Video Overview
Jigme explains the process of an ox vasectomy. People from outside the household come to witness the procedure and make wishes for the good health of the ox. The person performing the vasectomy also prays during the process.
- Thangrong
- Jigme> གླང་རྒྱ་ཚ་ཤ་བཏོགཔ་ད་ལུ་ ང་བཅས་ཚེ་དར་ཟེར་ བཏགས་ནི་ཅི་ཡོདཔ་ཨིན། དེ་སྐབས་ དང་པ་རང་བཟོ་བོ་དང་གསེར་སྐྱེམ་པ་གི་ཚེ་དར་འདི་བྱིན་འོང་
- Jigme> དང་པ་གསེར་སྐྱེམ་པ་གི་བྱིན་འོང་ དེ་བསྒང་ གསེར་སྐྱེམ་པ་གི་ དཔལ་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་གི་བཀོད་བཀོདཔ་ཨིན་ རྫོགས་པའི་སངས་རྒྱས་ཨིན།
- Jigme> འ་ནི་ཚེ་དར་འདི་ ཁྱོད་ལུ་དཔལ་རྫོགས་པའི་སངས་རྒྱས་ཀྱི་གནང་མས་ ད་རེས་ལས་ ཁྱོད་ལུ་སེམས་ཀྱི་བར་ཆད་དང་ ལུས་ལུ་ན་ཚ་ག་ནི་ཡང་མི་འོང་། སེམས་ལུ་སྡུག་བསྔལ་མ་འབད་ ཁྱོད་ཀྱི་ཧེ་མ་ཡང་ལེ་ཤ་རང་བཟོ་ཡི། ཁྱོད་གསད་ནི་དང་མེདཔ་བཏང་ནི་མེན
- Jigme> ལེགས་ཤོམ་བཟོ་ནིའི་དོན་ལུ་བཟོ་ཨིན་ དེ་ཡང་ དཔལ་རྫོགས་པའི་སངས་རྒྱས་ཀྱི་བཀོད་པ་ལས་བརྟེན་བཟོ་ཨིན། དཔེ་གསརཔ་ཡང་མེན་དཔེ་རྙིང་རང་ཨིན་ ཚེ་དར་འདི་གི་ཁྱོད་ར་ལུ་ རྐྱེན་བར་ཆད་ག་ནི་ཡང་མི་འབྱུང་
- Jigme> སྐུ་ཚེ་ལ་བྲག་ལ་བརྟེན་ན་ བྲག་ནི་རྡོ་རྗེ་ལྟ་བུའི་སྐུ་ཨིན། ཁྱོད་འགྱོ་སའི་ས་ཁོངས་ནང་ ལོ་ཐོག་རྟག་ཏུ་ལེགས། །ཆར་ཆུ་དུས་སུ་འབབ་འོང་། །
- Jigme> ཡར་འབདན་ རུ་ཚིག་མ་བརྒལ་ཚུན་དང་ མར་འབདན་ རྐང་མའི་རྟིངམ་མེདཔ་མ་འགྱོ་ཚུན་ དེ་ལས་ སྐུ་ཚེ་ལ་བྲག་ལ་བརྟེན་ན་ བྲག་ནི་རྡོ་རྗེ་ལྟ་བུའི་སྐུ་ཨིན ཟེར་སླབ་འོང་གླང་ལུ།