Skip to main content Skip to search
05 Feb 2016
1 min 49 sec
Video Overview
Creators: 
Monika Subba, Kuenzang Wangmo

༉ སངས་རྒྱས་རྡོ་རྗེ་གིས་ མི་ཁ་གཏོར་མའི་བཤད་པ་རྐྱབ་མི་ནང་ མི་ཁའི་གཏོརམ་དང་གཅིག་ཁར་ བྱའི་ཚང་བཟུམ་ཅིག་དང་ ཙེའུ་ལ་སོགས་པ་ང་བཅས་ར་ མི་གིས་བེད་སྤྱོད་འབད་མི་ཅ་ཆས་ཚུ་ག་ར་ ཚངམ་སྦེ་སྐྱེལ་དོ་ཡོདཔ་མས། བྱའི་ཚང་བཟུམ་ཅིག་ཡོད་མི་འདི་ ང་བཅས་རའི་ཁྱིམ་གྱི་ཚབ་སྦེ་བཟོཝ་ཨིན་མས། དེ་སྦེ་ མི་ཁའི་རིམ་གྲོ་འབད་དགོ་མི་དེ་ཡང་ མིའི་ཁ་ལས་བརྟེན་ཏེ་ རང་ལུ་འོང་བའི་རྐྱེན་བར་ཆད་ཚུ་ བཟློག་པའི་ཐབས་ལམ་ཅིག་ཨིན།

In this video, Sangay Dorji talks about the materials used in the Mikha Torma ritual, such as a bird’s nest, bamboo baskets and so forth. The nest represents the house in the ritual. People perform Mikha ritual mainly for protection against malicious talk.

Transcript search
No results found for this search
0 of 0
  • སངས་རྒྱས་རྡོེ Sangay Dorji
    ཨ་ནི་ད་ལྟོ་བྱཱ་གི་ཚང་གཅིག་འདུག་ བྱཱ་གི་ཚང་འདི་ག་ཅི་སྨོ་ཟེར་བ་ཅིན་ང་བཅས་ན་གི་ད་ང་བཅས་ར་མི་སྡོད་ས་གི་ཁྱིམ་ཨིན་པས།
    Here is a bird’s nest which represents a house.
  • སངས་རྒྱས་རྡོེ Sangay Dorji
    ད་མི་སྡོད་སའི་ཁྱིམ་འདི་གི་ནང་ན་ལུ་ཨ་ནི་ད་ང་བཅས་མི་གིས་ད་ད་ལྟོ་ཀླུས་གཏངམ་ད་འ་ནི་མི་གི་ང་བཅས་ཁྱིམ་གི་ནང་ལུ་མི་ག་དེམ་ཅིག་འོང་ག སྟེ་ཨཱ་ནི་གི་དོགས་ཐབས་ཀྱི་ད་ང་བཅས་ལོ་འཁོར་བཅུ་གཉིས་ཀྱི་མི་ཚང་ར་ཚང་ དགོ་སྟོ་ཨཱ་ནི་མི་གིས་ང་བཅས་ཁྱིམ་འདི་གི་རྐྱེན་དོགས་ཅུ་སའི་ཚབ་བཟུམ་ཅིག་ཨིན་ལགས་ཨཱ་ནི་བྱཱ་ཚང་ཟེར་མི་དེ་འ་ནི་ཨིན་པས་ལགས།
    This ritual is performed for the family members to get rid of malicious talk and gossip.
  • སངས་རྒྱས་རྡོེ Sangay Dorji
    སྟེ་ཨ་ཕི་ན་ད་རུང་རྩེཝ་ཅིག་འདུག་་ཨཱ་ནི་ན་ལུ་ང་བཅས་ད་ལྟོ་ཁྱིམ་ན་སྡོདཔ་ད་ལུ་ད་ཐ་ལི་ཕོརཔ་ལས་འགོ་བཟུང་སྟེ་ལྟོ་ བཟའ་དགོ་པས་ཁུར་ཆ་འབག་དགོ་པས་ད་གཟན་པྱ་ད་དྲག་སྟེ་ག་ར་གོ་ལ་ལྷམ་ག་ར་མི་ཚང་ཚངམ་སྦེ་བཙུགས་དགོ་ཟེར་ཞུ་ནི་ཨིན།
    So, there is a basket. All the household utensils should be placed inside the basket.
  • སངས་རྒྱས་རྡོེ Sangay Dorji
    སྟེ་ང་བཅས་ཀྱི་ད་ང་བཅས་ཀྱིཁྱིམ་ང་བཅས་མི་གི་གཟུགས་ཚབ་ད་ཨཱ་ནི་མི་ཁ་ཁོ་ར་ཨིན་པས་སྟེ་ང་བཅས་ར་གི་ཁྱིམ་གྱི༌ཚབ༌འདི༌ཨཱ༌ནི༌ཨིན༌པས༌བྱཱ༌གི༌ཚང༌ཨིན༌པས།
    The human body is substituted by a Mekha torma and the nest represents the house.
  • སངས་རྒྱས་རྡོེ Sangay Dorji
    སྟེ༌ང༌བཅས༌ག༌ཅི༌གུ༌ཅི༌བཟའ༌ནི༌ཚུ༌ཕོརཔ༌དང༌ཐ༌ལི༌སོ༌སོ༌བཟའ༌དགོ༌པས༌སྨོ?
    Why are we supposed to eat in a separate plate and cup?
  • སངས་རྒྱས་རྡོེ Sangay Dorji
    སྟེ༌ཨཱ༌ནི༌ཁོ༌ལུ༌བྱིན༌དགོཔ༌ཨིན༌པསཨཱ༌ནི༌ཁོ༌ལུ༌བྱིན༌ཞིནམ༌ལས༌ང༌བཅས༌རའི༌མི༌གི༌རྐྱེན༌བར༌ཆད༌ག༌ར༌ཨཱ༌ནི༌གཅིག༌ཁར༌སོང༌འགྱོ༌ཟེར༌སྨོན༌ལམ༌བཏབ༌སྟེ༌སྦེ༌ཨཱ༌ནི༌བཙུགས༌དགོཔ༌གི༌དོན༌ད༌ཨཱ༌ནི༌ཨིན༌པས༌ལགས།
    So, after giving away all the household utensils, they make a wish that adversity, misfortune, calamity and hazard be taken away along with the Mekha torma.