Skip to main content Skip to search
15 Dec 2011
14 min 23 sec
Rating
0
No votes yet
Video Overview
Creators: 
Unknown

A monk explains the elements of a Kalachakra tangka depicting the heavens and hells of Tibetan cosmology.

Show More

  • སྐུ་ཞབས་ལགས
    ཨོང་། ད་འདི་དེ་འདྲས་རེད་བཞག། ག་རེ་ཟགས། རི་རབ་ཆགས་ཚུལ་ད་མངོན་པ་་ནས་བཤད་པ་དང་། དུས་འཁོར་ནས་བཤད་པ་ཟེར་རེད་པཱ། ད་འདི་བཤད་ཚུལ་དེ་འདི་རེད་ཞག། དུས་འཁོར་ནས། དུས་འཁོར་གྱི་ནང་ནས་སློབ་དཔོན་ཕུག་པའི་ལུགས་གཞིར་བཞག་བྱས་བྱས་རེད་ཞག། ད་དེ་ལུགས་དེ་ལ་ཡ། ད་རྩེ་མོ་ཡངས་ཤིང་རྩ་བ་ཕྲ་བ་ཟེར། དེ་ཡིན་དུས་ཙམ་ནས་ད་དེ་ནས་མར་རི་རབ་ནས་རྩིས་ན་ཟེར་ནའི། རྒྱལ་ལྷ་རྒྱལ་ཆེན་རིགས་བཞི་བྱས་བྱས། རྒྱལ་ཆེན་རིགས་བཞི་བྱས་བྱས། ད་དེ་ནས་ཡར་རྩིས་པའི་གཟུགས་ཀྱི་ལྷ་དེ་ལ་ཡ། གཟུགས་ལྷ་གནས་རིགས་བཅུ་བདུན་ཟེར་བྱས། བཅུ་བདུན་ཟེར་བྱས་བྱས་མངོན་པ་ནས་ཙམ་ནས་བཅུ་བདུན་ཟེར་བཤད་ཀྱི་ཡོའོ་རེད། དེ་ཨོང་། ད་དེ་ལ་ཡ་དུས་འཁོར་ལུགས་ལ་ཡ་ཨ་ནི་བཅུ་དྲུག་བཤད་ཀྱི་ཡོའོ་རེད་ཟེར།
  • སྐུ་ཞབས་ལགས
    བཅུ་དྲུག། ད་དེ་ལ་ཡ། འདིའི་སྟེང་དེ་ལ་ཡ་འདི་རེད་ཟེར། གཟུགས་མེད་ཀྱི་ལྷ་བཞི། གཟུགས་མེད་བཞི་ཟེར། ཨོའོ་དེ་ནས་མར་རྩིས་པའི་གཟུགས་ཁམས་ཀྱི་ལྷ་བཞི། དེ་ནས་མར་རྩིས་པའི་ཨ་ནི་འདོད་པའི་ལྷ། འདོད་ལྷ་རྒྱལ་ཆེན་རིགས་བཞི་ཟེ། འདོད་པའི་ལྷ། ད་དེ་ནས་དེའི་བར་ཚ་དེ་ལ་ཡ། འདོད་པ་དེ་ལ་ཡ། འདོད་པའི་ལྷ་དང་གཉིས། ཨོང་དམྱལ་བ། ཡི་དྭགས། དུད་འགྲོ་ཟེར་བྱས་བྱས་འདུག་ཟེར་མར་བྱེད་དུས་ཙམ་ནས། ད་དམྱལ་བ་དེ་ལ་ཡ་དམྱལ་བའི་དམྱལ་ཁམས་བཅུ་བརྒྱད་ཕྱེ་བའི་ནང་ནས། ད་ཚུར་མདོར་བསྡུས་བྱས་ཨ་ནི་དམྱལ་བ་བརྒྱད་ཟེར་བྱས་བྱས། ཨོའོ་འདུག་ཟེར་མར་ཕྱེ་ཡོའོ་རེད་ཟེར།
  • སྐུ་ཞབས་ལགས
    ད་དེ་ལ་ཡ་གཟུགས་ཁམས་གནས་རིགས་བཅུ་བདུན་དེའི་ནང་ལ་ཡ། གང་འདྲས་ཟེར་རས་ཟེར་ན། དང་པོ་གཟུགས་མེད་དེ་ལ་ཡ། འདུ་ཤེས་མེད་པའི་ལྷ་ཟེ། ཅི་ཡང་མེད་པ་ཟེར་བྱས་བྱས། ད་གཟུགས་མེད་ལྷ་དེ་ལ་ཡ། འདུ་ཤེས་མེད་པ། ཅི་ཡང་མེད་པ། རྣམ་ཤེས་མེད་པ། ནམ་མཁའ་མཐའ་ཡས་ཟེར་བྱས། ད་དེ་ནས་གཟུགས་ཀྱི་ལྷ་དེ་ལ་ཡ་ག་ཚད་ཡོའོ་རེད་ཟེར་ན། གཟུགས་ཁམས་གནས་རིགས་བཅུ་དྲུག། ད་དུས་འཁོར་ནས་བཤད་དུས་བཅུ་དྲུག་བཤད་ཀྱི་ཡོའོ་རེད། དུས་འཁོར་ནས་བཅུ་དྲུག་བཤད་དུས་ཙམ་ནས་དེ་ལ་ཡ། ཨ་ནི་དང་པོ་ཐོགས་མར་དེ་ལ་ཡ། འོག་མིན་ཟེར་བྱས་བྱས། འོག་མིན། ཨ་ནི་ཨོང་དེ་ནས་འོག་མིན་བྱས། དེ་ནས་ཨོང་ཤིན་ཏུ་མཐོང་བ་ཟེ་བྱས། དེ་ནས་མིག་མཐོང་ཟེ། ཨོང་དེ་ནས་འབྲས་བུ་ཆེ་བ་ཟེ། འབྲས་བུ་མི་ཆེ་བ་དང་འབྲས་བུ་ཆེ་བ་ཟེ། ཨོང་བསོད་ནམ་སྐྱེ་དང་། སྤྲིན་མེད་དང། དགེ་བརྒྱད་དང་། ཚད་མེད་དགེ། དགེ་ཆུང་ཟེ་བྱས་བྱས། ཨཱེའོ་འདུག་ཟེར་བྱས། གཟུགས་ཁམས་གནས་རིགས་བཅུ་བདུན་འདི་ལ་འདུག་ཟེར། འདུག་ཟེར་བྱས་བཞག།
  • སྐུ་ཞབས་ལགས
    ད་དེའི་ནང་ལ་ཡ་ད་གཟུགས་ཁམས་གནས་རིགས་བཅུ་བདུན་ནང་ནས། ཨོང་། གཟུགས་ཀྱི་ལྷ་དེ་ལ་ཡ་ཨ་ནི་ཚངས་པ། དེ་ལ་ཡ་ཚངས་པ་བྱས། ཚངས་པ་དང་བརྒྱ་སྦྱིན་གཉིས་ཟེ་བྱས། ཚངས་པ་དང་བརྒྱ་སྦྱིན་གཉིས། ཨ་ནི་དེ་ལ་གནོད་སྦྱིན་ཟེ། དེ་ལ་ཡ་དབང་ལྡན་ཟེར་བྱས། མེ་ལྷ་ཟེ་བྱས། གཤིན་རྗེ་ཟེ་བྱས་བྱས། ཨོང་། རླུང་ལྷ་ཟེ་བྱས། སྲིན་པོ་ཟེ་བྱས། ཨོང་། ཆུ་ལྷ་ཟེ་བྱས་བྱས་ཨོའོ་འདུག་ཟེར། བསྐོར། སྤྱིར་བཏང་འདོད་པའི་ལྷ་དེ་གས་ལ་ཡ། ཨོའོ་འདུག་ཟེར་ཕྱེ་པ་རེད་ཟེར། ཨོང་། ད་དེའི་ཡ་གཟའ་ཁྱབ་འཇུག། ཁྱབ་འཇུག། གཟའ་ཁྱབ་འཇུག་བྱས། ད་དེ་ལའི་ཨ་ནི་འདིའི་གནས་དེ་ལ་ཡ་མིའི་འཇིག་རྟེན་ཟེ། མིའི་འཇིག་རྟེན་གྱི་གནས་དེ་འདུག་ཟེར་བྱས་བྱས། ཨོའོ་འདུག་ཟེར་བྱས་བྱས།
  • སྐུ་ཞབས་ལགས
    ད་དམྱལ་བའི་དང་པོ་དེ་ལ་དམྱལ་བ་ཡང་བཟོད་ཟེར་ཡས་དེ་ལ་ཨོའོ་འདུག་ཟེར། དམྱལ་བ་ཡང་བཟོད། ཨོང་། ཨ་ནི་དེ་ནས་དམྱལ་བ་ཡང་བཟོད། དེ་ནས་དམྱལ་བ་དང་པོ་ད་ཆུ་འཁོར་འདོད་པ་ཟེ། དམྱལ་ཁམས་བཅོ་བརྒྱད་ནང་ནས། གྲང་དམྱལ་བརྒྱད་ཀྱི་ནང་ནས། ཆུ་འཁོར་འདོད་པ། ད་ཨ་ལའི་འདི་སྤྱིར་བཏང་གྲང་དམྱལ་བརྒྱད་ཆ་ཚང་ཡོའོ་མ་རེད་པཱ། ཆ་ཚང་མེད་དུས་ཙམ་ནས་ད་ཁོ་དེའི་ནང་ལ་ཡ་མཚོན་བྱེད་ཙམ་གྱི་ཁོ་འདུག་ཟེར་བྱས་བྱས། འདུག་ཟེར་འཁོད་བསྡད་ཡོའོ་རེད། བྱས་ཙང་ད་དེ་ལ་ཡ་གྲང་དམྱལ་གྱི་ཚད་གཞི་འདུག་ཟེར་བྱས་བྱས། གྲང་དམྱལ་ཟེར་བྱས། གྲང་དམྱལ་ཟེར། མཚམས་དེ་ལ་ཡ་དེ་སླེབས་བསྡད་ཡོའོ་རེད་ད། ཚ་དམྱལ་གྱི་མཚམས། ད་ཨོང་ད་ལྟ་དུས་འཁོར་ནས་བཤད་པ་ཡིན་ཙང་། དུས་འཁོར་གྱི་ད་ལུགས་གཞིར་བཞག་བྱས་བྱས་འདུག་ཟེར་རེད་པཱ།
  • སྐུ་ཞབས་ལགས
    ཨོང་། མངོན་པ་ནས་བཤད་དུས་ཙམ་ནས། ད་འདི་ནང་བཞིན་མ་རེད་ཡང་། ཁོ་རིགས་སོ་སོ་སོ་བྱས་ཡོའོ་རེད། ཨོའོ་གྲང་དམྱལ་གྲང་དམྱལ་གཅིག་བྱས། ཚ་དམྱལ་ཚ་དམྱལ་གཅིག་བྱས། ཁོ་རོ་ལུགས་སོ་སོ་སོ། ཨོའོ་དེ་ཡིན་དུས་ཙམ་ནས། ད་དེ་ལ་ཡ་ཚ་དམྱལ་བྱས། གྲང་དམྱལ་ཟེར་བྱས་བྱས།ཨོའོ་དེ་གས་ལ་ཨོའོ་འདི་འདུག་ཟེར། ཨོའོ་འདུག་ཟེར་བྱས་བཞག་ཡོའོ་རེད། ད་དེ་ནས་མར་ག་རེ་རས་ཟེར་ན། ད་དམྱལ་བ། གྲང་དམྱལ་དང་ཚ་དམྱལ་གཉིས་ཀ་ལོག་གི་འདི་བྱས། ད་འདི་ག་པར་སླེབས་ཀྱི་ཡོའོ་རེད་ཟེར་ན། ཨོང་། གྲང་དམྱལ་གྱི་གྲས་སུ་སླེབས་ཀྱི་ཡོའོ་རེད། རལ་གྲི་ལོ་མའི་ནགས་ཚལ་ཡང་ཟེར་ཡས་གཅིག་ཡོད་པཱ། ཨོའོ་འདི་རལ་གྲི་ལོ་མའི་ནགས་ཚལ་ཟེར། རལ་གྲི་གི་ཨ་ནི་རང་གི། ག་རེ་ཟེར། ལུས་པོ་རྦད་དེ་དུམ་བུ་མང་པོ་བཅད་ཡས། ཨོའོ་འདི། ཨོའོ་འདིའི་མཚམས་དེ་འདི་རེད།
  • སྐུ་ཞབས་ལགས
    ད་དི་ཚ་དམྱལ་གྱི་ཚད་དེ་སླེབས་ཀྱི་ཡོའོ་རེད་ད། ཚ་དམྱལ་གྱི། ག་རེ་རེད་ཟེར་ན། ཁྲོ་ཆུ་འཁོལ་མའི་ནང་ལ་ཡ་ཁོ་ལུས་བཙོས་བྱས། ཨོའོ་འདུག་ཟེར། དམྱལ་བའི་ཨོའོ་ད་ཚད་དེ་འདུག་ཟེར་རེད། ད་འདི་ག་རེ་རེད་ཟེར་ན། ལས་ཀྱི་གཤིན་རྗེ། ང་རང་ཚོ་ལས་ལས་སྒྲུབ་པའི་གཤིན་རྗེ་ཕོ་ཉ་ཚོ་ཟེར་ཅིག་ཡོད་པ། ཨོའོ་འདི་ལས་ཀྱི་གཤིན་རྗེས་ཨ་ནི་ད་དཀར་ནག་གི། དེ་ག་རེད་རས། གྲངས་མཛད་པ། རྒྱ་མ་བཀྱག་པ་ད། ང་རང་ཚོས་རྒྱ་མ་བཀྱག་པ་ཟེར་གྱི་རེད་པཱ། ཨོའོ་འདི་དཀར་ནག་གི་འདུག་ཟེར་བྱས་བྱས། ད་དེ་ཚོ་ག་རེ་རས་ཟེར་ན། ཁོ། ཁོ་བསྣོན་དགོས་ཡས་ཀྱི་རྒྱུ་མཚན་འདྲ་དེ་ག་རེ་རེད་ཟེར་ན། ཁོ་རའི་རྣམ་སྨིན་གྱི་སྒོ་ནས་འདུག་ཟེར་བཤད་བཞག་ཡོའོ་རེད་པཱ་ལགས། ཁོ་རྣམ་སྨིན་གྱི་ཨ་ནི་འདི་བསྣན་པ་ཡིན་ཟེར།
  • སྐུ་ཞབས་ལགས
    དཔེར་ན་ཆང་མ་གཅིག་ལ་ཆ་བཞག་པ་ཡིན་ན། ཨ་ནི་ཆང་མ་འདི་པུར་རིའི་འོག་ལ་བསྣན་ཟེར་ཅིག་ཡོའོ་རེད། དེ་ག་རས་ཟེར་ན། ཁོ་རོ་ལས་ཀྱི་རྣམ་སྨིན་གྱི་སྡིག་པའི་དབང་གིས་འདི་བསྣན་པ་ཟེར། ད་འདི་ག་རེད་རས་བྱས་པ་རེད་ཟེར་ན། དཔེར་ན། སྡོད་ཁང་དེ་འདྲས་རྦད་དེ་ཁྱིམ་ལ་ཞེ་ཅིག་ཆགས་དྲགས་པའི་སྐྱོན་གྱིས། ཨ་ནི་ལས་ཀྱི་རྣམ་སྨིན་གྱི་ཁྱིམ་གྱི་ཁང་པའི་འོག་ལ་མར་བསྣན་བཞག་པ། དེ་ཚོ་ག་རེ་རེད་ཟེར་ན། ནོར་ལོངས་སྤྱོད་ལ་ཡ་ཆགས་དྲགས་བྱས། ཨ་ནི་ཁོའི་ནོར་གྱི་མར་བསྣོན་བྱས། ཨོའོ་འདི་ནང་བཞིན། འདུག་ཟེར་བྱས། ཨོའོ་འདུག་ཟེར། ཨོའོ་དེ་འདྲས་ཅིག་རེད།
  • སྐུ་ཞབས་ལགས
    ཨོང་། ད་དེ་གཉིས་གཉིས། ད་སྤྱིར་བཏང་གཅིག་པ་འདྲ་ཅིག་རེད། ད་འདིའི་ཁར་ཐུག་དེ་ནས། ག་རེ་རེད་ཟེར་ན། དུད་འགྲོའི་གནས་དེ་གས་བཤད་འདུག་གང་ལགས། དུད་འགྲོ། ད་དེའི་ཡ་དེ་རེད་འདུག་གང་། ཡི་དྭགས། ད་ཡི་དྭགས་ཟེ་དེ་ཁོ། ཡི་དྭགས་ལ་ཡ་གནས་ངེས་པ་མེད་ཟེར། ཡི་དྭགས་ད་མིའི་འཇིག་རྟེན་གང་ལ་ཡ་ཡོད་ཟེར། ཁོ་སྤྱིར་བཏང་བྱས་ན། ཡི་དྭགས་ཟེར་ཡས་འདི་དམྱལ་བའི་ཁོངས་སུ་གཏོགས་པ་རེད་དེའི། དམྱལ་བ། ཡི་དྭགས། དུད་འགྲོ་ཟེར་བྱས་བྱས། དམྱལ་བ་བྱས། ཡི་དྭགས་ཟེར་འདི་ཁོ་དུད་འགྲོའི་ཁོངས་སུ་གཏོགས་པ་རེད་དེའི་ཡིན་ནའི་ལའི་ཡི་དྭགས་དེ། མིའི་འཇིག་རྟེན་གང་ལ་ཡ་ཡོད་ཟེར།
  • སྐུ་ཞབས་ལགས
    བྱས་ཙང་ཁོ་གནས་ངེས་མེད་སོང་། ཨཱ་ཡི་དྭགས་ཁོ་ལ་ཡ་གནས་ངེས་མེད་ཡོའོ་མ་རེད་ཟེར། ཡི་དྭགས་མེད་ཡོང་ཟེ། སྤྱིར་བཏང་དུད་འགྲོའི་གནས་ཟེར་འདི་ག་རེད་རས་ཟེར་ན། གཙོ་ཆེ་པ་དེ་ག་རེ་རས་ཟེར་ན། རྒྱ་མཚོའི་ནང་ལ་རེད་ཟེར། ཡིན་ནའི་ལའི་ང་རང་ཚོའི་མིའི། མིའི་འཇིག་རྟེན། མི་འཇིགས་འཇིག་རྟེན་གྱི་ཁམས་དེ་ལ་ཡ། དུད་འགྲོ་ཡོད་པ་དང་། དུད་འགྲོ་ཁ་ཐོར་བ་ཟེ། དུད་འགྲོ་ཁ་ཐོར་བ་ཟེར་གྱི་རེད་ཟེར། ཁོ་ད་ལྟ་ང་རང་ཚོའི་མིག་གི་མཐོང་རྒྱུ་ཡོད་པའི། འཇིག་རྟེན་གང་ལ་ཡ་ད་འདི་འདྲ་མིན་སྣ་ཚོགས་ཡོའོ་རེད་པཱ། སེམས་ཅན་དུད་འགྲོ། ཨོའོ་འདི་ག་རེ་རེད་ཟེར་ན། དུད་འགྲོ་ཁ་ཐོར་བ། སྤྱིར་བཏང་གི་དུད་འགྲོའི་གནས་གཙོ་བོ་འདི་ག་རས། རྒྱ་མཚོའི་གཏིང་ལ་རེད་ཟེར། རྒྱ་མཚོའི་ནང་ལ།
  • སྐུ་ཞབས་ལགས
    ད་ང་རང་ཚོའི་དཔེར་ན་འཛམ་བུའི་གླིང་ལ་ཆ་བཞག་པ་ཡིན་ན། རྒྱ་མཚོ་གྲངས་ལས་འདས་བསྡད་ཡོའོ་རེད་པཱ། ཨ་ནི་སྤྱིར་བཏང་སྐོར་ཆོས་ལུགས་གང་ནས་བཤད་དུས་ཙམ་ནས། འཛམ་གླིང་བྱེ་བ་ཕྲག་བརྒྱ་བཤད་ཀྱི་རེད་པཱ། བྱེ་བ་ཕྲག་བརྒྱ་ཡིན་དུས། འཛམ་གླིང་བྱེ་བ་ཕྲག་བརྒྱ་ཡོད་དུས་ཙམ་ནས། འཛམ་བུ་གླིང་ལ་ཡ་རིའི་རྒྱལ་པོ་རི་རབ། རི་རབ་དེའི་འཁོར་དུ་བྱུང་བའི་རོལ་པའི་མཚོ་བདུན་ཟེར་བྱས། གསེར་གྱི་རི་བདུན། རོལ་པའི་མཚོ་བདུན་ཟེར་ཡོའོ་རེད་པཱ། ད་མཚོ་དེ་ཚོའི་ནང་ལ་ཡ་ག་རེ་རེད་ཟེར་ན། དུད་འགྲོ་རྦད་དེ་གྲངས་ལས་འདས་པ། ཨཱེ་ད་ལྟ་ང་རང་ཚོའི་དཔེར་ན་འཛམ་བུ་གླིང་འདི་གཅིག་པོ་ལ་ཆ་བཞག་པ་ཡིན་ན། ད་ག་རས། ལྷོ་ལ་ཡ་ཧིན་ཏུ་རྒྱ་མཚོ་ཟེར་རྒྱ་མཚོ་ཆེན་པོ་གཅིག་ཡོའོ་རེད་པཱ། ཨ་ནི་ནུབ་ལ་ཡ་ཞི་བདེ་རྒྱ་མཚོ་རེད་པས། ཨོའོ་འདི་རྒྱ་མཚོའི་དེ་ཚོའི་གཏིང་དུ་ད་རྦད་དེ། ག་རེ་ཟེར་དགོས་རེད། ད་དུད་འགྲོ་རྦད་དེ་གྲངས་ལས་འདས་པ་གང་ག། དུད་འགྲོ་གང་ག་ལོག་གོ། ད་ལྟ་ང་རང་ཚོ་མིའི་འཇིག་རྟེན་འདིའི་གང་ལ་ཡོད་པ་དཔེར་ན། རྟ་དང་བུང་བུ་ལ་སོགས་པ་ད་དུད་འགྲོ་འདྲ་མིན་སྣ་ཚོགས་ཡོའོ་རེད་པཱ།
  • སྐུ་ཞབས་ལགས
    དེ་ཚོ་གང་ག་ལོག་གོ་དུད་འགྲོ་ཁ་ཐོར་བ་ཡིན་ཟེར། སྤྱིར་བཏང་དུད་འགྲོའི་རྟེན་གཙོ་བོ་དེ་ག་པར་རས་ཟེར་ན། ཨ་ནི་རྒྱ་མཚོའི་ནང་ལ་རེད་ཟེར། ཨོའོ་འདུག་ཟེར་རེད་པཱ། ཨོའོ་འདུག་ཟེར། འདུག་ཟེར་བཤད་ཚུལ་ཨོའོ་ད་འདུག་ཟེར་རེད། ད་སྤྱིར་བཏང་ཁོ་རའི་དུས་འཁོར་གནས་གསུམ་གྱི་རི་རབ་ཆགས་ཚུལ་འདི། མངོན་པ་ནས་བཤད་པ་ཡིན་ན།རིའི་རྒྱལ་པོ་རི་རབ་དེ་གྲུ་བཞི་ཏག་ཏག་ཡིན་ཟེར། ཁོ་དུས་འཁོར་ནས་བཤད་པ་དེ་ག་རས་ཟེར་ན། ཨཱེ་འདུག་ཟེར། དཔེར་ན། དུང་ཆེན་གྱི་ཁ་ནང་བཞིན་ཡིན་ཟེར་གྱི་འདུག་གང་། དུང་ཆེན་གྱི་ཁ་ནང་བཞིན་ཡིན་དགོས་ཡས་ཀྱི་རྒྱུ་མཚན། ཁོ་རའི་ད་རྒྱུ་མཚན་འདྲ་དེ་ག་རས་ཟེར་ན། ཨོང་། རི་རབ་དེའི་སྟེང་ནས་ཨ་ནི་ཁོ་རེ་གྲོལ་བའི་ཁོ་དམིགས་པ་དེ་ག་པར་བྱེད་དགོས་རས་ཟེར་ན། བདེ་བ་ཅན་གྱི་ཞིང་ཁམས་ལ་བསམ་བློ་གཏང་གོ་གི་ཡོའོ་རེད་ཟེར།
  • སྐུ་ཞབས་ལགས
    ཁོ་དེ་ནས་ད་ས་ཆའི་སྐྱེས་སའི་གནས་དེ་ག་རེ་རས་ཟེར་ན། བདེ་བ་ཅན་གྱི་ཞིང་ཁམས། ང་རང་ཚོ་ནམ་རྒྱུན་མི་གཅིག་འདུག་ཟེར་ག་རེ་ཟེར་དགོས་རེད། ཚེ་ལས་འདས་སོང་ན། འཕོ་བ་བརྒྱབ་ཟེར་ཅིག་ཡོའོ་རེད་པཱ། འཕོ་བ་བརྒྱབ་ཟེར་ཅིག། ཨོའོ་འདིའི་འཕོ་བ་གི་དགོས་པ་རྒྱུ་མཚན་གཙོ་བོ་འདྲ་དེ་ག་རེད་རས་ཟེར་ན། ཚེ་དེ་ནས་འཕོ་མ་ཐག་དུ་བདེ་བ་ཅན་གྱི་ཞིང་དུ་ཡར་དྲངས་གོ་གི་ཡོའོ་རེད། འཕོ་བའི་དགོས་པ་གཙོ་བོ་འདྲ་དེ་ག་རས་ཟེར་ན། ཁོ་གནས་དེ་ལ་མ་བཞག་པ། ཁོ་གནས་གཞན་གཅིག་ལ་ཡ་ད་སྐྱེལ་ཡས་གི་དེ་རེད་པཱ། འཕོ་ཕོགས་ཟེར་འདི་ཁོ་ད་ཕར་སྐྱེལ་པའི་དོན་དག་རེད་པཱ།
  • སྐུ་ཞབས་ལགས
    ཨོའོ་འདི་ནང་བཞིན་གྱི་ཚང་མ་འགྲིག་བཞག་པ་རེད། ད་ཨང་ད་གྲགས་ཆེ་བ་འདྲ་དེ་ག་རས་ཟེར་ན། མངོན་པ་ནས་བཤད་པའི། མངོན་པ་མཛོད་ནས་བཤད་པའི་རིའི་རྒྱལ་པོ་རི་རབ་ཆགས་ཚུལ། རིའི་རྒྱལ་པོ་རི་རབ་ཆགས་ཚུལ་འདི། མངོན་པ་ནས་བཤད་དུས་ཙམ་ནས་གང་འདྲས་བཤད་ཀྱི་ཡོའོ་རེད་ཟེར་ན། གྲུ་བཞི་ཏག་ཏག་བཤད་ཡོང་གི་རེད་ཟེ། ཉི་ཟླ་རི་བོའི་ཕྱེད་ཟེར། ཉི་མ་དང་ཟླ་བ་གཉིས་ག་རེ་རས་ཟེར་ན། རིའི་རྒྱལ་པོ་རི་རབ་ཀྱི་ཕྱེད་ཏག་ཏག་ལ་ཡོད་ཟེ།
  • སྐུ་ཞབས་ལགས
    རྒྱལ་ལྷ་རྒྱལ་ཆེན་རིགས་བཞི་ཡར་བརྒྱབ་པའི། དེའི་རིགས་ཀྱི། རི་རབ་ཡར་ཐོས་དེ་གས་ལ་ཡ་ག་རེ་རས་ཟེར་ན། ཉི་མ། ཉི་མ་ཟླ་བ་ཡོའོ་མ་རེད་ཟེར། དེ་མེད་ཡས་ཀྱི་རྒྱུ་མཚན་ག་རེ་རས་ཟེར་ན། ལྷ་སོ་སོ་སོའོ་ལུས་ལ་འོད་འཕྲོས་བྱས། ཨ་ནི་ཁོ་རའི་གནས་ག་པར་འགྲོ་གོ་གི་ཡོད་ན། མུན་པའི་ཨོང་འདི་གསལ་ཡས་ཀྱི་འདི་ག་རེ་རས་ཟེར་ན། སོ་སོའོ་ལུས་ཀྱི་འོད་ཀྱིས་གསལ་ཐུབ་ཀྱི་ཡོའོ་རེད་ཟེར།
  • སྐུ་ཞབས་ལགས
    ད་འདིའི་འོག་ལ་མར་ག་རས་ཟེར་ན། ལུས་ལ་འོད་ཡོའོ་མ་རེད་ཟེར། ལུས་ལ་འོད་མེད་ཡས་ཀྱི་རྒྱུ་མཚན་གཙོ་བོ་ག་པར་ཐུག་པ་རས་ཟེར་ན། བཟས་རག་པ་ལ་རྟེན་ཙང་། བཟས་རག་པས་འོད་ཆགས་པ་རེད་ཟེར། དེ་སྐལ་བ་དང་པོའི་མི་ལ་ཡ། ཨ་ནི་དང་པོ་ལུས་ལ་འོད་ཡོའོ་རེད། ཨོང་། དེ་ག་ནང་བཞིན། ག་པར་འགྲོ་གི་ཡོད་ནའི། རང་གི་ལུས་ཀྱི་ཕུར། ཕར་ཚུར་ཕུར་ཐུབ་པ། ཨ་ནི་དེ་ནས་ག་རེ་ཟགས། ཉོན་མོངས་ཀྱི་འདོད་ཆགས་དང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། ཉོན་མོངས། དུག་གསུམ་དེ་ལྗིད་པས་ཆེར་ཆེར་རུ་ཕྱིན་བྱས། ལུས་ཀྱི་འོད་དེ་ཆགས། ཨོང་གང་མཚམས་ལ་ཡ། བཟས་དེའི་ག་རེད། དེའི་སྔོན་ལ་ཡ་བཟས་ག་པར་བརྟེན་གྱི་ཡོའོ་རེད་ཟེར་ན། ཏིང་འཛིན་གྱི་བཟས་དེ་ལ་ཡ།
  • སྐུ་ཞབས་ལགས
    ཨཱ་ཏིང་འཛིན་གྱི་བཟས་དེ་ཏིང་འཛིན་མི་བཟས་པ་ཆགས། ཉོན་མོངས་ཀྱི་མངོན་དུ་འགྱུར་བ་ཡིན་ཙང་། ཏིང་ངེ་འཛིན་མི་བཟས་པ་བྱས། ཏིང་ངེ་འཛིན་མི་བཟས་ཙང་། ཨ་ནི་ཁོ་བཟས་ཁོ་ག་པར་བརྟེན་གོ་རེད་ཟེར་ན། བཟས་རག་པར་བརྟེན། བཟས་རག་པར་ལ་བརྟེན་པའི་སྟབས་ཀྱི། ཨ་ནི་ཁོ་ལུས་ཁོ་ལྕི་རུ་ཕྱིན། ལུས་ལྕི་རུ་ཕྱིན་ཙང། ལུས་ཕར་ཚུར་འགྲོ་མ་ཐུབ་པ། འཕུར་ཐུབ་ཀྱི་ཡོའོ་མ་རེད་པཱ། ཨ་ནི་ཨོའོ་ད་རྐང་པ་འཁྱེར་བྱས་འགྲོ་ཡས་ལ་སོགས་པ། ཨ་ནི་ཨོའོ་དེ་འདྲས་འདུག་ཟེར་བྱུང་པ་རེད་ཟེར།
  • སྐུ་ཞབས་ལགས
    ད་དེའི་ཁམས་གོང་གི། གཟུགས་དང་གཟུགས་མེད་ཀྱི་ལྷ་དེ་ཚོ་གང་འདྲས་རས་ཟེར་ན། ཁོ་བཟས་རག་པར་མ་བརྟེན་པ་ཡིན་ཙང་། གནས་ག་པར་ནི་ག་པར་ཕབ། ད་ཞིང་གཞན་ནས་ཞིང་ག་པར་ཕུར་དགོས་བྱུང་ནའི་ལའི། ཁོ་ལུས་ཡང་བ་དང་། བཟས་རག་པར་བརྟེན་པ་མ་ཡིན་ཙང་། ཨ་ནི་ཁོ་རང་སྟོབས་ཀྱི་འཕུར་ཐུབ་ཀྱི་ཡོའོ་རེད་ཟེར། གཙོ་བོ་ག་རས། བཟས་ག་པར་བརྟེན་གྱི་ཡོའོ་རེད་ཟེར་ན། སྤྱིར་བཏང་མི་ད་ཁོ་འགྲོ་བ་ཡིན་དུས་ཙམ་པ་བཟས་ལ་བརྟེན་གོ་རེད་པཱ།
  • སྐུ་ཞབས་ལགས
    བཟས་ལ་བརྟེན་གོ་དུས་ཙམ་ནས། བཟས་གོ་པར་བརྟེན་དགོས་ཟེར་ན། བཟས་ཏིང་ངེ་འཛིན་་གི་བཟས་ལ་བརྟེན་གྱི་ཡོའོ་རེད་ཟེར། ཨ་ནི་ང་རང་ཚོ་འདོད་པའི་དེ་ལ་ཡ་སྒོམ་ཡོའོ་མ་རེད་ཟེར། ཁམས་གོང་ལ་ཡ་རྦད་དེ་གང་བསམ་ཚད་སྒོམ་ལ་འགྲོ་གི་ཡོའོ་རེད་ཟེར། ད་འདོད་པའི་ཁམས་ལ་ཡ་སྒོམ་དེ་ཡོའོ་མ་རེད་ཟེར། བསམ་པ། བསམ་བྱུང་དང་། གཙོ་བོ་དེ་ག་རས་ཟེར་ན། སེམས་ཆུང་ལ་བརྟེན་གོ་གི་ཡོའོ་རེད་ཟེར།
  • སྐུ་ཞབས་ལགས
    ཐོས་པ་དང་བསམ་བྱུང་གཉིས་ལ། ཁམས་གོང་ལ་ཡ་ཐོས་པ་དང་བསམ་བྱུང་གཉིས་བྲེལ་བ་ཡོའོ་མ་རེད་ཟེར། ཁོ་གང་གོ་པ་ལམ་སང་སྒོམ་བྱས། སྒོམ་ཕྱིན་བྱས། ཐོས་བྱུང་དང་བསམ་བྱུང་གཉིས།ཁམས་གོང་ལ་ཡ་ད་སྤྱིར་བཏང་བྱས་ན་མེད་ཟེར་གྱི་རེད། ཨཱེ་ཡིན་ན་ལའི་ཡང་འདོད་པའི་ཁམས་དེ་ལ་ཡ་ཆ་བཞག་པ་ཡིན་ན། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ག་རེ་ཡོའོ་རས་ཟེར་ན། སྔགས་བླ་མེད་ཀྱི་ལུགས་ལ་ཡ། སྔགས་བླ་མེད་ཀྱི་ལུགས་གཞིར་བཞག་བྱས་བྱས། དེ་བྱེད་དུས་ཙམ་ནས། ཨ་ནི་འདོད་པའི་ཁམས་དེ་ཡང་རྦད་མཆོག་དུ་འགྱུར་པ་ཡིན་ཟེར།
  • སྐུ་ཞབས་ལགས
    ག་རས་ཟེར་ན། ཨོང་། སྔགས་ནས་གསུང་པ་ནང་བཞིན་གྱི། ག་རས་ཟེར་ན། ཁམས་གོང་ལ་ཡ། གསང་སྔགས་གི་ཉམས་ལེན་བྱེད་ཡས་ཡོའོ་མ་རེད་ཟེར། གསང་སྔགས་ཉམས་ལེན་བྱེད་ཡས། མེད་ཡས་ག་རས་ཟེར་ན། གསང་སྔགས་ཉམས་ལེན་བྱེད་པ་ལ། གཙོ་ཆེ་ཤོས་དེ་ཨ་ནི་ཤ་རུས་པ། རྐང་། ཁྲག། ཨོང་། ཆུ་སེར། ཨོང་ཁུ་བ། ཨོའོ་དེ་གས་གོ་གི་ཡོའོ་རེད་ཟེར། དེ་གས་མེད་པ་ཡིན་ན། ཨ་ནི་གསང་སྔགས་ཀྱི་རྟོགས་པ་དེ་ཡར་སྐྱེས་ཐུབ་ཀྱི་ཡོའོ་མ་རེད་ཟེར།
  • སྐུ་ཞབས་ལགས
    བྱས་ཙང་འདོད་པའི་ཁམས་ལ་ལྟོས་ནས། ཡང་ག་རེ་ཟེར་དགོས་རེད། ཁམས་གོང་ལ་ལྟོས་ནས་ཡང་འདོད་པ་དེ་ག་རས་ཟེར་ན། གཅིག་ནས་བྱས་ན། ཨ་ནི་དམའ་བ་དང་ཞན་པ་རེད་ཟེར། རེད་དེའི་ཡང་གསང་སྔགས་ཉམས་ལེན་བྱེད་ཉན་གཅིག་གི་ངོས་ནས་བཤད་ན། ཨ་ནི་མཆོག་ཏུ་འགྱུར་པ་ཡིན་ཟེར། ཨོའོ་འདོད་པའི་ཁམས་དེ་ལ་ཡ། འདི་མེད་པ་ཡིན་ན། ག་རེ་ཟེར་དགོས་རེད་ད། ཁམས་དཀར་དམར་ལ་སོགས་པ་མེད་པ། ཨོང་། ཤ་རུས་པ་རྐང་ལ་སོགས་པ་མེད་ན། ཨ་ནི་འདི་བྱེད་ཀྱི་ཡོའོ་མ་རེད། གསང་སྔགས་གི་རྟོགས་པ་དེ་སྐྱེས་ཀྱི་ཡོའོ་མ་རེད་ཟེར།
  • སྐུ་ཞབས་ལགས
    ང་རང་ཚོའི་གསང་སྔགས་ནས་བཤད་པའི་བདེ་སྟོང་ཟུང་འཇུག་ཟེར་ཡས་དེ་ག་རེ་རས་ཟེར་ན། འདོད་པའི་ཁམས་ལ་མ་གཏོགས། ཁམས་གོང་ལ་ཡ་འདི་མེད་ཟེ་བྱས་བྱས། ཨོའོ་འདུག་ཟེར་གསུངས་འདུག་གང་ལགས། ཨ་ནི་ད་ད་ལྟ་ང་ཚོའི་ད་ལྟ་འདི་མར་བྱེད་ཡས་འདི་ག་རེ་རས་ཟེར་ན། དུས་འཁོར་སོང་ཙང་། དུས་འཁོར་འདི་སྔགས་ཀྱི་ལུགས་རེད་པཱ་ལགས། སྔགས་ནང་ནས། ཨོང་། རྣལ་འབྱོར་རྒྱུད་སོང་ཙང་། ཁོ་སྔགས་དང་འབྲེལ་བ་ཡོད་པའི་ཁོ་འདི་འགྲོ་གོ་རེད་པཱ། ཨཱེ་ཡིན་དུས་ཙམ་ནས་ཨ་ནི་ཨོང་འདོད་པའི་ཁམས་དང་ཁམས་གོང་མ་གཉིས་ཀྱི་ད་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདྲ་དེ་ཨོའོ་དེ་འདྲས་འདྲ་ཅིག་རེད་ཟེར།
  • སྐུ་ཞབས་ལགས
    ད་གཅིག་ནས་མདོ་ལུགས་ནས་བཤད་པ་ནང་བཞིན་ཡིན་ན། ཁོ་ཁམས་གོང་ལ་ཡ་ད་མཆོག་དུ་འགྱུར་པ་རེད་ཟེར། ཁམས་གོང་ལ་མཆོག་ཏུ་འགྱུར་ཡས་ག་རས་ཟེར་ན། ཁོ་ཐོས་པ་ཡང་དེ་ཙམ་གྱི་ཆེན་པོ་ཆེན་པོ། གང་ཐོས་པ་དེ་གས་ལམ་སང་སྒོམ་ལ་འགྲོ་ཐུབ་པ། ཁམས་འོག་ལ་མར་ད་འདོད་པའི་ཁམས་ལ་ཡ་གང་ཐོས་ཀྱང་འདི་སྒོམ་ལ་མི་འགྲོ་བ། ཨ་ལའི་ཐོས། དེ་ནས་བསམ། གཞི་ནས་ཨ་ནི་སྒོམ་ལ་ཕྱིན་བྱས་དེ་འདྲས་འགྲོ་གི་ཡོའོ་རེད། ཨོའོ་དེ་ལ་བརྟེན་བྱས་ཨ་ནི་ཁམས་གོང་འོག་གཉིས་ཀྱི་ད་ཁྱད་པར་འདྲ་དེ་དེ་འདྲས་འདྲ་ཅིག་ཡོའོ་རེད། འདོད་པའི་ཁམས་ཟེར་དེ་གཅིག་ནས་ཡང་། ཁོ་ཞན་པ་འདྲ་དེ་ཡང་ཕྱོགས་གཞན་གཅིག་ནས་བྱས་ན་མཆོག་ཏུ་འགྱུར་པ་རེད། དཔེར་ན། དག་སེལ་བྱང་ཆུབ་སེམས་དཔའ་ནང་གི་ཡང་ཁམས་འོག་མའི་ག་རེ་ཟེར་དགོས་རེད། ད་ཁམས་འོག་མ་ཟེར་དུས་ཙམ་ནས་འདོད་པ་ཁམས་གོ་རེད་པཱ། འདོད་པའི་ཁམས་ཀྱི་ཨོང་། གནས་དེ་ལ་ཡ་རྦད་དེ་མཆོག་ཏུ་འགྱུར་པ་རྩིས་ཀྱི་ཡོའོ་རེད་ཟེར། གང་ཡིན་ཟེར་ན། ཁོ་གསང་སྔགས་ཀྱི་ཉམས་ལེན་དེ་ཁོ་མཆོག་ཏུ་འགྱུར་པ་ཅིག་བྱེད་ཡས་ཡོའོ་རེད་པཱ། ཨོའོ་འདི། དེ་འདྲས་ཅིག།