Skip to main content Skip to search
18 Jun 2018
3 min
Video Overview
Creators: 
Sonam Tobgye

Rigzin Rangdol describes Sangja Lodruk. Formerly called Sangay Lodruk, Sangja Lodruk is considered a very significant place equivalent in sacredness to a local site known as Singye Dzong. Sangja Lodruk is located in Kurtoe under Lhuntse District. Its sacredness is attributed to the presence of the same sacred relics that survive in Khandro Yeshé Tshogyal's hermitage and at Singye Dzong, and also to the period of the six years that Guru Rinpoché—the famous tantric master also known as Padmasambhava—spent there meditating. Like Sangjya Lodruk, Singye Dzong is also a very significant and sacred place blessed by Guru Rinpoche. It is believed that pilgrims who visit the Singye Dzong should also visit Sangja Lodruk, while those who cannot go as far as Singye Dzong, should at least visit Sangja Lodruk. According to Rigzin Rongdol, the merit accumulated from visiting any of these places will be the same. Moreover, he also explains that it is obligatory for the pilgrims to visit Lhochog Gyelpo below which is also as sacred as Sangja Lodruk. At this place, it is possible to see the manuscripts of Terdak Lhatshog, Namthosé Sergi Bangzé and Khandro Yeshé Tsogyel, the exalted consort of Guru Rinpoché.

༉  རིན་འཛིན་རང་གྲོལ་གྱིས་བཤད་མི་ནང་ ག་ནི་ལས་རྩ་ཆེ་བའི་གསེར་བྱ་ལོ་དྲུག་ཟེར་མི་འདི་ ལྷུན་རྩེ་རྫོང་ཁག་ཀུར་སྟོད་ལུ་ཆགས་ཏེ་ཡོད་ཟེར་ཨིན་མས། ཧེ་མ་འབད་བ་ཅིན་ གསེར་བྱ་ལོ་དྲུག་ལུ་སངས་རྒྱས་ལོ་དྲུག་ཟེར་སླབ་ཨིནམ་ད་ སེང་གེ་རྫོང་དང་དབྱེ་བ་མེདཔ་སྦེ་ གནམ་མེད་ས་མེད་གལ་གནད་ཅན་དང་རྩ་ཆེ་ཏོག་ཏོ་སྦེ་བརྩིཝ་ཨིན་མས། དེ་སྦེ་བརྩི་དགོ་མི་དེ་ཡང་ སེང་གེ་རྫོང་ནང་བཟུམ་སྦེ་ར་གསེར་བྱ་ལོ་དྲུག་ནང་ཡང་རྩ་ཆེ་བའི་ནང་རྟེན་དང་མཁའ་འགྲོ་ཡེེས་མཚོ་རྒྱལ་གྱི་སྒྲུབ་ཁང་ དེ་ལས་གུ་རུ་རིན་པོ་ཆེ་གིས་ ལོ་དྲུག་གི་རིང་སྐུ་མཚམས་གནང་སྟེ་ གུ་རུ་གིས་བྱིན་གྱིས་བརླབས་པའི་གནས་རྩ་ཆེ་ཤོས་ཅིག་ཨིན་མས། དེ་འབདཝ་ལས་ གནས་བསྐོརཔ་ཚུ་གིས་སེང་གེ་རྫོང་ནང་འབྱོན་པའི་སྐབས་ གསེར་བྱ་ལོ་དྲུག་ནང་ལུ༌ཡང་ངེས་པར་དུ་འབྱོན་དགོཔ་སྦེ་ཡིད་ཆེས་བསྐྱེད་དོ་ཡོདཔ་ཨིན། ཡང་ན་སེང་གེ་རྫོང་ནང་འབྱོན་མ་ཚུགས་རུང་ གསེར་བྱ་ལོ་དྲུག་མཇལ་རུང་ཕན་ཡོན་འདི་ འདྲ་མཉམ་ཡོདཔ་ད་ དེ་དང་བྱིན་རླབས་མཚུངས་པའི་ལྷོ་ཕྱོགས་རྒྱལ་པོའི་གནས་དེ་ཡང་མཇལ་དགོཔ་སྦེ་རིན་འཛིན་རང་གྲོལ་གྱིས་བཤད་ནི་འདུག ལྷོ་ཕྱོགས་རྒྱལ་པོའི་གནས་དེ་ནང་ལུ་ གཏེར་བདག་ལྷ་ཚོགས་དང་རྣམ་ཐོས་སྲས་ཀྱི་བང་མཛོད་ དེ་ལས་མཁའ་འགྲོ་ཡེེས་མཚོ་རྒྱལ༌གྱི༌བརྡ༌ཡིག༌ཚུ༌མཇལ༌སྲོལ༌འདུག དེ༌འབདཝ༌ལས༌ གསེར༌བྱ༌ལོ༌དྲུག༌གི༌གནས༌དེ་ཡང༌ ལྷུན༌རྩེ༌རྫོང༌ཁག༌ནང༌རྩ༌ཅན༌ཅིག༌ཨིན༌མས།

Transcript search
No results found for this search
0 of 0
  • རིག་འཛིན་རང་གྲོལ་
    Rigzin Rangdrol: ལགས་སོ། ད་ ནཱ་གི་གནས་ གནས་རྩ་ཆེ་ཤོས་ ཆེ་ཤོས་ར་བརྩི་དགོ་མི་འདི་ སེང་གེ་རྫོང་གི་གནས་མཇུག་འབད་ནི་འདི་གིས་ ཏེ་གནས་རྩ་ཆེ་ཤོས་བརྩི་དགོ་མི་འདི་ འ་ནཱི་ཨིན་མས་ཟེར་ཞུ་ནི་ལགས། ཏེ་ག་ཅི་སྨོ་ཟེར་བ་ཅིན་ ད་ གུ་རུ་ཡ་ལས་ནཱ་བྱོན་སྦེ་ ཏེ་འ་ནཱི་ ལོ་དྲུག་གསང་སྟེ་གིས་བཞུགས་ནི་འདི་གིས་ ཏེ་གུ་རུ་ཞབས་ཀྱིས་བཅགས་ ཏེ་སྐུ་ངོ་བོ་བཞུགས་ནི་འདི་གིས་ ཏེ་ནཱ་གནས་རྩ་ཆེ་ཤོས་བརྩི་དགོ་མི་འདི་ འ་ནཱི་ཨིན་མས་ཟེར་ཞུ་ནི།
  • རིག་འཛིན་རང་གྲོལ་
    Rigzin Rangdrol: ཏེ་འ་ནཱི་འབདཝ་ད་ ཏེ་མི་ལ་ལུ་ཅིག་ཡར་སེང་གེ་རྫོང་ལྷོད་མ་ཚུགསཔ་ ཏེ་ལ་ལུ་ཅིག་ཡར་ལྷོད་ ཏེ་ཡར་ལྷོད་དེ་འབད་རུང་ ནཱ་ཨིན་ཅི་མིན་ཅི་ ཡར་གྱི་གནས་མཇུག་འབད་ནི་འདི་གིས་ ནཱ་ཨིན་ཅི་མིན་ཅི་ནཱ་མཇལ་དགོཔ་སྦེ་ ཏེ་འ་ནཱི་ཨིན་མས་ཟེར་ཞུ་ནི། ཏེ་ཡར་བྱོན་མ་ཚུགས་མི་འདི་ཚུ་འདི་ ནཱ་མཇལ་ཏེ་ ནཱ་མཇལ་རུང་རང་ ཏེ་ཡར་གྱི་ ཡར་ཡང་མཇལ་མཇལཝ་བཟུམ་ཅིག་སྦེ་རང་ ནཱ་གིས་འཐུདཔ་སྦེ་འ་ནཱི་སྦེ་ཨིན་མས།
  • རིག་འཛིན་རང་གྲོལ་
    Rigzin Rangdrol: ཏེ་ ཡར་གྱི་ཡར་ལས་ཡར་ རྡོ་མཇལ་གནང་མི་དང་ ནཱ་གི་འ་ནཱི་འདི་ཚུ་ རྡོ་མཇལ་གནང་མི་གཏེར་མ་འདི་ཚུ་ག་ར་ ནཱ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྒྲུབ་ཁང་ནང་ གཏེར་འབད་དེ་བཞག་གནང་མི་འདི་ ཏེ་འ་ནཱི་སྦེ་ ནཱ་རྩ་ཆེ་ཤོས་བརྩི་དགོ་མི་འདི་འ་ནཱི་སྦེ་ཨིན་མས་ཟེར་ཞུ་ནི།
  • རིག་འཛིན་རང་གྲོལ་
    Rigzin Rangdrol: དེ་ལས་ནཱ་གི་ ད་སངས་རྒྱས་ གསང་བྱ་ གསང་བྱ་ལོ་དྲུག་ ཏེ་ཧེ་མ་འབད་ཚེ་སངས་རྒྱས་ལོ་དྲུག་ གསང་བྱ་་་་ གསང་བའི་ཟླ་དྲུག་ཟེར་ཞུཝ་མས་ ཏེ་ད་རེས་ནང་པར་འབད་བ་ཅིན་ གསང་བྱ་ གསང་བྱ་ལོ་དྲུག་ཟེར་རང་ཞུཝ་ཨིན་ལགས། ཏེ་འ་ནཱི་སྦེ་མཚན་འདི་ འ་ནཱི་སྦེ་ ཏེ་ད་རེས་ནང་པར་ག་ར་ ཡར་འགྱོ་མ་ཚུགས་མི་འདི་ཚུ་ ག་ར་ནཱ་ ནཱ་མཇལ་བར་འོང་སྦེ་ ཏེ་ནཱ་ལས་ལོག་ ནཱ་ལས་བྱོན་དོ་ཟེར་ཞུ་ནི་ལགས།
  • རིག་འཛིན་རང་གྲོལ་
    Rigzin Rangdrol: ཏེ་ འ་ནཱི་ ནཱ་ཡང་གནས་མཇུག་ ཏེ་ནཱ་ལས་ཨ་ནཱ་ ཨ་ནཱི་དང་ཨ་མ་ ལྷོ་ཕྱོགས་རྒྱལ་པོ་ ལྷོ་ཕྱོགས་རྒྱལ་པོ་ཡང་ ཨིན་ཅི་མིན་ཅི་མཇལ་དགོཔ་སྦེ་ཨིན་མས་ སྟེ་ལྷོ་ཕྱོགས་རྒྱལ་པོ་ཡང་ནཱ་དང་ཨ་མ་ཅོག་འཐདཔ་སྦེ་རང་ གནས་མཇུག་འབད་རྩིས་ ཏེ་འ་ནཱི་སྦེ་ད་རེས་ནང་པར་ལམ་གསརཔ་ཅིག་བཏོན་ ཏེ་འ་ནཱི་མར་ ལྷ་ཁང་ཆུང་ཀུ་གཅིག་ཡང་བཞེངས་ ཕྱག་འཚལ་ནི་དང་བསྐོར་ར་བསྐོར་ནི་དང་སྨོན་ལམ་བཏབ་སྦེ་མཇལ་ནིའི་དོན་ལས་འ་ནཱི་སྦེ་བཟོ་སྟེ་ཡོད་ཟེར་ཞུ་ནི་ལགས།
  • རིག་འཛིན་རང་གྲོལ་
    Rigzin Rangdrol: ཏེ་མར་ལྷོ་ཕྱོགས་རྒྱལ་པོ་ན་ཡང་ ཏེ་གཏེར་བདག་ལྷ་ཚོགས་གཅིག་དང་ དེ་ལས་ རྣམ་ཐོས་སྲས་ཀྱི་བང་མཛོད་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་བརྡ་ཡིག་འདི་ཚུ་དངོས་སུ་མཇལ་ནི་ཡོད་ཟེར་ཞུ་ནི་ལགས། ཏེ་འ་ནཱིམ་ཅིག་ཨིན་ ཏེ་འ་ནཱི་སྦེ་ ད་གཞན་མི་ ཞུ་ནི་གཞན་མི་ ད་འ་ནཱིམ་ཅིག་རང་ཨིན་མས་ལགས།། །།