Video Overview
The extraction of poison is an important method for treating different diseases. Karma has been practicing this healing method—which he learned from the elders in the village—for a long time. Local people strongly believe in its healing powers. They rely almost exclusively on healers to treat diseases such as bjaney. The healer makes an incision with a blade, and, using a horn with a hole at its tip, sucks blood from the patient. It is believed that the healer sucks the diseases out of the patient. Nag bjaney (“black bjaney”) is considered more severe and the healer cannot use his mouth. THe only healer in the area, Karma said that this practice should be taught to younger generations. However, one has to possess certain talents and abilities in order to be able to heal others.
༉ བཀྲིས་སྒང་རྫོང་ཁག་ཕོངས་མེད་རྒེད་འོག་ གཡུས་གླེམ་ནང་ དུག་བཏོན་བཏང་ནིའི་ལམ་སྲོལ་འདི་ ཧེ་མ་ལས་ཡོདཔ་ཨིན་མས། དུག་བཏོན་བཏང་ནི་འདི་ དུག་ལས་བརྟེན་པའི་ནད་གཞི་ཚུ་དྲག་ནི་གི་ཐབས་ཤེས་ཅིག་ཨིནམ་ད་ གླེམ་གཡུས་ཚན་ནང་ལས་ཀརྨ་་གིས་ ཐབས་ཤེས་འདི་བཟུམ་འདི་ གཡུས་ཁའི་མི་རྒས་ཤོས་ཚུ་ལས་ལྷབ་སྦེ་ སྨན་བཅོས་འབད་ནི་འགོ་བཙུགས་ནུག གཡུས་དེ་ནང་ཐབས་ཤེས་འདི་བཟུམ་ ནམ་བྱུང་ཡི་ག་ འགོ་ག་གིས་བཙུགས་ཅི་གའི་སྐོར་ལས་བྱུང་རབས་གཏན་གཏན་ཅིག་མིན་འདུག ད་རུང་ གཡུས་དེ་ནང་གི་མི་ཚུ་གིས་ རྒྱ་ནད་དྲག་ནིའི་དོན་ལུ་ འདི་བཟུམ་མའི་ཐབས་ཤེས་ལུ་ཡིད་ཆེས་བསྐྱེདཔ་ཨིན་མས། ཁོ་གིས་ ཤ་གཅད་ནིའི་དོན་ལུ་སྐྱ་གྱི་དང་ སྤྱི་ཏོག་གུ་དོང་ཡོད་མི་རྭཝ་འདི་ལག་ལེན་འཐབ་སྟེ་ རྭཝ་གི་ཁ་སྦོམ་འདི་ ཤ་བཅད་ས་ཁ་ཐུག་བཀལ་ རྭཝ་ཁ་ཆུང་ཀུ་འདི་ ཁོ་རའི་ཁ་གུ་དཔག་སྟེ་ཁྲག་འཇིབ་དོ་ཡོདཔ་ད་ ནད་གཞི་དེ་ཁ་གིས་འཇིབས་ཏེ་བཏོན་བཏངམ་ཨིན་པས། རྒྱ་ནད་དེ་དུག་དྲགས་ཅིག་འབད་ནི་དེ་གིས་ ཁ་གིས་འཇིབ་ནི་མེདཔ་ཨིན་མས། གཡུས་དེ་ནང་ དེ་བཟུམ་གྱི་སྨན་བཅོས་འབད་མི་ཀརྨ་རྐྱངམ་ཅིག་ཨིནམ་ད་ ཁོ་གིས་བཤད་མི་ནང་ དེ་བཟུམ་མའི་ཐབས་ཤེས་འདི་ ན་གཞོན་ཚུ་ལུ་ཡང་སྟོན་དགོཔ་འདུག་ཟེར་ཨིན་མས། སྨན་བཅོས་འབད་ནིའི་དོན་ལུ་ རིག་སྟོབས་དང་ལྕོགས་གྲུབ་ཚུ་ཡང་དགོ་དོ་ཡོདཔ་མས།
- Trashigang
- Phongme
- Lem
- སྐལ་བཟང་དབང་ཕྱུག་Kelzang Wangchuk: ཞག་དྲུག་འགྱོ་དོ་ག་ བདུན་འགྱོ་དོ་ག་ འགྱོ་དོ་འོང་ནི་མས།
- ཀརྨ་Karma: ཕུད་ཤིག
- སྐལ་བཟང་དབང་ཕྱུག་Kelzang Wangchuk: ཨ་ནཱི་སྦེ་ ཨ་ནཱ་ལས་འོང་སྦེ་ ཨ་ནཱ་ཚུན་ཚོད་ལྷོདཔ་མས།
- ཀརྨ་Karma: བཞར་ནུག་བ་ཏེ་མེན་ན? གསོན་འདྲེ་གིས་བཞར་བཞརཝ་མེན?
- སྐལ་བཟང་དབང་ཕྱུག་Kelzang Wangchuk: མ་ཤེས་ བཞར་བ་ཅིན་ཚ་འོང་ མི་ཚ་བས་འ་ནི།
- ཀརྨ་Karma: མེན་ རྨ་འཐོན་ནུག་ཁྱོད་ཀྱི་འ་ནཱི་འདི།
- སྐལ་བཟང་དབང་ཕྱུག་Kelzang Wangchuk: འ་ནཱི་ ཕར་ལོགས་ཅིག་ཁ་ལུ་ ག་ནི་ཡང་མི་འབད་བས་ཏེ་ འ་ནཱ་ལས་མར་ དེ་སྦེ་འ་ནཱ་ཚུན་ལྷོདཔ་མས།
- ཀརྨ་Karma: གསོན་འདྲེ་གིས་བཞར་ནུག གསོན་འདྲེ་གིས་ མ་ལེགས་པ་མེནམ་པས་འ་ནཱི་ གསོན་འདྲེ་གིས་བཞར་ནུག་སྨེ་ཁྱོད་འདི།
- སྐལ་བཟང་དབང་ཕྱུག་Kelzang Wangchuk: སྦྱིར་རི་རི་བཏང་ ཨ་ནཱ་ལས་མར་རང་ལྷོདཔ་མས།
- ཀརྨ་Karma: འུམ་བལྟ་ཤིག་ གསོན་འདྲེ་གིས་བཞར་ནུག
- སྐལ་བཟང་དབང་ཕྱུག་Kelzang Wangchuk: ཨ་ནཱ་ལས་མར་རང་ [ཆུན་ཕ་ན་?] འ་ནཱ་འདི་ རྨ་འཐོན་འཐོནམ་བཟུམ་སྦེ་ར། ཤུགས་འདི་ཨ་ནཱ་རང་འབདཝ་མས ཨོལ་ལྐོག་ལས་མར། ཨ་ནཱ་ལས་ཡར།
- ཀརྨ་Karma: ཡ་དེན་ད་ ཁག་གསུམ་སྦེ་འདུག་སྨོ་ཤིག་ ཁག་གཉིས་གསུམ་དེ་ཅིག་འདུག་སྨོ་ཤིག
- སྐལ་བཟང་དབང་ཕྱུག་Kelzang Wangchuk: ཨོང་ཟེར་ གཅིག་འདི་
- ཀརྨ་Karma: རྨ་འཐོན་ནུག རྨ་འཐོན་ བལྟ་ཤིག་ གསོན་འདྲེས་གིས་བཞར་ནུག སེན་མོ་གི་པར་ཡང་ཐོན་ཏེ་འདུག སེན་མོ་གི་རྗེས་གསལ་རི་རི་སྦེ་འཐོན་ཏེ་འདུག་ཨ་ནཱ།
- སྐལ་བཟང་དབང་ཕྱུག་Kelzang Wangchuk: འ་ནཱ་ལུ་ ཤུགས་འ་ནཱ་ གཅིག་ཨ་ནཱ་ལུ་ འབད་ཚུགས་ཚུགསཔ་ཅིག་ རྩ་འགེངས་ཡི་འགེངས་ནི་འདི་ང་གིས། གཞན་ཅིག་འབད་བ་ཅིན་ མདང་ཞག་ར་འཚབ་འཚུབ་འབད་འབད་འོང་། འ་ནཱ་རང་ལྷོདཔ་མས་ཨ་ནཱ་ལུ།
- ཀརྨ་Karma: གསོན་འདྲེ་གིས་ཨིན་མས་གསོན་འདྲེ་གིས་ ཁྱོད་ཀྱི་འདི་གསོན་འདྲེ་གིས་ཟེར་ ཨ་རྟག་ར་གསོན་འདྲེ་འབདཝ་མས་བ་ཏེ། ལེན་ཞིནམ་ལས་དྲག་འོང་།
- སྐལ་བཟང་དབང་ཕྱུག་Kelzang Wangchuk: ཁ་ཙ་ཨ་ནཱི་ གོ་ཐལ་ཚ་ཏོམ་དང་བཏངན་ན་ཟེར་སླབ་དེས་ དུས་འཕྲོ་ལས་ར་ ལ་ཕུག་གིས་དྲག་པས་ཏེ་ ལ་ཕུག་མེད་པར་ལུས་སོང་ཡི་ཏེ།
- སྐལ་བཟང་དབང་ཕྱུག་Kelzang Wangchuk: ནཱ་བཀུགཔ་ནི་མེད་པར་ མི་བདེ་བས་མེན་ན?
- ཀརྨ་Karma: ཨ་ཙི་ཚུར་ གང་རྐྱལ་འབད་ཤིག་ ཚུར་ལྟ་གང་རྐྱལ་འབད་ཤིག
- སྐལ་བཟང་དབང་ཕྱུག་Kelzang Wangchuk: ཉམས་མེད་ནི་དེ་གིས་ ན་ཧིང་ འ་ནཱི་ནད་གཞི་ཐོབ་ཞིནམ་ལས་ར་ ང་ཉམས་ཤོར་ཡི་བ་ ཆུང་ཀུ་འགྱོ་ཡི་བ།
- སྐལ་བཟང་དབང་ཕྱུག་Kelzang Wangchuk: འ་ནཱི་གིས་ ཕྱག་ལྟག་གུ་ལས་མར་ འ་ནཱ་ཕྱག་ལྟག་གུ་ལས་མར་ནཝ་མས། འ་ནཱི་ནང་ཡང་གཅིག
- སྐལ་བཟང་དབང་ཕྱུག་Kelzang Wangchuk: ད་ལྟོ་གི་ནཱ་ནཝ་མས་ འ་ནཱ་ལུ་འདི་བཙུགས་མི་བཏུབ་ནི་འདྲས།
- སྐལ་བཟང་དབང་ཕྱུག་Kelzang Wangchuk: ཨ་ནཱི་རུ་ཏོ་གུ་བཙུགས་བཏུབ་ག་མི་བཏུབ་ག་མ་ཤེས། ཨ་ནཱ་ལས་འབད་ཨ་ནཱ་ཚུན་ཚོད་ལྷོདཔ་མས།
- སྐལ་བཟང་དབང་ཕྱུག་Kelzang Wangchuk: ཨ་ནཱ་ལས་མར་ལྟ་མི་འབད་བས་ ཨ་ནཱ་ལས་ཡར་ལྟ་རྐྱངམ་ཅིག་ནཝ་མས།
- ཀརྨ་Karma: ད་གཞུང་གི་ལུགས་སྲོལ་འབད་བ་ཅིན་ འ་ནཱི་བསྐོར་ནད་ཟེརཝ་མས་བ་ འ་ནཱི་ མ་ལེགས་པ་ནད་ ང་བཅས་ར་ནཱ་ལེན་ཐངས་འབད་བ་ཅིན་ འ་ནཱི་བསྐོར་ནད་གྲངས་སུ་ཚུདཔ་མས་བ་འ་ནཱི་ མ་ལེགས་པའི་གྲངས་སུ་སྦེ། འ་ནཱི་མ་ལེགས་པ་འདི་ ཁོ་མ་པ་ལས་ར་ སྦྱིར་རི་རི་བཏང་སྦེ་ གསོབ་དོ་བཟུམ་སྦེ་སྦྱིར་རི་རི་བཏང་འབདཝ་མས་བ།
- ཀརྨ་Karma: སྦྱིར་རི་རི་བཏང་ གསོབ་དོ་བཟུམ་འབདཝ་ད་ལུ་འདི་ འ་ནཱི་བཟུམ་འཐོན་འོང་ ནད་གཞི་འབད་བ་ཅིན་ ཁྲག་ཀོག་ཏོ་སྦེ་འཐེན་འོང་ཁོ་གི་ འ་ནཱ་ ཀོག་ཏོ་སོ་སོ་སྦེ་འཐོན་འོང་ ཏེ་ད་ཁོ་འ་ནཱི་གཞན་ གསོན་འདྲེ་བཟུམ་འབད་བ་ཅིན་ ཁྲག་འ་ནཱི་བཟུམ་ཀོག་ཏོ་མི་འོང་ཁོ་ ཁྲ་ཨ་ཙི་དམར་ཚེག་ཚེ་སྦེ་འཐོན་འོང་ཁོ།
- ཀརྨ་Karma: ཁོ་གང་འ་ནཱི་ ཀོག་ཏོ་སྦེ་མི་འོང་ འ་ནཱི་འདི་ བསྐོར་ནད་ཀྱི་གྲངས་སུ་སྦེ་ ཁོ་འདི་འ་ནཱི་མ་ལེགས་པ་ ང་བཅས་ཀྱིས་འདི་ མ་ལེགས་པ་ཟེར་སླབ་འབད་དོ་བ་འ་ནཱི། འ་ནཱི་བཟུམ་འོང་ནི་ཡོད་ འ་ནཱི་ང་བཅས་ར་ནང་པ་བཅོས་ཐབས་རེ་འབད་བ་ཅིན་ ཚར་གཅིག་གུ་གསོབ་དོ་བཟུམ་འབད་ སྦྱིར་རི་རི་བཏང་འབདཝ་ད་ལུ་ འ་ནཱི་རྭཝ་གིས་འབད་ལེན་སྦེ་ ལག་ལེན་འཐབ་བཏངམ་ད་ལུ་ ཨ་ཙི་ཅིག་ ཐདམ་ཐད་ཁར་ ཨ་ཙི་ཅིག་དྲགཔ་ཨིན་འ་ནཱི།
- ཀརྨ་Karma: ཏེ་ད་ ཡུན་རིངམོ་སྦེ་ན་མི་འདི་ ག་ཅི་སྨོ་ཟེར་བ་ཅིན་ འ་ནཱི་གཅིག་ ང་བཅས་ར་འ་ནཱི་གསོན་འདྲེ་གིས་བཞར་བཞརཝ་འབད་བ་ཅིན་ ཨ་ཙི་ཅིག་ [མེ་ལེ་ལེ་འབད་ན་སྟེ་སྡོདཔ་མ་གཏོགས་?] གནམ་མེད་ས་མེད་ གསོབ་སྟེ་མི་འབད་ཁོ་ འ་ནཱི་མ་ལེགས་པ་གིས་འདི་ ཚར་གཅིག་གུ་གསོབ་སྟེ་ སྦྱིར་རི་རི་བཏང་འབད་འོང་ཁོ།
- ཀརྨ་Karma: འ་ནཱི་སྦེ་ མགྱོགས་པར་མགྱོགས་པར་ རྭཝ་དཔག་སྟེ་མ་ལེན་པ་ཅིན་ ཚར་གཅིག་གུ་ཁོ་གིས་རྩ་བསྡུ་འབགཔ་ད་ལུ་ རྩ་བརྒྱུད་དེ་གནམ་མེད་ས་མེད་འགྱོ་འོང་ཁོ་གིས་ འགྱོཝ་ད་ལུ་ རྩ་བརྒྱུད་འགྱོཝ་ད་ [ཁག་ཏང་སྦེ་འགྱོ་འོང་?] འགྱོཝ་ད་ལུ་ དེ་ལས་ཁྲག་རྩ་ལུ་འཛུལ་འགྱོཝ་ད་ལུ་ ཚར་གཅིག་གུ་ཤི་འོང་འ་ནཱི་གིས།
- ཀརྨ་Karma: ཏེ་སྨན་ཁང་ལུ་ཡང་ ད་ལྟོ་ཚར་གཅིག་མི་བསྟེན་ཟེརཝ་འདི་མེན་ ང་བཅས་ར་དེ་འཕྲོ་ལས་བསྟེན་བཏང་པ་ཅིན་ཁོ་ སྨན་དང་བསླ་བསྲེས་རྐྱབ་བཏངམ་ད་ལུ་ ཁོ་འ་ནཱི་སྨན་དང་གཅིག་ཁར་འདི་ ལེགས་ཤོམ་མི་འབད་ ཆང་རེ་འཐུང་ ཤ་རེ་ཟ་བཏང་པ་ཅིན་ འ་ནཱི་གིས་ཚར་གཅིག་གུ་ མི་དེ་འཕྲོ་ལས་ཤིཝ་ཨ་ནཱི་གིས།
- ཀརྨ་Karma: ད་ལྟོ་ང་བཅས་ཀྱི་ ཏེ་ད་ དུག་ཐོབ་ཐོབ་རེ་འབད་བ་ཅིན་ ཏེ་ཨ་ཙི་ཅིག་ཁོ་གི་ ཐོག་ཁར་ལྦ་ག་བཟུམ་སྦེ་ སོ་སོ་སྦེ་འཐོན་འོང་ཁོ་ ཐོག་ཁ་ལས་ལྦ་ག་སྦེ་ ཁྲག་ཀོག་ཏོ་སྦེ་མི་འོང་ཁོ་ ཨ་ཙི་ཅིག་ཐོག་ཁར་ལྦ་ག་སྦེ་ འ་ནཱི་སྦེ་སྡོད་འོང་ཁོ།
- ཀརྨ་Karma: ཏེ་མ་ལེགས་པ་འབད་བ་ཅིན་ འ་ནཱི་ཨིན་ཏེ་ད་ དུག་འབད་བ་ཅིན་ ཨ་ཙི་ད་རུང་ སོ་སོ་འོང་ཁོ། ཏེ་འ་ནཱི་འདི་ ཚར་གཅིག་གུ་ལེནམ་ད་ལུ་མི་དྲག་ཁོ་འདི་ དུག་རེ་ཐོབ་ཐོབ་འབད་བ་ཅིན་ ཕོཝ་རེ་ན་འ་ནཱི་ཡོད་པ་ཅིན་ ཚར་གཉིས་གཉིས་གསུམ་གསུམ་ག་དེ་འབད་རུང་ལེན་དགོ་ཁོ།
- ཀརྨ་Karma: མ་པ་ལས་ར་ཏེ་ད་ དྲག་མ་ཚུགས་པ་ཅིན་ཏེ་ ད་རུང་འ་ནཱི་མ་ལེགས་པ་ཕོག་པ་ཅིན་ ཤེལ་ཕོར་བརྡབ་ནི་ཅིག་འོང་ ཤེལ་ཕོར་བརྡབ་བཏངམ་ད་ལུ་ཁོ་ ཚར་གཅིག་གུ་མེ་གིས་འབད་ནེམ་བཏང་འདི་ཁོ་ ཏེ་ཧིང་སངས་ས་ཕྱག་བཏང་འོང་ཁོ་ དྲག་འོང་འདི་གིས། ད་ཞུ་ནི་ཟེར་རུང་ གནམ་མེད་ས་མེད་ཅིག་མེད་ འ་ནཱིམ་ཅིག་རང་ཨིན་ ང་བཅས་ར་ནང་པའི་དྲུང་འཚོ་གི་འབད་བ་ཅིན་ འ་ནཱིམ་ཅིག་ཨིན་ཨེ་ཧེ་ཧི་ཧི་ཧི།། །།