Video Overview
ར་སྦྲགས་ཟེར་མི་འདི་ དབང་འདུས་ཕོ་བྲང་རྫོང་ཁག་ སྦྱེད་ནག་རྒེད་འོག་གི་གནས་བདག་ཅིག་གི་མིང་ཨིན་མས། དེ་སྦེ་ ར་སྦྲགས་ཟེར་བཏགས་དགོ་མི་དེ་ཡང་ ཧེ་མ་ གུ་རུ་རིན་པོ་ཆེ་བོད་ལས་མར་གདན་འདྲེན་ཞུཝ་ད་ ཁྱོད་ཀྱི་ཕོ་བྲང་ག་བཟུམ་ཅིག་ཡོདཔ་སྨོ་ ཟེར་གསུངམ་ད་ ངེའི་ཕོ་བྲང་འདི་གནམ་མེད་ས་མེད་སྦོམ་ཨིན་ཟེར་ཞུ་ གདན་འདྲེན་ཞུ་སྦེ་ ཤོབ་ལེ་ལ་ཟེར་སར་ལྷོདཔ་ད་ གུ་རུ་རིན་པོ་ཆེ་གིས་ ཀྱེ་ ཁྱོད་ཀྱི་ཕོ་བྲང་ ཟེར་གསུངས་ཏེ་ ཕོ་བྲང་དེ་གཟིགས་ཕུད་ཕུལཝ་ད་ ཁྱོད་ཤོབ་རྐྱབ་མས་ ཁྱོད་ཀྱི་ཕོ་བྲང་ར་བཟུམ་ཅིག་ལས་མིན་འདུག ཟེར་གསུངས་ཞིནམ་ལས་ཚུར་ ཁྱོད་ཀྱི་མིང་ཡང་ར་སྦྲགས་ཨིན་སྨ་རེད་ ཟེར་བཏགས་བཏགསཔ་ཨིན་ཟེར་བཤད་ནི་འདུག །
- རིན་འཛིན་དབང་ཕྱུག། Rinzin Wangchuk
- བཀྲ་ཤིས་ཚེ་རིང་། Tashi Tsheringགནསཔ་ར་སྦྲགསཔ་གི་སྐོར་ལས། ར་སྦྲགསཔ་ཁོ་ར་བོད་ལས་བྱོན་བྱོནམ་མེན་པས། མ་པ་ལས་ར་ཁོ་ར་གི་བདག་པོ་ར་རོགས་ ང་བཅས་ར་མི་བཟུམ་སྦེ་ར་ ནཱ་ལུ་སྐྱེས་འོངམ་ ནཱ་གི་གནས་བདག་གི་ ནཱ་གི་ཨ་ནི་ལུ་བཀའ་དང་དམ་ལུ་བཞག་བཞགཔ་ཨིན་མས།About Nyep Radrap (local deity) Radrap didn't come from Tibet. He is a owner of this place who took an oath to become the protector of the place.
- བཀྲ་ཤིས་ཚེ་རིང་། Tashi Tsheringཏེ་འ་ནེ་སྦེ་འབདཝ་ད་ ཁོ་གིས་ གུ་རུ་རིན་པོ་ཆེ་ ཡར་ལས་མར་གདན་དྲངས་དྲངསམ་མས་ ཡར་ལས་མར་བོད་ལས་ གདན་དྲང་པར་བྱོན་བྱོནམ་མས་བོད་ལུ་ གུ་རུ་རིན་པོ་ཆེ། གུ་རུ་རིན་པོ་ཆེ་ཡར་བོད་ལས་མར་ ང་བཅས་འབྲུག་ལུ་འབྱོན་དགོ་གསེས་ ཁོ་གདན་དྲངམ་ད། ཏེ་ཁྱོད་ཕོ་དྲང་འདི་ ག་བཟུམ་ཅིག་ཡོདཔ་གསེས་དྲིཝ་ད་ སྤ་ངེའི་ཕོ་བྲང་འདི་ གནམ་མེད་ས་མེད་སྦོམ་ཡོད་གསེས་ ཏེ་ཁོ་འ་ནེ་སྦེ་ཞུ་ཞུཝ་མས།So he invited Guru Rinpoche from Tibet. He went to Tibet to invite Guru Rinpoche to Bhutan. Then [Guru Rinpoche] asked, "how big id your resident?". [Radrap] said, "i have a very big resident".
- བཀྲ་ཤིས་ཚེ་རིང་། Tashi Tsheringསྟེ་དེ་ལས་ ད་ལྟོ་ཨ་ཡར་ སྒོར་གོ་ན་གི་ཡར་ལུ་ ཤོབ་ལེ་ལ་གསེས་འདུག་མེན་ན། འ་ནི་ཤོབ་ལེ་ལ་ལས་ ཏེ་ཀྱེ་ཁྱོད་ཕོ་བྲང་ཟེར་གསེས་ ཨ་ཕི་ཨིན་ལགས་གསེས་ གཟིགས་ཕུལ་རྐྱབ་ད་ ཨ་ཁྱོད་ཤོབ་རྐྱབ་མས། ཁྱོད་ཕོ་བྲང་འདི་རང་ ར་བཟུམ་ཅིག་ལས་མིན་འདུག་བ་གསེས་ གུ་རུ་རིན་པོ་ཆེ་གིས་ འ་ནེ་སྦེ་གསུངས་ཡི་གསེས་ཨིན་མས།When they reached Gorgonang (Shomleyla), [Guru Rinpoche] asked, "show me, where is your resident?". [Radrap] pointing with finger said, "that is my resident". "You lied to me. your resident is not bigger than a goat", said Guru Rinpoche.
- བཀྲ་ཤིས་ཚེ་རིང་། Tashi Tsheringགུ་རུ་རིན་པོ་ཆེ་གིས་ལོ། ཞབས་དྲུང་གིས་ལོ་ཨ་ཞང་།Guru Rinpoche or Zhabdrung, uncle?
- བཀྲ་ཤིས་ཚེ་རིང་། Tashi Tsheringགུ་རུ་རིན་པོ་ཆེ་གིས། ཏེ་ཁྱོད་ཕོ་བྲང་རང་ར་བཟུམ་ཅིག་ལས་འགལ་མིན་འདུག་བ་ ར་སྦྲགསཔ་ཨིན་མས་ཁྱོད་མཚན་གསེས།Guru Rimpoche. "Your resident is not bigger than a goat and your Radrap", said [Guru Rimpoche].
- རིན་འཛིན་དབང་ཕྱུག། Rinzin Wangchukཨེའེང་་་་་་་།Okay.
- བཀྲ་ཤིས་ཚེ་རིང་། Tashi Tsheringའ་ནེ་སྦེ་གསུངས་གསུངསམ་ཨིན་མས།[Guru Rinpoche] tole like that.
- རིན་འཛིན་དབང་ཕྱུག། Rinzin Wangchukཁོ་གི་མཚན་འདི་འ་ན་ལས་སྦེ་ ཨ་ནི་འབད་འབདཝ་ཨིན་ན་ ར་སྦྲགསཔ་གསེས།From there he was called Radrap?
- བཀྲ་ཤིས་ཚེ་རིང་། Tashi Tsheringར་སྦྲགསཔ་གསེས་བཏགས་དགོ་མི་འདི་ འ་ནེ་ ར་སྦྲགས་སྤུན་གསུམ་གསེས་བཞག་ནུགYes, because of this reason he was called Radrap. Named as Radrag Punsum.
- རིན་འཛིན་དབང་ཕྱུག། Rinzin Wangchukད་ར་སྦྲགས་སྤུན་གསུམ་གྱི་སྐོར་ལས་ མདོར་བསྡུས་ཅིག་ད་རུང་།Again little bit about Radrag Punsum.
- བཀྲ་ཤིས་ཚེ་རིང་། Tashi Tsheringལ་སྦྲགས་ ར་སྦྲགས་སྤུན་གསུམ་འདི་ཏེ་ད་ ད་དཔེ་འདྲཝ་ཅིག་འབད་བ་ཅིན་ ཏེ་གཅིག་འདི་ང་བཅས་ར་ དཔོན་བཟུམ་ཅིག་འབད། ཏེ་གཅིག་འདི་ དགེ་སློང་བཟུམ་ཅིག་ཨིན་མས། ཏེ་གཅིག་འདི་ ཨ་ནི་སྡིག་པ་སྟིང་ཡ་གསེས། ཏེ་འ་ནི་འདི་ཁོང་གི་Radrag Punsum is, for example, one is like our king while one is like monk. One is called Digpar Tinga.
- རིན་འཛིན་དབང་ཕྱུག། Rinzin Wangchuk
- བཀྲ་ཤིས་ཚེ་རིང་། Tashi Tsheringཁོང་སྤུན་ཆ་གསུམ་སྦེ་ཡོདཔ་ཨིན་ན། ར་སྦྲགསཔ་གི་འོག་ལས། ཨོང་་་་་་་།They are three?
- བཀྲ་ཤིས་ཚེ་རིང་། Tashi Tshering
- བཀྲ་ཤིས་ཚེ་རིང་། Tashi Tsheringའ་ནི་སྡིགཔ་སྟིང་ཡ་གསེས་མི་འདི་གིས་ རྫུ་འཕྲུལ་རྐྱབ་སྟེ་གིས་སྦེ་ འབད་བཅུགཔ་ཨིན་གསེས་མས། ཏེ་ཁོ་གི་ཁ་ཐུག་ལས་ ཏེ་ཤ་བཟའ་དགོ་དོ་ཡོད་ནི་འདི་གིས། སྡིགཔ་སྟིང་ཡ་གི་ཁ་ཐུག་ལས། ཏེ་དགེ་སློང་འདི་རོགས་དགེ་སློང་ངོ་མ་མས། ཏེ་ཁོ་འདི་ ཏེ་ག་དེ་འབད་རུང་བཏུབ་ཨིན་མས།Yes. In those days, there was a practise of killing an ox and making offering. {"okay", from the audience}. It was said that, because of his maraculous power and because he has to eat meat, [people] are forced to do. Monk was a real and would have been fine with anything.
- རིན་འཛིན་དབང་ཕྱུག། Rinzin Wangchukཏེ་འ་ནེ་སྦེ་འབདཝ་ད་ ཏེ་ཨ་ནི་ སྔོན་མ་ནཱ་ལུ་ མང་ཤོས་ཅིག་ར་ གླང་བསད་ཕུལ་ནི་ཡོད་བ་ ཨོང་་་་་་་
- བཀྲ་ཤིས་ཚེ་རིང་། Tashi Tsheringཏེ་གཅིག་འདི་དཔོན་ཨིན་མས། ཏེ་ད་ལྟོ་ཤར་གྱི་ཁ་ཐུག་ལུ་ ཏེ་དཔོན་ དཔོན་ཁག་མང་སུ་ཅིག་ སྔོན་མ་མང་ཤོས་ར་ཤར་ལས་ཐོན་འོང་གསེས་མས། ང་བཅས་དང་ཕུགས་གི་(ཀྱི་)དཔོན་འདི་ཚུ་འབདཝ་ད། ད་རེས་འདི་ད་ དཔོན་རོགས་ནམ་མཁའ་མཉམ་མས་སྦེ་རོགས་ ག་ཏེ་གསེསཝ་ཡང་མིན་འདུག རང་ས་ཡོན་ཏན་གྱི་ལྕོགས་གྲུབ་དང་འཁྲིལ་ཏེ་འགྱོཝ་མས།One was King. During those days, it is said that most of the king would from Shar valley. Now according to ones education talent and ability, there are lots of king [heads] like sky.
- བཀྲ་ཤིས་ཚེ་རིང་། Tashi Tsheringཏེ་སྔོན་མ་འབད་བ་ཅིན་ ཡོན་ཏན་མེད་པའི་སྐབསས་སུ་ལུ་ དཔོན་འདི་ནཱ་ཤར་གྱི་ཁ་ཐུག་ལས་ར་ཐོབ་ཨིན་མས། ད་འ་ནི་ ཁོ་ཨ་ནི་ར་སྦྲགསཔ་འདི་ར་ དཔོན་ཁོ་ལུ་ འདི་འབདཝ་ད་ ཏེ་ཁོ་གིས་འབད་རྫུ་འཕྲུལ་རྐྱབ་ དཔོན་འཐོབ་བཅུག་དོ་ཡོདཔ་མས། ད་འ་ནེ་སྦེ་ཨིན་གསེས་མས། ཁོ་ལུ་གསོལ་ཁ་ཕུལ།In those days, when there is no education, more king [heads] would be from Shar. Radrag, using his super natural power, he would make king the people from Shar.