Video Overview
A man falls into a dragon hole and emerges in another world before a Lama brings him back home.
- འབྲུག་སྐྱིད།གནའ་ཞིག་ལ།
- མི་ཞིག་འབྲུག་དོང་ཟེར་བ་དེའི་ནང་དུ་ལྷུང་བ་རེད།
- འབྲུག་དོང་ཟེར་བ།
- རྩྭ་སབ་བེ་སིབ་བེ་ཞིག་གི་ནང་ཐུར་དུ་ལྷུང་བ་རེད།
- ནང་དུ་ལྷུང་དུས་མ་རིབ་མར་རིབ་ཞིག་ཡིན་པ་རེད།
- དེ་ནས་ཁོ་མ་རིབ་མར་རིབ་དེའི་ཐོག་ནས་སོང་དུས།
- རློན་པ་འདྲ་བ་ཞིག་བཞུར་ནས་ཡོང་བ་རེད།
- དེ་ནས་རློན་པ་དེ་ཁར་རེག་དུས།
- མར་སྐུ་འདྲ་བ་ཞིག་འབྱ་མེ་འབྱར་མེ་ཞིག་ཡིན།
- དེ་འཐུང་ནས་བསྡད་དུས།
- བར་ཞིག་ལ་ཐོག་ནས་ཛ་རེ་ཛི་རེ་ཞིག་ཡོད།
- དེ་ནས་དེ་ཡོང་ཐབས་མེད་ལ།
- བར་ཞིག་ལ་འོག་གི་དེ་འགུལ་བ་རེད།
- དེ་ནས་འགུལ་ནས་སྐྲག་པས།
- ཛ་རེ་ཛི་རེ་དེ་ཚོ་འཐེན་པས།
- འབྲུག་གནམ་ལ་འཕུར་བ་རེད་ཟེར།
- བར་ཞིག་ལ་འཐེན་ནས་ཁོས་ས་བཅག་ཞིག་བྱས་ནས་ཐང་ལ་གཡུགས།
- འཇིག་རྟེན་གཞན་ཞིག་གི་སྟེང་དུ་གཡུགས་པ་རེད།
- མི་ཚང་མ་མར་གྱིས་ལས་པ་དེ་འདྲ་ཞིག་རེད།
- དེ་ནས་ཁོ་ཡིས་མཐོང་དུས་ལྡག་ན་འདོད་པ་དེ་འདྲ་ཞིག་རེད།
- མི་རེ་རེས་ལྡག་ན་མི་དེ་ཚོ་ཤི་འགྲོ་བ་ཞིག་རེད།
- དེ་ནས་ཨ་ཁུ་ཞིག་འདོན་དུ་ཡོང་ནས།
- དེ་ཡིས་ཀྱང་ལྡག་ན་འདོད་ནས་མ་བཟོད་པར།
- ལྕེ་ལྒག་བྱས་པས་ཨ་ཁུ་ཡང་ཤི་སོང་།
- ཉིན་ཞིག་ལ།
- ཉིན་ཞིག་ལ་ཨ་ཁུ་དང་འདྲ་བ་ཞིག
- ལྕེ་ཡིས་ལས་པ་དེ་འདྲ་ལྡག་ན་མི་འདོད་པ།
- ནོར་གྱི་ལྕེ་འདྲ་བ་དེ་འདྲའི་ཨ་ཁུ་ཞིག་ཡོང་བ་རེད།
- དེ་ཡིས་ལྡག་ན་མི་འདོད་པར་ལྕེ་འདྲ་བ།
- ལྕེ་ཡིས་ལས་པ་འདྲ་བ།
- ཨ་ཁུས་དེའི་རྒྱུ་བ་འདྲ་བོ་ལྕེ་ཡིན་པ་དེ་འདྲ་ཞིག་རེད་ཟེར།
- དེ་ཡིས་ཞོལ་ནས་ཁ་རོག་ལ་བལྟས་ནས་བསྡད་དུས།
- བར་ཞིག་ལ་ཁོར་མང་པོ་ཞིག་བྱིན་པ་རེད།
- མཁར་ཁང་བ་དང་དེ་དག་བྱིན་ཟེར།
- རྒྱུ་ནོར་དང་རྟ་ནོར་ལུག་གསུམ་བྱིན་པ་རེད།
- དེ་ནས་ཁོར་མེད་པ་ཅི་ཡང་མེད།
- དེ་འདྲ་མང་པོ་ཞིག་བྱིན་ནས་ཁྱོད་སོང་ཟེར།
- དེ་ནས་སོང་ཟེར་ནས་ཁོ་དཀར་ཤག་སེ་བཏང་བ་རེད་ཟེར།
- བལྟས་དུས་ཁོ་དེང་མ་ཡི་རང་གི་ས་ཆ་དེར་འཕངས་ཡོད་ཟེར།
- ཁོར་མང་པོ་ཞིག་བྱིན་ཡོད་འདོད་ནས་བལྟས་དུས།
- མཁར་ཁང་བ་ཚང་མ་རྩྭ་དང་རྩི་ཏོག་གིས་ལས་པ་དག་དག་རེད།
- རྒྱུ་ནོར་ཚང་མ་རྩམ་པ་ཡིས་ལས་པ་དག་དག་རེད་ཟེར།
- ཁོ་གཏོར་མ་འགའ་ཡི་ནང་ན་ཡོད་གི་ཟེར།