Skip to main content Skip to search
05 Jan 2016
2 min 46 sec
Video Overview
Creators: 
Tibetan & Himalayan Library

This is a video of Tsethar Bum from Yonru Village in Chentsa singing "The Father-In-Law Is the Happiest Man." This song is part of a collection of folk songs from the Rebgong cultural area.

གླུ་འདི་ནི་མདོ་སྨད་ས་ཁུལ་གྱི་གཉེན་སྟོན་སོགས་ཀྱི་སྐབས་སུ་ཨ་ཞང་ལ་བསྟོད་པ་བྱེད་པའི་གླུ་ཞིག་ཡིན།

གླུ་འདིའི་རིགས་ནི་དུས་རྒྱུན་གཉེན་སྟོན་གྱི་སྐབས་སུ་ལེན་པ་དང་། དོན་གྱི་ཆ་ནས་གཉེན་ཚང་གིས་ཨ་ཞང་ཚང་ལ་བསྟོད་པ་བྱེད་པ་ཞིག་ཡིན། ཁྱེད་ཨ་ཞང་མགྲོན་གྱི་གཙོ་བོ་ཡིན་པས་གྲལ་མགོ་ནས་བཞུགས་པ་དང་། མ་སྲི་མོ་རྣམས་ཀྱིས་ཆང་སྐལ་དྲངས། ཡང་སྟག་ཤར་མང་པོས་སྔུན་ནས་བསུ་མ་བྱེད་པས་དེ་རིང་མགྲོན་གྱི་ནང་ནས་ཨ་ཞང་སྐྱིད་ཅེས་པའི་དོན་ནོ།

Transcript search
No results found for this search
0 of 0
  • ༼ཡེ་་ཡེ་ཡ་རེ་་་གླུ་བ་ལོ་ལོ་་་གླུ་ཞིག་ལེན༽
  • ཤིང་གི་ནང་ནས་སྟག་པ་སྐྱིད། ། ༼ཡེ་ཡ་རེ་་་གླུ་བ་ལོ་ལོ་་་གླུ་ཞིག་ལེན༽
  • ཤིང་སྟག་པ་སྐྱིད་ཚུལ་བཤད་རྒྱུ་ན། ། ༼ཡེ་ཡ་རེ་་་གླུ་བ་ལོ་ལོ་་་གླུ་ཞིག་ལེན༽
  • མཛོ་ཁྱུང་དཀར་གཉིས་ཀྱི་བར་ན་འཐེན། ། ༼ཡེ་ཡ་རེ་་་གླུ་བ་ལོ་ལོ་་་གླུ་ཞིག་ལེན༽
  • སྟག་ཤ་ར་ཞིག་གིས་རྗེས་ནས་བསྐྱོར། ། ༼ཡེ་ཡ་རེ་་་གླུ་བ་ལོ་ལོ་་་གླུ་ཞིག་ལེན༽
  • ཤིང་སྟག་པའི་སྐྱིད་ཚུལ་འདི་མོ་རེད། ། ༼ཡེ་ཡ་རེ་་་གླུ་བ་ལོ་ལོ་་་གླུ་ཞིག་ལེན༽
  • མི་ཡི་ནང་ནས་ཨ་ཞང་སྐྱིད། ། ༼ཡེ་ཡ་རེ་་་གླུ་བ་ལོ་ལོ་་་གླུ་ཞིག་ལེན༽
  • ཁྱེད་ཨ་ཞང་ཚང་མ་མགོ་ནས་བཞུགས། ། ༼ཡེ་ཡ་རེ་་་གླུ་བ་ལོ་ལོ་་་གླུ་ཞིག་ལེན༽
  • མ་སྲུ་མོ་གཉིས་ཀྱིས་ཆང་སྐལ་དྲངས། ། ༼ཡེ་ཡ་རེ་་་གླུ་བ་ལོ་ལོ་་་གླུ་ཞིག་ལེན༽
  • སྟག་ཤ་ར་ཞིག་གིས་བསུ་བ་བྱས། ། ༼ཡེ་ཡ་རེ་་་གླུ་བ་ལོ་ལོ་་་གླུ་ཞིག་ལེན༽
  • འདི་ཨ་ཞང་སྐྱིད་ཚུལ་འདི་མོ་རེད། ། ༼ཡེ་ཡ་རེ་་་གླུ་བ་ལོ་ལོ་་་གླུ་ཞིག་ལེན༽