Skip to main content Skip to search
04 Nov 2014
1 min 38 sec
Video Overview
Creators: 
Tibetan & Himalayan Library

Jikko from Meshül village in Tsekhok tells a story about how a proverb can be used in the wrong way. 

འདིར་དམངས་ཁྲོད་ཀྱི་རྒྱུན་སྤྱོད་གཏམ་དཔེ་ཞིག་བཀོད་དེ་དུས་རྒྱུན་གྱི་འཚོ་བའི་ནང་གི་ནོར་འཁྲུལ་ཅན་དག་བཅོས་བྱས་ཡོད།

འདིར་རྒྱུན་སྤྱོད་ཀྱི་གཏམ་དཔེ་ཞིག་སྟེ། སྦལ་བ་ས་ཀོང་ནང་ན་ཡོད་ཀྱང་། བསམ་པ་གླིང་གའི་སྟོད་རེད། ཞེས་པ་དེ་དོན་དངོས་ཐོག་ནས།  སྦལ་བ་ས་ཀོང་ནང་ན་ཡོད་ཀྱང་། བསམ་པ་གླིང་གའི་སྟོད་རེད། ང་སྡུག་སྤྱོད་མཁན་པོ་ཧོར་ན་ཡོད་ཀྱང་། བསམ་པ་གླིང་གའི་སྟོད་ལ་བཟུང་ཡོད། ཟེར་བ་དེ་ཡིན་ཞེས་ནས་དག་བཅོས་ཀྱི་ཚུལ་དུ་བརྗོད་ཡོད་ལ།  གཏམ་དཔེ་འདི་ནི་དུས་རྒྱུན་དུ་མཐོང་རྒྱ་ཐོས་རྒྱ་ཆུང་བའི་མི་ལ་ཟུར་ཟའི་ཚུལ་དུ་བརྗོད་པ་ཡིན། དཔེ་འདི་ལྟར་ང་ཚོའི་སྲོལ་རྒྱུན་རིག་གནས་དག་ཀྱང་མང་བ་ནས་ཉུང་བ། ཉུང་བ་ནས་མེད་པའི་ཕྱོགས་སུ་འགྲོ་རུ་ཡོད་པས། ང་ཚོ་སྟེ་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱད་དག་གིས་དེ་ལ་འཛིན་སྐྱོང་སྤེལ་དགོས་སོ།

这段视频讲了一则在日常生活中常用的谚语,并改正了错误的用法。

这段视频讲了安多民间常用的一则谚语,说明了原来完整的语句现在已支离破碎,只剩下了一半。这则谚语经常用来讽刺那些见识狭小却喜欢说大话的人。也表达了传统文化的发展趋势,我们应该继承和弘扬民族传统文化。

Transcript search
No results found for this search
0 of 0