15 Dec 2011
2 min 32 sec
Video Overview
Creators:
Unknown
A couple takes turns expressing pain associated with a particular body part.
- Lhasa
- Ü
- བུད་མེད་ Womanརྒན་ལགས་ངའི་རྐང་པའི་ཚིགས་འདི་ཞེ་པོ་ཅིག་ན་གིས། འདའ་གཟིགས་དང་འདི།Sir, I have acute pain in my ankle. Look at it.
- སྐྱེས་པ་ Manཨེ་འདའ།Show me.
- བུད་མེད་ Womanའདའི།Here.
- སྐྱེས་པ་ Manའ་རྫི།Damn!
- བུད་མེད་ Womanཚིགས་ཞེ་པོ་ཅིག་ན་གིས།The ankle hurts a lot.
- སྐྱེས་པ་ Manབྱས་ཙང་། ང་ནི་རྒྱུ་ལྷག་ན་ཚ་བཏང་ནས། ཨཱ་རི།In my case, I got appendix pain.
- བུད་མེད་ Womanང་ནི་མགོ་རྒྱོའོ་ན་གིས། མགོ་ཨེ་འདྲས་བྱེད་ཀྱིས། པེང་པེང་། མགོ་ཞེ་པོ་ཞིག་ན་གིས།And I have a bad headache, the pain throbs.
- སྐྱེས་པ་ Manང་འདའི་དཔུང་པ་ད་ཤག་ན་ན་ན་པ་རེད།These days, I have regular shoulder pain.
- བུད་མེད་ Womanལྟ་ད་དུང་ང་འདའི་སྟོད་སྒལ་ན་བྱས་ཕར། འདའི་ན་བྱས།I have back pain which makes me helpless.
- ལྟ་ད་དུང་ཡང་རྩིབ་མ་འདི་གས་འདི། རྩིབ་མ་རེ་རེ་བྱས།In addition to that, these ribs,
- སྐྱེས་པ་ Manཨཱ་ལས།I see.
- བུད་མེད་ Womanཟུག་ཅིག་རྒྱག་གིས།give me a sharp pain.
- སྐྱེས་པ་ Manལྟ་ང་འདའི། ཧེ་་་།And I have something here.
- བུད་མེད་ Womanའདའི་ག་རེ་འདུག མཁལ་མ།What is there? Is it kidneys?
- སྐྱེས་པ་ Manམཁལ་མ།Yes, kidneys.
- བུད་མེད་ Womanཨའང་།Oh!
- སྐྱེས་པ་ Manལྟ་ན་ནས། དེ་ཤག་གནམ་གཤིས་ཡག་པོ་མི་འདུག་གཱThey hurt me. These days, the weather is not good.
- བུད་མེད་ Womanབྱས་ཙང་།Right.
- སྐྱེས་པ་ Manའདི་ཡིན་ནམ་ཞེ་པོ་ན་གིས། ན་ཚ་ཞེ་པོ།I think it is because of the bad weather. The pain is excruciating.
- བུད་མེད་ Womanབྱས་ཙང་ཡང་སྐེད་པ་ནི་སྐེད་པ་ན་གིས། འདའི། འདའི། འདིའི་སྒང་དེར།Also, I got pain in my waist. Here, in the upper portion of it.
- སྐྱེས་པ་ Manའོ་འོ།I see.
- བུད་མེད་ Womanསྐེད་པ་དེ་ཅིག་ན་གིས། ན་གི་འདུག་གThe waist pain is bad too. How about you?
- སྐྱེས་པ་ Man[མགོ་བོ་ལྕོག་ལྕོག་བྱེད་པ།][Nodded]
- བུད་མེད་ Womanཨཱ་ནི་ད་དུང་འདི་གས། ཚིག་འདི་གས། འདི་གས་ཅིག་རྒྱོའོ་ན་གིས།Besides, I have elbow pains. They are painful.
- སྐྱེས་པ་ Manང་ནི་སྙིང་ཞེ་པོ་གཡུག་གིས།My heart is beating rapidly.
- བུད་མེད་ Womanསྙིང་ལགས།Heart?
- བྱས་ན་འདི་ལྡིག་ལྡིག་བྱེད་ཀྱི་འདུག་གIt is beating fast with a dik-dik sound. Right?
- སྐྱེས་པ་ Manའོ། ལྡིག་ལྡིག་ལྡིག་ལྡིགYes. Like dik-dik, dik-dik.
- བུད་མེད་ Womanཨཱ་ནི་ཕོ་བ་ན་གིས། ཕོ་བ་འདི།Then I got a stomachache. Here.
- ན་ཚ་འདུག་སེ་གཅུས་རིལ་བརྒྱབ་ནས་བཏང་གི་འདུག་ག ཕོ་བ། ཕོ་བ་རྒྱོའོ་ན་གིས།It seems as if my stomach is twisting inside and it is painful.
- བུད་མེད་ Womanམཆིན་པ་འདའི་ན་གིས། མཆིན་པ། མཆིན་པ་ན་གིས། བྱས་ཙང་རྒན་ལགས་ཁྱེད་རང་།To tell you, I also got liver pain.
- སྐྱེས་པ་ Manམཆིན་པ་ན་གི་འདུག་གས།You got liver pain?
- བུད་མེད་ Womanའོ་འོ།Yes.
- སྐྱེས་པ་ Manང་ཡའི།Me too.
- བུད་མེད་ Womanལྟ་འདའི། རྒན་ལགས་ཁྱེད་རང་ལ་ཞུས་ན། ང་འོ་མ་ནི་འོ་མ་ན་གིས།To tell you another thing, I got breasts pain too.
- སྐྱེས་པ་ Manའོ་འོ།I see.
- བུད་མེད་ Womanལྟ་འདའི་གཟིགས་དང་མིག་ཀྱང་དམར་རྐྱང་ཆགས་འདུག་ག གཟིགས་དང་།Look, my eyes also turned very red.
- སྐྱེས་པ་ Manཨོའོ།Oh!
- བུད་མེད་ Womanམིག་དམར་རྐྱང་ཆགས་ནས་གཅིག་ན་གིས།My eyes are turned into bloodred and hurt me too.
- ཨམ་ཅོག་ན་གིས། འདའི་ཨམ་ཅོག་གཟིགས་དང་། ཨམ་ཅོག་ནང་ལོགས་ལ་རྣག་བརྒྱབ་ཡོད་རེད། གཟིགས་དང་། རྣག་བརྒྱབ་འདུག་གThen I got ear pain. Here, have a look. It gots pus in it. Can you see it?
- སྐྱེས་པ་ Manའོ་འོ། འོ་འདུག་འདུགYes, I can see it.
- བུད་མེད་ Womanཨམ་ཅོག་ནང་ལོགས་ལ། བྱས་ཙང་། སྡུག་རེའི་ངན་ཚད།That's inside my ear. I got all the ills.
- ལྟ་འདའི་ལག་པའི་འདི་གས་གང་ག་ན་གིས། གཟིགས་དང་།Then I got pain all over my hand. Look.
- མཛུམ་མོ་འདི་གས་གང་གAlso got pain in all the fingers.
- སྐྱེས་པ་ Manངའང་པས་(པུས་)མོ་ཞེ་པོ་ན་གིས།I got knee problem.
- བུད་མེད་ Womanཔས་(པུས་)མོ་འདི་ལགས།Do you mean this one?
- སྐྱེས་པ་ Manའོ། ཨཱ་རེ་རེ།Oh, it is painful.
- བུད་མེད་ Womanལྟ་ཨེ་འདྲས་རེད་ཤགIt's like that.
- སྐྱེས་པ་ Manརྐུབ།My buttocks.
- བུད་མེད་ Womanཡར་བཞེངས་དང་།Please stand up.
- སྐྱེས་པ་ Manརྐུབ་ཚོས། རྐུབ་ཚོས་ན་ཚ་བཏང་གིས།My buttocks hurt badly.
- བུད་མེད་ Womanཨཱ་རོགས། གད་མོ་སླངས་ཀྱིས།Oh, you make me laugh.
- སྐྱེས་པ་ Manརྐུབ་ཚོས་ན་ཚ་ཞེ་པོ་བཏང་གིས།My buttocks hurt badly.
- བུད་མེད་ Womanཉ་རིལ་འདི་པ། ཨཱ་ནི་ཉ་རིལ་ན་གིས། འདའི་གཟིགས་དང་འདའི། ཉ་རིལ་རྒྱོའོ་ན་གིས། ཉ་རིལ།I got pain in the calf. Look at here. It is also excruciating.
- སྐྱེས་པ་ Manའོ་འོ།I see.
- ཨཱ་ནི་འདི་གས་ན་གིས། བརླ་ཤ་འདི། འདི་ཏཱ་ཐུད་(བརླ་ཤ་)འདི། རྒྱོའོ་ན་གིས་འབིར་ར་ཅིག་ཡོང་གིས།Then I also got thigh pain. When the pain arises, I start to tremble.
- སྐྱེས་པ་ Manའོ་འོ།I see.
- བུད་མེད་ Womanགཅིག་ན་པ་རེད་པཱ། འབིར་འབིར་བྱེད་ཀྱིས།Whenever the pain arises, I start to tremble.
- བུད་མེད་ Womanང་སྣ་ཁུག་འགག་ཤགMy nostrils are blocked.
- སྐྱེས་པ་ Manགཅིན་པ་བཏང་དུས་ན་ཚ་ཞེ་པོ་བཏང་གིས།And I got dysuria, it is agonizing.
- བུད་མེད་ Womanཨ་ལས། གཅིན་པ་བཏང་དུས་ལགས།I see, you couldn't pee with ease.
- སྐྱེས་པ་ Manའོ།Yes.
- བུད་མེད་ Womanའོ་ཡཱ། དཔེ་བསགས་པ་རེད།Oh my goodness! That is not good.
- སྐྱེས་པ་ Manཨཱ་་་།Oh!
- འཇིང་པའི་ཞེ་པོ་ན་གིས།I also got neck pain.
- བུད་མེད་ Womanའཇིང་པ་ལགས།Neck pain?
- སྐྱེས་པ་ Manའོ།Yes.
- བུད་མེད་ Womanའོ་ལྟ།Oh, no!
- སྐྱེས་པ་ Manསྣ་ཁུག་ཡང་ཞེ་པོ་ན་གིས།Then I have pain in the nose.
- བུད་མེད་ Womanའགག་པའི་བཟོ་ལྟ་བྱེད་ཀྱི་འདུག་གས་ཡར་ཡར། དབུགས་བཏང་དུས།When you try to inhale through nostrils, do you feel like they are blocked?
- སྐྱེས་པ་ Manའདི་གས་གང་ག་ན་གིས།Yes, both of them hurt.