིག་ཡོག་རེད་པཱ། འོ་དེས་དངུལ་འདི་གས་འཁྱེར་ཤོག་ཟེར། འོ་ཁོ་ཚོའི་འགོ་ཁྲིད་ལ་རྩིག་མ་བཅག་གི་ཡིན་ཟེར། འོ་འདུག་སེ་རེད།The middleman who is helping you get transferred to another to job asked for the sum you gave me. He said that he needs to pay for the leader.
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokག་རེའི་འགོ་ཁྲིད་རྩིག་མ་བཅག་གི་ཡིན། ངས་ཡ་གིར་ཕྱིན་པ་ཡིན། དངུལ་ཤ་སྟག་རག་མི་འདུག་གཱWhat nonsense you are talking about? I went here, and the leader did not receive the money at all.
- བཀྲ་ཤིས་ནོར་བུ་ Trashi Norbuའ་རྫི་དངུལ་དཀོན་མཆོག་སྤྲད་པ་ཀས། འབྱུང་འཛིན་ངའི་ལག་པར་ཡོད།I swear to God that I handed the money. I have the receipt with me.
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokའབྱུང་འཛིན་ག་པར་ཡོད། ག་པར་ཡོད།Where is the receipt?
- བཀྲ་ཤིས་ནོར་བུ་ Trashi Norbuའ་རྫི། ནང་ལ་བཞག་ཡོད་ཀས།Oh my! I left it at home.
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokག་རེའི་ནང་ལ་བཞག་ཡོད།I don't believe you.
- བཀྲ་ཤིས་ནོར་བུ་ Trashi Norbuང་རྟག་པར་གར་ཡར་འཁྱེར་འགྲོ་དགོས་རེད།Do I have to carry it with me all the time?
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokསྐྱག་རྫུན་ཞེ་དྲགས་བཤད་མི་དགོས་དཱ།Don't lie to me.
- བཀྲ་ཤིས་ནོར་བུ་ Trashi Norbuང་ཁྱོད་རར་སྐྱག་རྫུན་བཤད་བྱས་ག་རེ་བྱེད་དགོས་ཀྱི་རེད།Why should I lie to you?
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokའདའི་ལྟེ་སྐྱེས། ངས་འགོ་ཁྲིད་རྩར་ལ་ཕྱིན་པ་ཡིན་ཧ་གོ་སོང་ངས།You bastard! I went to meet the leader. Did you get me?
- འདའི་འགོ་ཁྲིད་རྩར་ལ་ཕྱིན་པ་ཡིན། གལ་ག་རག་མི་འདུག་དེ་འདྲས།The officer did not receive a penny.
- བཀྲ་ཤིས་ནོར་བུ་ Trashi Norbuཨཱ་ནི་ངས་སྤྲད་པ་ཡིན། ངས་མི་ལ་སྤྲད་པ་ཡིན། མི་ཡིས་དེ་ནས་ཕར་སྤྲད་ཀ་ཕྱིན་རེད་ཟེར་གྱི་མ་རེད། ངའི་མདུན་ལ་ཡཱ།I really gave the money to the middleman.
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokཁྱོད་རས་བར་ལ་ངའི་དངུལ་ཟ་གི་ཡོག་མ་རེད་པཱ་ཀས།Are you trying to screw me out of it?
- བཀྲ་ཤིས་ནོར་བུ་ Trashi Norbuང་ཁྱོད་རའི་དངུལ་བཟས་བྱས་ག་རེ་བྱེད་དགོས་ཀྱི་རེད།Why should I do that?
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokཁྱོད་ར་སྐྱག་རྫུན་ཞེ་དྲག་བཤད་མི་དགོས། འཁྱེར་ཤོག་དང་ངའི་དངུལ།Don't lie to me. Give my money back.
- དངུལ་ག་པར་ཡོད།Where is my money?
- བཀྲ་ཤིས་ནོར་བུ་ Trashi Norbuསྐྱག་རྫུན་མ་ཤོད། ང་ཁྱོད་རའི་དངུལ་བཟས་བྱས་ག་རེ་བྱེད་དགོས་རེད།That is a groundless accusation. Why should I take your money?
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokངའི་དངུལ་འཁྱེར་ཤོག ལྟ་ང་ལས་ཀ་ལྟ་སྒྱུར་མི་དགོས། དངུལ་ཚུར་འཁྱེར་ཤོག་དང་།Give my money back. I no longer need your help to get me transferred to another job.
- བཀྲ་ཤིས་ནོར་བུ་ Trashi Norbuའོ། དངུལ་ངས་ཁྱོད་ར་སྤྲད་ཀོFine, I will return your money.
- ལྟ་བྱས་ན་ལས་ཀ་འདི་གཡུགས་བཞག་ན།And you can forget about the job transfer.
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokག་རེ། ཡོག་མ་རེད། དངུལ་ཚུར་འཁྱེར་ཤོག་དང་།What? No! Just give my money back.
- བཀྲ་ཤིས་ནོར་བུ་ Trashi Norbuའོ་བྱས། མ་རེད། མ་རེད། ཁྱོད་རའི་དངུལ་དེ་ཡོག་རེད་པཱ་ངས་ཕར་སྤྲད་ཀོ།I will. I will return your money.
- ལྟ་འདིའི་བར་རུ་ལ་ངས་ཡར་བཏང་པ་འདི་གས་སུས་རྩིས་རྒྱག་གི་རེད།However, who is going to pay for me for all the expenses?
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokསུས་བཏང་པ། ངས་ཡ་གིར་འགོ་ཁྲིད་ལ་ཡཱ་སྐད་ཆ་དྲི་བར་ཕྱིན་པ་ཡིན། གལ་ག་ཅིག དངུལ་གལ་ག་གཅིག་རག་མི་འདུགWhat expenses? I met the officer, and he did not receive any money.
- བཀྲ་ཤིས་ནོར་བུ་ Trashi Norbuསྔས་ལ་ཁྱོད་རའི་མ་རེད་དཱ། ཁྱོད་རའི་དངུལ་ངར་སྤྲད་བྱས་ངས་འདུག་སེ་བྱས་རྒྱོག་མ་རེད་དཱ།I am not talking about your money, but the money I spent on your work.
- ངས་བཟས། ངས་འདི་པཱ་དངུལ་གཏོར་ཨེ་འདྲས་བྱས་རྒྱོག་མ་རེད།I did not use your money recklessly.
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokལྟ་སྐྱག་རྫུན་ཞེ་དྲགས་བཤད་མི་དགོས། ཡེ་བཱ་ཡ་རག་ཁོ་ར་མིན་འདུDon't lie to me. No one got the money I gave you.
- བཀྲ་ཤིས་ནོར་བུ་ Trashi Norbuང་ཁྱོད་རར་སྐྱག་རྫུན་བཤད་ནས་གང་བྱེད་དགོས་ཀྱི་རེད།What benefit I will get by lying to you?
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokཕྱིན་ཁོ་ར་མིན་འདུག་ལས་ཁུངས་འདའི།You did not go to the office at all.
- བཀྲ་ཤིས་ནོར་བུ་ Trashi Norbuའོ་རྫི། ལྟ་ལས་ཁུངས་འདའི་ཕྱིན་བྱས་མི་རྐང་བཙུགས་ནས་སླེབས་བྱུང་།Oh my! I went there.
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokལྟ་ཁྱོད་སྐྱག་རྫུན་ཞེ་དྲགས་བཤད་མི་དགོས། ངའི་དངུལ་འཁྱེར་ཤོག་དང་། དངུལ་འཁྱེར་ཤོག་དང་།I don't want to listen to your lies. Give my money back. Return the money now!
- བཀྲ་ཤིས་ནོར་བུ་ Trashi Norbuང་ད་ལྟ་ཁོ་ར་དངུལ་ཏོག་ནཱ་ད་ག་ར་པོ་ག་གིར་ལེན་ཀ་འགྲོ་དགོས་ཀྱི་རེད། ཨཱ།How is that possible for me to get such large amount of money right now?
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokའཁྱེར་ཤོག་དང་། འཁྱེར་ཤོག་འགྲིག་པ། ངའི་དངུལ་ཚུར་འཁྱེར་ཤོག་དང་།Give it back. Give it back now. I don't want to care about other things.
- བཀྲ་ཤིས་ནོར་བུ་ Trashi Norbuམ་རེད། དངུལ་སྤྲད་ཀོ་བྱས། འོ་དངུལ་སྤྲད་ཀོ་བྱས། ཡིན་ནའི་ཁྱོད་ར་ང་གཉིས་ཡོག་རེད་པཱ་དེའི་དཀྱིལ་སྐད་ཆ་བཤད་བྱས་དངུལ་ག་ཚོད་ག་ཚོད་བཅག་ཡགI told you that I would return the money to you. From that sum, we need to discuss how much we need to deduct.
- ཁྱོད་རའི་གང་ག་སྡེབ་ལ་ཕར་སྤྲད་ཡག་ཡོག་མ་རེད་དཱ།I can't give you the full sum.
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokམི་གང་གས་ཨེ་འདྲས་ཟེར་གྱི་འདུག ཁྱེད་རས་དངུལ་ཨེ་འདྲས་ཆོག་ཏོ་བཟས་མྱོང་འདུག ང་ཧ་གོ་བྱུང་།I heard a lot about you from others. You screwed them all out of their savings. I know that.
- བཀྲ་ཤིས་ནོར་བུ་ Trashi Norbuལྟ་སྐྱག་རྫུན་མ་ཤོད། སུའི་དངུལ་བཟས་འདུགDon't lie! Tell me who I screwed?
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokཁྱེད་རས་མི་ཆོག་ཏོའི་དངུལ་བཟས་ཤག ངས་ཧ་གོ་གི་བྱུང་།You tricked many people. I know that.
- བཀྲ་ཤིས་ནོར་བུ་ Trashi Norbuམ་མིན་མ་ཤོད་ལྟ།Don't lie!
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokཡོག་རེད་ཀས། ལྟ་འཁྱེར་ཤོག་འཁྱེར་ཤོག ངའི་དངུལ་འཁྱེར་ཤོགI know you did. Return my money!
- བཀྲ་ཤིས་ནོར་བུ་ Trashi Norbuམ་རེད། སུས་བཟས་ཤག་ཟེར་གྱི་འདུག་ཁྱོར་ར།No! First, tell me who told you that I took
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokམི་གཞན་པས་ཟེར་གྱིས། ལྟ་འཁྱེར་ཤོག་དང་།Other people told me so. Just give my money back.
- བཀྲ་ཤིས་ནོར་བུ་ Trashi Norbuམི་གཞན་པས་ཀྱིས་འཁྱེར་ཤོག་ཟེར་ཡག་ཡོག་མ་རེད། མི་གཞན་པ་འདའི་ཚུར་འཁྲིད་ཤོག ངའི་མདུན་ལ།You can't just accuse me like that. Bring that person who told you so in front of me.
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokངའི་དངུལ་ཚུར་འཁྱེར་ཤོག་དང་ལྟ་ཨ་ལས་འདའི།First return my money.
- བཀྲ་ཤིས་ནོར་བུ་ Trashi Norbuང་ཁྱོད་རའི་དངུལ་མ་རེད་(མེད་པ་) གང་འདྲ་སེ་སྤྲད་དགོས་ཀྱི་རེད་ཁྱོད་རས་ལོབ་དང་ཨཱ།I don't have it now. So how could I give it to you? You tell me.
- ཁྱོད་རའི་ལས་ཀའི་དོན་དག་ལ་ཕྱིན་པ་མ་གཏོགས་ངའི་ལས་ཀའི་དོན་དག་ལ་ཕྱིན་ཡོག་མ་རེད།I went to do your job, not mine.
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokལྟ་ཁྱོད་ར་སྐྱག་རྫུན་ཤོད་མི་དགོས། ངའི་དངུལ་ཚུར་འཁྱེར་ཤོག་དང་། ངའི་དངུལ་ཚུར་འཁྱེར་ཤོག་དང་།I don't want to listen to you lie. Give me my money. Give it now!
- ཁྱོད་ར་དངུལ་ག་པར་ཡོད། ངའི་དངུལ་ཚུར་འཁྱེར་ཤོག་དང་།Where is my money? Give that to me.
- བཀྲ་ཤིས་ནོར་བུ་ Trashi Norbuའོ་ངས་ཁྱོད་རའི་དངུལ་ཚུར་སྤྲད་ཀོ་བྱས། ཁྱོད་རའི་དངུལ་དེ་ནས་ང་མར་བཅག་ཡག་ཡོག་རེད་དེ།I told you repeatedly that I will return the money, but only after deducting all the expenses I paid.
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokག་རེ་བྱས་ནས་བཅག་དགོས་ཀྱི་རེད། ངའི་དངུལ་རྩ་ནས།Why should you do that?
- བཀྲ་ཤིས་ནོར་བུ་ Trashi Norbuའདི་ངས་མི་ལ་ཡཱ་ག་ཚོད་བཏང་པ་རེད། ཁ་ལག་ག་ཚོད་ཕྱིན་པ་རེད། འོ་དེ་ཚོ་གང་ག་རྩིས་མ་བརྒྱབ་ན་གང་འདྲས་བྱེད་དགོས་ཀྱི་རེད།That's because I spent money out of my pocket to offer them lavish meals. All these expenses need to be calculated.
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokསུར་བཏང་པཱ། ཨཱ་ལས་སུར་བཏང་པཱ་ཁྱེད་རས།For whom you spent? First, answer me that question.
- བཀྲ་ཤིས་ནོར་བུ་ Trashi Norbuངས་ཟེར་ན་ལས་ཀ་བྱེད་མཁན་ལ་ཡཱ་འོ་འདུག་སེ་སྐུ་ཅི་ཁོ་ངའི་རོགས་པ་ཡིན་ཟེར། ང་གཉིས་ཆུང་ཆུང་དུས་ནས་རོགས་པ་ཡིན་ཟེར། འོ་འདི་བསྒྱུར་རོགས་བྱེད་ཞེས་བྱས་བྱས་ངས་ཁྱོད་རའི་རྩན་ནས་དངུལ་ཁྱེར་པ་རེད།To the officer. I told him that you are my childhood friend. Pleaded with him to get you transferred to your desired job.
- གཞན་མ་གཞན་ང་ཁྱོད་རའི་དངུལ་འཁྱེར་བྱས་ག་རེ་བྱེད་དགོས་ཀྱི་རེད།Otherwise, why should I take your money?
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokཧན། མིའི་རྩར་ལ་ཕྱིན་ཁོ་ར་མིན་འདུག ངས་ཡ་གིར་སྐད་ཆ་དྲིས་ཀ་ཕྱིན།You did not meet the officer at all. I inquired about it.
- བཀྲ་ཤིས་ནོར་བུ་ Trashi Norbuམིའི་རྩར་ལ་ཕྱིན་པ་ཡིན་ཀས། འ་ཨང་།Oh no! I met him.
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokཁྱོད་ར་མཐོང་ཡག་ཁོ་ར་མིན་ན་འདུག་ཟེར་ཡ་གིར་ཡར།They told me that you were nowhere to be seen.
- བཀྲ་ཤིས་ནོར་བུ་ Trashi Norbuའོ་ན་ལྟ་ཁྱོད་ར་ཡིད་མ་ཆེས་ན་ང་གཉིས་ཉིན་དགུང་འགྲོ དེ་ནས་ཡར་མིག་ལྟ་གར་འགྲོ།If you don't trust me, then let's go and check this afternoon.
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokའགྲོ་འགྲོ་འགྲོ། ཕྱིན་ཆོག་གི་རེད་ཕ་གིར། ངའི་དངུལ་སྔོན་ལ་ཚུར་འཁྱེར་ཤོག་དང་ཨཱ་ལའི།Very well. Let's go. First return my money.
- བཀྲ་ཤིས་ནོར་བུ་ Trashi Norbuའོ་འོ་བྱས། ལྟ་ཡོད་རེད་པཱ་ཁྱོད་རར་ངས་དངུལ་སྤྲད་ཀོ་བྱས། འོ། ཁྱོད་ར་དངུལ་སྤྲད་ངས་བྱུང་འཛིན་དེ་མིག་སྟོན་གོI told you that you would get it back and I will also show you the receipt.
- འབྱུང་འཛིན་འདིའི་སྒང་དེར་མི་སུའི་མིང་འདུག་ཁྱོད་ར་མིག་ལྟོས་ལྟ།Once you received the receipt, you can check yourself whose name is on it.
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokཨཱ་ནི་འབྱུང་འཛིན་ག་པར་ཡོད། འབྱུང་འཛིན་ག་པར་ཡོད།Then where is the receipt?
- བཀྲ་ཤིས་ནོར་བུ་ Trashi Norbuའབྱུང་འཛིན་ང་གཟུགས་པོ་སྒང་ལ་འཁྱེར་དགོས་ཀྱི་རེད་པས་ཀས།I don't carry it with me all the time.
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokག་པར་ཡོད་ཨཱ་ལའི། ག་པར་ཡོད།Where is it?
- བཀྲ་ཤིས་ནོར་བུ་ Trashi Norbuནང་ལ་བཞག་ཡོད།I left it at home.
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokག་རེ་ནང་ལ་བཞག་ཡོད། ཅ་ལག་གང་ག་ནང་ལ་བཞག་ཤ་སྟག་ཁྱོད་རའི་ཁ་ལ།Don't lie to me. You always give the same excuse.
- བཀྲ་ཤིས་ནོར་བུ་ Trashi Norbuརེད་ན་རེད། གཞན་མ་གཞན་ང་གང་ག་ལོགས་གཟུགས་པོ་སྒང་ལ་འཁྱེར་ཕྱིན་ག་པར་ཡོང་གི་རེད།I am telling the truth. I can't carry everything with me all the time.
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokའཁྱེར་ཤོག་དང་། ངའི་དངུལ་ཚུར་འཁྱེར་ཤོག་དང་།Give me! Give me my money.
- བཀྲ་ཤིས་ནོར་བུ་ Trashi Norbuལྷག་ན་མེད་པཱ། ང་ཁྱོད་རར་མིག་སྟོན་ཡག་མེད་པཱ།It is not lost. But I have nothing to show you now.
- ངས་ཁྱོད་རར་དངུལ་སྤྲད་པའི་ཡིན་མ་སང་ཉིན་འདའི་ཁ་པར་བརྒྱབ་བྱས་ཟེར་རེད་པཱ། ངས་དངུལ་སྤྲད་པ་འོ་འདི་ང་ཡཱ་བྱུང་འཛིན་བྱུང་ང་ཟེར་ལག་པར་ཡཱ།After paying the money, I called you the next day and already told you that I have the receipt with me.
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokཨཱ་ལའི་ཁྱོད་རས་གང་འདྲ་ལབ་པ་ཀས། ཉིན་མ་ལྔའི་ནང་ལ་ངའི་ལས་ཀ་འདི་བྱེད་ཀོ་ཟེར། དངུལ་འདི་གས་འཁྱེར་ཤོག་ཟེར་ལབ་པཱ།This is how you told me. You assured me that the job will be done in five days and asked me the amount I gave you.
- བཀྲ་ཤིས་ནོར་བུ་ Trashi Norbuའོ་བྱས་ཙང་མི་གས་མ་བྱས་ན་ངར་ཐབས་ཤེས་གང་ཡོག་རེད།If he doesn't do his job, what I can do about it.
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokག་རེ་མི་གས་མ་བྱས་ན། ཁྱོད་རས་ཁས་ལེན་རྒྱུ་ཡོག་མ་རེད། འདི་ག་ཙམ་ཀས།What you are talking about? If that is the case, then you should not promise me.
- བཀྲ་ཤིས་ནོར་བུ་ Trashi Norbuཁོ་ངར་ཨེ་འདྲས་བཤད་ཀྱིས། འདི་ངའི་དོན་དག་མ་རེད་པ་ཀས།You can't say like that. I am not doing it for myself.
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokག་རེ་ཁྱོད་རའི་དོན་དག་མ་རེད། ཁྱོད་རའི་དོན་དག་མ་རེད་ངའི་དངུལ་ཚུར་འཁྱེར་ཤོག་དང་།You can't just say it is not your job. Give me my money now.
- བཀྲ་ཤིས་ནོར་བུ་ Trashi Norbuངའི་འགན་མ་རེད། ངར་ད་ལྟ་དངུལ་མེད།It's not my responsibility. Right now, I don't have the money.
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokའཁྱེར་ཤོག འཁྱེར་ཤོག འཁྱེར་ཤོགGive me my money. Return it now.
- བཀྲ་ཤིས་ནོར་བུ་ Trashi Norbuརྒྱུགས་རྒྱུགས་མར།Get away from me.
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokག་རེ།What?
- བཀྲ་ཤིས་ནོར་བུ་ Trashi Norbuཁོ་གད་མོ་སླངས་མཁན་ཞིག་འདུགYou are very funny.
- ངའི་དངུལ་ཚུར་འཁྱེར་ཤོག ལབ་ཡོད་དཱ།I warned you to give me my money.
- བཀྲ་ཤིས་ནོར་བུ་ Trashi Norbuའོ་ཁྱོད་རའི་དངུལ་སྤྲད་ཀོ། འ་ཨང་།I will give it back to you. It's not a big deal.
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokག་དུས་སྤྲད་ཀ ཁྱོད་རས་ངའི་དངུལ།When are you going to give me my money?
- བཀྲ་ཤིས་ནོར་བུ་ Trashi Norbuའོ་འོ། ཁོ་ན་དཀོན་མཆོགOh my God!
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokངའི་དངུལ་ཚུར་འཁྱེར་ཤོག་ཀས།Return my money.
- བཀྲ་ཤིས་ནོར་བུ་ Trashi Norbuའོ་བྱས། ལྟ་ལྟ་ཁྱོད་ར་ང་གཉིས་ད་ལྟ་འགྲོ་ནང་ལ་ཡཱ་ལེན་ཀ།I told you that I would return it. We can go to my home now.
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokའགྲོ་འགྲོ་འགྲོLet's go then.
- བཀྲ་ཤིས་ནོར་བུ་ Trashi Norbuངས་སྤྲད་ཀོI will give it back.
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokའགྲོ་འགྲོ་འགྲོLet's go then.
- བཀྲ་ཤིས་ནོར་བུ་ Trashi Norbuལྟ་བྱས་ན་ངས་ཁྱོད་ར་དངུལ་འདི་གས་ཕར་སྤྲད་ཀོ། ཁྱོད་རས་བྱུང་འཛིན་འཁྱེར་བྱས་དངུལ་གཞན་པ་དེ་མར་རག་སོང་ན་ངའི་རྩར་ལ་ཚུར་ཀྲག་སེ་འཁྱེར་ཤོག་ཨང་།I will give you your money. You take the receipt I will give and bring the other sum we paid to me.
- འོ་ལྟ་ལས་ཀ་འདི་ཁྱོད་རས་ལེན་ཀ་རྒྱུགས་ཨང་།Now it's your job to get the money from the officer.
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokབྱུང་འཛིན་ཡོག་རེད་པཱ་ཁྱོད་རར།You said you have the receipt, right?
- བཀྲ་ཤིས་ནོར་བུ་ Trashi Norbuའོ་བྱུང་འཛིན་ཡོད། ངའི་རྩར་ལ་ཡོད། འོ་འོ།Yes, I have it. It's with me.
- ལྟ་འོ་འདི་ངས་ད་ལྟའི་ཁྱོད་རའི་དངུལ་འདི་བྱས་ཕར་ཀྲག་སེ་སྤྲད་ཀོ། འགྲིག་གི་རེད་པཱ།I will give you the same amount back first. Is that okay?
- འོ་ངས་ཁྱོད་རར་དེ་ནས་བྱུང་འཛིན་འདི་གས་སྤྲད་ཀོ། ཁྱོད་རས་འདི་འཁྱེར་བྱས་ངའི་དངུལ། དངུལ་དེ་མར་ལེན་བྱས་ངའི་རྩར་ལ་ཚུར་འཁྱེར་ཤོག་ཨང་།Then I will give you the receipt. You take it and bring the other sum to me.
- ད་གཱ་རེད་པཱ།That's, right?
- བསྐལ་བཟང་ཕུན་ཚོགས་ Kelzang Püntsokའགྲིག་གི་རེད། འགྲིག་གི་རེད། འགྲོ།That's good. Let's go.
- བཀྲ་ཤིས་ནོར་བུ་ Trashi Norbuའོ་འོ།Okay.