Video Overview
འདི་ནི་རྐུན་མ་ཞིག་སྟེས་དབང་གིས་སྟག་ལ་ཞོན་ནས་དུག་སྦྲུལ་བཏུལ་ཞིང་ཕ་རོལ་དགྲ་ཚོགས་བཏུལ་བའི་དགོད་སྒྲུང་ཞིག་ཡིན།
- སྟག་འབུམ་རྒྱལ།གནའ་ཞིག་ལ་རྒན་མོ་མ་བུ་ཞིག་ཡོད།
- དེ་ནས་རྒན་མོ་དེར་རི་སྐོར་ཞིག་ཡོད།
- རྒན་མོ་ཡིས་ཉོག་དཀྲུགས་ནས།
- ཉོག་གི་མགོར་མར་སྐུ་བླུགས་ནས་བུ་མོ་ལ།
- ཁྱོད་རི་སྐོར་ཚང་ལ་སོང་ནས་ཉོག་སྐལ་བྱིན་ནས་ཤོག་ཟེར།
- ཁྱོད་སྟག་ལ་ཨེ་སྐྲག་ཟེར།
- ང་སྟག་ལ་མི་སྐྲག་ཐུག་ལ་སྐྲག་ཟེར།
- དེ་ནས་རྒན་མོ་མ་བུ་གཉིས་ལ་གླང་རྒན་ཞིག་ཡོད།
- གླང་རྒན་དེ་སྟག་གིས་བསད་ན་འདོད་ནས།
- སྟག་ཞིག་ཡོང་ནས་གྱང་རྩ་ནས་གླེབ་ནས་བསྡད་ཡོད།
- སྐབས་དེར་རྐུ་མ་ཞིག་གིས་གླང་རྒན་རྐུ་ན་འདོད་ནས་ཡོང་སྟེ།
- རྗེས་ན་སྦས་ནས་བསྡད་ཡོད།
- རྐུ་མ་དེས་གླང་རྒན་མཐོང་ནས།
- སྟག་མཐོང་ནས་གླང་རྒན་རེད་འདོད་ནས།
- སྟག་གི་རྒྱབ་ལ་རྒྱང་ནས་ལྡིང་བ་རེད།
- རྒྱང་ནས་ལྡིང་བས།
- སྟག་གིས་ཐུག་ཟེར་བ་འདི་མིན་ན་གང་ཡིན་འདོད་ནས།
- སྐྲག་ནས་མཆོངས་པ་རེད།
- མཆོངས་ནས་བྲོས་སོང་།
- ཁོ་སྐྲག་ནས་དེའི་རྒྱབ་ལ་འཐམ་ནས་དེ་ལྟར་བསྡད།
- ནགས་གསེང་ཞིག་ལ་སོང་།
- ནགས་གསེང་ཞིག་ན་དུག་སྦྲུལ་ཞིག་ཡོད།
- དུག་སྦྲུལ་དེར་ལམ་ནས་ཐུག
- སྟག་དང་དུག་སྦྲུལ་གཉིས་ཀྱིས་རྡུང་རེས་བྱས་པ་རེད།
- རྡུང་རེས་བྱས་ནས།
- ཁོ་ཡིས་སྡོང་བོ་ཞིག་གི་ཡལ་ག་ལ་འཐམ་ནས་རྒྱབ་ནས་ལྷུང་སོང་།
- ལྷུང་སོང་བས་སེམས་ཅན་གྱི་ཟོག་རྫི་ཡིས་མཐོང་ནས།
- རྒྱལ་བོ་ཚང་ཞིག་ཡོད།
- རྒྱལ་བོ་ཚང་དེ་དང་རྒྱལ་བོ་གཞན་ཚང་ཞིག་ལ་མ་འགྲིག་པར།
- དམག་དྲངས་རྒྱུ་ཟེར་བ་རེད།
- དེ་ནས་ཟོག་རྫི་ཚང་མས་མཐོང་བས།
- དེ་རིང་དེ་ལྟར་སྟག་ལ་ཞོན་པ་ཞིག་གིས།
- སེམས་ཅན་ལ་གནོད་འཚེ་བཏང་ནས།
- དུག་སྦྲུལ་མ་རུང་བ་ཞིག་ཡོད་པ་དེ་འདུལ་ཐུབ་པ་རེད།
- དེ་འདྲའི་ངར་བ་ཞིག་གན་ན་འགྲོ་བཞིན་ཡོད་ཟེར།
- སོང་ནས་དེ་ཁྲིད་ནས་ཤོག
- སོང་ནས་ཁྲིད་དེ་རྒྱལ་བོ་ཚང་ལ་སོང་།
- རྒྱལ་བོ་ཚང་ལ་སོང་ནས།
- ཁོང་གིས་དེ་ལྟར་དམག་ཡོང་བ་རེད་ལ།
- ཁྱོད་སྟག་ལ་ཞོན་ནས་དུག་སྦྲུལ་འདུལ་བ།
- དེ་འདྲའི་ངར་བ་ཞིག་རེད་ཟེར།
- དེ་ཡིན་ན་ཁོང་ཚང་ལ་སང་ཉིན་རོགས་ཤིག་བྱེད་དགོས།
- དམག་འཁྲུག་རྒྱག་དུས།
- དམག་དཔོན་དེར་ཁྱོད་འགྲོ་དགོས་ཟེར།
- བཀོད་པ་མེད་པ་རེད།
- ཁོ་ཡིས་ཁ་རོག་ལ་ཅི་ཞིག་བྱེད།
- འདང་བརྒྱབ་ནས་དེ་ལྟར་བསྡད།
- བསྡད་ནས་བློན་པོ་ཞིག་ལ།
- ཁྱོད་སོང་ན་ཁྱོད་ལ་ལག་ཆ་ཅི་ཞིག་དགོས།
- སང་ཉིན་དམག་དཔོན་ལ་སོང་ན།
- དེ་ལྟར་བཤད།
- དེ་ལྟར་དྲིས་ནས་ཤོག་ཟེར།
- དེ་ནས་བློན་པོ་དེ་ཡོང་ནས་རྒྱལ་བོ་ཡིས་བཤད་པ་ལ།
- ཁྱོད་སང་ཉིན་དམག་དཔོན་ལ་སོང་ན་ལག་ཆ་ཅི་ཞིག་དགོས།
- དམག་དཔོན་ལ་སོང་ནས་ཁྱོད་ཀྱིས་རོགས་བྱས་ནས།
- རྒྱལ་ཁ་ལོན་སོང་ན་ཁྱོད་ལ་ཅི་ཞིག་དགོས་ན་སྟེར་ཟེར།
- ཁོས་སང་ཉིན་འགྲོ་ཨེ་ཐུབ་འདོད་ནས།
- རྟ་དཀར་པོ་ཁ་ལག་ཏུ་ཆུད་པ་ཞིག་དང་།
- རྩི་ཏོག་མདུང་ཞིག་དགོས་ཟེར།
- དེ་ནས་བློན་པོ་དེས་སྐོར་ལོག་གོ་ནས་སོང་སྟེ།
- ཁོར་རྟ་དཀར་པོ་ཁ་ལོ་མེད་པ་ཞིག་དང་།
- དུག་གི་མདུང་ཞིག་དགོས་ཞེས་དེ་ལྟར་བཤད།
- དེ་ནས་ཕྱིའི་ནངས་མོར།
- དམག་གིས་གྲྭ་སྒྲིག་བྱས་ནས་དམག་འཁྲུག་རྒྱག་དུས།
- རྟ་དཀར་པོ་ཁ་ལོ་མེད་པ་ཞིག་དང་།
- དུག་གི་མདུང་ལག་ཏུ་བཞག་ནས་བཏང་བ་རེད།
- བཏང་ནས་རྟ་འདྲོག་ནས།
- སྒུར་ནས་དམག་གི་གསང་ཐུར་དུ་བུད་སོང་།
- མདུང་དུག་གི་མདུང་ཡིན་པས་འཕྲད་པ་ཚང་མ་ཤི་སོང་།
- ཁོ་སྐྲག་ནས་བདེ་སར་འཕངས་ཟེར་བ་དང་།
- འགྲམ་ཕྱོགས་སུ་འཕངས་ཟེར་ནས།
- དེའི་དམག་དཔོན་གཉིས་ཀྱི་མིང་ལ་བདེ་རིས་འགྲམ་རིས་གཉིས་ཀ་ཟེར།
- དེ་གཉིས་ཀྱིས་སྐོར་ལོག་གོ་ནས།
- བདེ་རིས་སོད་ཟེར་གི
- འགྲམ་རིས་སོད་ཟེར་གི
- ཕྱིར་འཁོར་ནས་བྲོས་སོང་།
- བྲོས་སོང་བ་དང་དེ་ནས་རྒྱལ་ཁ་ལོན་སོང་།
- དེ་ནས་ཁོ་རྒྱལ་བོའི་བློན་པོར་བཞག་ནས།
- བདེ་མོ་སྐྱིད་པོ་བྱས་ནས་བསྡད་པ་རེད།