29 Dec 2015
2 min 1 sec
Video Overview
Creators:
Tibetan & Himalayan Library
This is a video of Khyungdo from Garu Village in Chentsa singing a song called "The Father-In-Law is like the Sky." This song is part of a series of folk songs from the Rebgong cultural area.
འདི་ནི་རེབ་གོང་ས་ཁུལ་གྱི་དམངས་གླུ་ཞིག་སྟེ། དུས་རྒྱུན་གཉེན་སྟོན་སོགས་ཀྱི་སྐབས་སུ་ལེན་པ་ཡིན།
གླུ་འདི་ནི་དུས་རྒྱུན་གཉེན་སྟོན་གྱི་སྐབས་སུ་ལེན་པ་དང་། གླུ་ཚིག་གི་ནང་དོན་ཡང་ཨ་ཞང་ཚོ་བསུ་མ་བྱེད་ཚུལ་ལ་བསྟོད་པ་ཡིན་ལ། ཨ་ཞང་ལ་བསྟོད་པའི་ཞོར་དུ་བསུ་མ་བྱེད་པ་དང་མཚམས་འདྲི་ཡང་བྱས་ཡོད། ཚན་པ་དང་པོའི་ནང་དུ་ཨ་ཞང་རྣམས་འབྲུག་ལྗང་སྐྱར་བཅིབས་ནས་ཡོང་བར་དཔེ་བཞག་ཡོད་པ་དང་། ཚན་པ་གཉིས་པར་འབྲོང་རུ་དམར་ལ་བཅིབས་ཏེ་ཡོང་བར་ཆ་འཇོག་བྱས་ཡོད།
- ༼ ཡེ་་་་་ཡ་རེ་་་་་་ད་ཡ་རེ་ལེན་དགོ ༽
- དགུང་ཨ་སྔོན་འདྲ་བའི་ཨ་ཞང་ཁྱེད་ཀྱིས། །
- འབྲུག་ལྗང་སྐྱ་འདྲ་བའི་བཅིབས་པ་བཅིབས་ནས། །
- སྤྲིན་དཀར་པོ་འདྲ་བའི་མནའ་མ་བསྐྱེལ་ནས། །
- ཁྱེད་སྐུ་ཚེགས་འོ་བརྒྱལ་མ་མྱང་ངམ། །
- རྫ་ཁྲ་ཡག་འདྲ་བའི་ཨ་ཞང་ཁྱེད་ཀྱིས། །
- འབྲོང་རུ་དམར་འདྲ་བའི་བཅིབས་བཅིབས་ནས། །
- རྩྭ་རྩི་ཐོག་འདྲ་བའི་མནའ་མ་བསྐྱེལ་ནས། །
- ཁྱེད་སྐུ་ཚེགས་འོ་བརྒྱལ་མ་མྱང་ངམ། །
- ཆུ་རྨ་ཆུ་འདྲ་བའི་ཨ་ཞང་ཁྱེད་ཀྱིས། །
- ཉ་གསེར་མིག་འདྲ་བའི་བཅིབས་པ་བཅིབས་ནས། །
- ཆུ་རྦ་རླབས་འདྲ་བའི་མནའ་མ་བསྐྱེལ་ནས། །
- ཁྱེད་སྐུ་ཚེགས་འོ་བརྒྱལ་མ་མྱང་ངམ། །
- ངས་འདི་མོ་ཞིག་གིས་ལྟ་བ་བྱེད། །