Skip to main content Skip to search
15 Dec 2011
1 min 28 sec
Rating
0
No votes yet
Video Overview
Creators: 
Unknown

This title is part of a series of short (2-5 minute) dramatic enactments of contemporary life in Lhasa in the early 2000s. In this episode, Purdrön, a teen-aged schoolgirl, comes back late to her parents' home. Her father then scolds her for not doing well in school and for staying out late, which he contrasts to the better behavior of some of her friends. 

Show More

  • པཱ་ལགས། Father
    ག་པར་ཕྱིན་པ།
    Where did you go?
  • ཕུར་སྒྲོན་ Purdrön
    ཨམ་ བསླབ་གྲར།
    Um, to school.
  • པཱ་ལགས། Father
    བསླབ་གྲྭར།
    To school?
  • ཕུར་སྒྲོན་ Purdrön
    ཨམ།
    Um ...
  • པཱ་ལགས། Father
    དུས་ཚོད་ལ་ལྟོས་དང་། ད་དུང་སློབ་གྲྭ་ཡོག་རེད་པས།
    Look at the time! There's still school?
  • ཕུར་སྒྲོན་ Purdrön
    རྒན་ལགས་ཀྱིས་དགོང་མོའི་སློབ་ཚན་ཡོད་གསུང་གིས།
    The teacher says there is an evening lesson.
  • པཱ་ལགས་ Father
    མི་ཚོ་བསླབ་གྲག་(སློབ་གྲོགས་)ལོག་སླེབས་སོང་ངས། ཁོ་ཚོ་སློབ་གྲྭར་སློབ་སྦྱོང་ཡོག་མ་རེད་པས།
    Haven't your classmates come back? Don't they have studies at school?
  • ཕུར་སྒྲོན་ Purdrön
    ང་ཚོ་གྲོགས་མོ་འདི་གས་ཕྱི་ལོག་ལ་ཁ་ལག་བཟའ་ག་ཕྱིན་པ་ཡིན།
    We girlfriends went out to eat.
  • པཱ་ལགས་ Father
    ཨོའོ། ནང་ལ་ཁ་ལག་བཟའ་ཡག་མི་འདུག་གས། རྟག་པར་རེ་བཞིན་ཕྱི་ལོག་ཁ་ལག་བཟའ་ག ཕྱི་ལོག་ཁ་ལག་བཟའ་ག རང་སློབ་སྦྱོང་ལ་དོ་སྣང་བྱེད་ཀྱི་མིན་པས་ད།
    Oh! Don't we have food to eat at home? You always go out to eat, go out to eat! Aren't you going to care about your studies?
  • ཕུར་སྒྲོན་ Purdrön
    པཱ་ལགས་ནམ་རྒྱུན་ནས་ཞེ་དྲགས་འགྲོ་གི་མེད་པ།
    Dad, I usually don't go [out] very much.
  • པཱ་ལགས་ Father
    འོ་རེད། རང་གི་གྲོགས་མོ་ལྟོས་དང་། གྲོགས་མོ་ཡིག་ཚད་ག་འདྲས་བཏང་འདུག རང་གི་ཡིག་ཚད་ལ་ལྟོས་དང་།
    Oh right. Look at your friend. How was the exam your friend took? Look at your exam.
  • ཕུར་སྒྲོན་ Purdrön
    ཨོ་ནམ་རྒྱུན་འཛིན་གྲྭའི་ནང་ནས་རྗེས་ལུས་རང་ལས་མེད་ང་།
    I am not usually falling behind in class.
  • པཱ་ལགས་ Father
    འོ་རེད། རྟག་པར་རྗེས་ལུས་ལས་ཚར་ན་ཡག་པོ་ཡོག་རེད། ཡོན་ཏན་ཏིག་ཙམ་མེད་ན་གང་འདྲ་བྱེད་ག རང་གི་གྲོགས་མོར་ཏིག་ཙམ་ང་རྒྱལ་སྐྱེས་ཡག་མི་འདུག་གས།
    Right. It's good if you always fall behind. If you don't have a little education how will you make it? Can't you have a little pride [in relation] to your friend?
  • ཕུར་སྒྲོན་ Purdrön
    ལགས་སེ། པཱ་ལགས།
    Okay, dad.
  • པཱ་ལགས་ Father
    འ་ཛི། རང་ག་དུས་ཡིན་ནའི།
    Oh my, you are always like that.
  • ཕུར་སྒྲོན་ Purdrön
    པཱ་ལགས། ང་རས་རྗེས་མ་ནས་མ་ཕྱིན་ཆོག
    Dad, I won't go anymore.
  • པཱ་ལགས་ Father
    ད་གཟབ་ཙམ་བྱེད་ཨ། གཟབ་ཙམ། ད་རྒྱུགས།
    Now be careful! Be careful! Now go!