Video Overview
Tshewang Jamtsho, a villager from Phongmey, Tashigang, shares about Tsedar and Tseda (Longevity Flag and Longevity Arrow). The arrow of longevity is made out of bamboo from Tsari, Tibet, with its feather from a vulture. It is believed that vultures can survive for hundreds and thousands of years. The scarf which wraps the arrow, known as Tsedar (Longevity flag), comprise five different colors: white, yellow, red, green and blue, each of which for a guardian of the four cardinal directions and the center: white is East (Sha Dorji Sampa); yellow is South Ratnasambhava; Red is West Amitabha; Green is North Amoghasiddhi; and blue is the center, Vairichana. The arrow and flag is in the altar room near the lama at the end of the annual ritual.
- Phimsong
- Trashigang
- ཚེ་དབང་རྒྱ་མཚོ་ Tshewang Jamtshoད་ལྟོ་ ནཱ་ང་བཅས་རའི་ནཱ་ ས་ཟུར་ཁར་ ཚེ་ཁུག་གཡང་ཁུག་ཟེར་ ལོ་རེ་ལུ་ལོ་མཆོད་གནང་མི་འདི་ ག་ཅི་གི་དོན་ལས་སྨོ་ཟེར་བ་ཅིན་ ད་ལྟོ་ ཁ་ཙ་གི་ལོ་རྒྱུས་ག་ར་ཞུ་ཚར་ཡི་ ཏེ་ད་མཇུག་རང་ ཚེ་དར་གྱི་སྐོར་ལས་ ཨ་ཙི་ཅིག་ཞུ་གེ་ ཟེར་ཞུ་ནི་ལགས། ཏེ་ཚེ་དར་ཟེར་མི་འདི་ ཚེ་དར་ཡང་ ཙཱ་རི་སྨྱུག་མ་ཟེར་ ང་བཅས་ར་གང་བྱུང་མང་བྱུང་ འ་ནཱི་སྤག་ཤིང་དང་འ་ནཱི་ཚུ་གིས་མི་བཏུབ་ནི་ཨིན་མས་ལགས། ཏེ་ཙཱ་རི་སྨྱུག་མ་རང་དགོཔ་ཨིན་མས།
- ཚེ་དབང་རྒྱ་མཚོ་ Tshewang Jamtshoཏེ་ཙཱ་རི་སྨྱུག་མ་འདི་ སྒྲོ་འདི་ ད་བྱ་རྒོད་ཀྱི་སྒྲོ་དགོཔ་ཨིན་མས། བྱ་རྒོད་ཀྱི་སྒྲོ་དགོ་པའི་རྒྱུ་མཚན་ ག་ཅི་སྨོ་ཟེར་བ་ཅིན་ བྱ་རྒོད་ཟེར་མི་འདི་ ལོ་སྟོང་ཕྲག་སྟོང་ཕྲག་སྦེ་ ཁྲི་སྦེ་ཁོ་ཚེ་རིང་སྟེ་སྡོདཔ་ཨིན་ ཟེར་ཨིན་མས། དེ་འབདཝ་ལས་ ཁོ་ཚེ་རིངམོ་འབད་ནི་དེ་གིས་ ཁོའི་སྒྲོ་ཁག་ཆེ་མི་དེ་ འདི་ཨིན་ཟེར་ཞུ་ནི་ལགས།
- ཚེ་དབང་རྒྱ་མཚོ་ Tshewang Jamtshoཏེ་ཨིན་ཅིག་མིན་ཅིག་ ཚེ་མདའ་ལུ་བྱ་རྒོད་ཀྱི་སྒྲོ་བཀལ་རང་བཀལ་དགོ་ ཏེ་དེ་ལས་ འ་ནཱ་ལས་ མར་མདའ་ལྕགས་འདི་ གདབ་དགོ་མི་འདི་ ཚེ་སྲོག་ལྕགས་ཀྱིས་བསྒྲུབས་བསྒྲུབས་བཟུམ་སྦེ་ ཏེ་འ་ནཱི་བཟུམ་ ལྕགས་འདི་ གནམ་རང་འབད་རུང་ཡལ་མ་བཏུབ་པར་ ལེགས་ཤོམ་སྒྲིང་སྒྲིང་སྦེ་སྡོད་སྡོདཔ་འབད་ནི་དེ་གིས་ ང་བཅས་རའི་ཚེ་དང་བསོད་ནམས་ སྲོག་འདི་ ལྕགས་བཟུམ་སྦེ་དགོཔ་ལས་བརྟེན་ཏེ།
- ཚེ་དབང་རྒྱ་མཚོ་ Tshewang Jamtshoཏེ་ཁོ་གི་ཚེ་མདའ་ མདའ་ལྕགས་ དེ་ལས་བྱ་རྒོད་ཀྱི་སྒྲོ་ འ་ནཱི་བཟུམ་དགོ་པའི་རྒྱུ་མཚན་འདི་ འ་ནཱི་སྦེ་ཨིན་ཟེར་ ཞུ་ནི་ཨིན་ལགས། དེ་ལས་འདི་གི་ཐོག་ཁར་དར་ དཀར་ སེར་ དམར་ ལྗང་ དབུས་མཐིང་ཟེར་ ཤར་ལས་ མདའ་དར་དཀར་པོ་ ལྷོ་ལས་མདའ་དར་སེརཔོ་ ནུབ་ལས་མདའ་དར་དམརཔོ་ དེ་ལས་བྱང་ལས་མདའ་དར་སྔོན་པོ་ དེ་ལས་དབུས་ལས་མདའ་དར་མཐིང་ཁ་སྦེ་ ལྔ་དགོཔ་ཨིན་མས་ལགས།
- ཚེ་དབང་རྒྱ་མཚོ་ Tshewang Jamtshoདེ་ལས་འ་ནཱི་ལྔ་འདི་ ཤར་རྡོ་རྗེ་སེམས་དཔའི་ཚུལ་སྦེ་ དེ་ལས་ལྷོ་རིན་ཆེན་འབྱུང་གནས། ནུབ་སྣང་བ་མཐའ་ཡས། དེ་ལས་བྱང་འདོད་ཡོན་གྲུབ་པ་ དབུས་རྣམ་པར་སྣང་མཛད་ཟེར་ ཁོང་དར་ལྔཔ་ོའདི་དགོཔ་འདི་ དེ་སྦེ་ཨིན་ཟེར་ཞུ་ནི། དེ་ལས་ འ་ནཱ་ལས་མདའ་དར་ཟེར་ མདའ་དང་མདའ་དར་ཟེར་མི་འདི་ ད་ འ་ནཱི་ ཤར་ལས་མདའ་དར་དཀརཔོ་འདི་ ཚེ་མདའ་གི་མདའ་དར་དཀརཔོ་བཏགས་མི་འདི།
- ཚེ་དབང་རྒྱ་མཚོ་ Tshewang Jamtshoཏེ་ད་ ཤར་རྡོ་རྗེ་སེམས་དཔའ་གིས་འབད་ ཚེ་དང་བསོད་ནམས་ག་ར་དངོས་གྲུབ་ཚུར་གནང་ད་ཟེར་ ང་བཅས་ར་འ་ནཱི་གཡང་ཁུགཔ་ད་ གཡུག་མི་འདི་ འདི་བཟུམ་སྦེ་ཚུར་ལྟ་ཞུཝ་ཨིན་ཟེར་ཞུ་ནི། དེ་ལས་ ལྷོ་རིན་ཆེན་འབྱུང་ནས་ཀྱིས་ ཚེ་དང་བསོད་ནམས་ག་ར་ དངོས་གྲུབ་འདི་མཆོག་དང་ཐུན་མོང་གི་དངོས་གྲུབ་འདི་ ང་བཅས་སྦྱིན་བདག་ལུ་ལྟ་སྟེ་གནང་ད་ཟེར་ འདི་བཟུམ་སྦེ་གཡུག་ དེ་ལས་ནུབ་སྣང་བ་མཐའ་ཡས་ཀྱིས་ ཚེ་དང་བསོད་ནམས་ག་ར་ ང་བཅས་ར།
- ཚེ་དབང་རྒྱ་མཚོ་ Tshewang Jamtshoརྒྱུ་སྦྱོར་སྦྱིན་པའི་བདག་པོ་ལུ་ལྟ་སྟེ་ ད་ལྟོ་འ་ནཱི་བཟུམ་རྩ་བ་བཙུགས་མི་དེ་ལུ་ ཏེ་ཚེ་དང་བསོད་ནམས་མཆོག་དང་ཐུན་མོང་གི་དངོས་གྲུབ་འདི་གནང་ད་ཟེར་ དེ་སྦེ་ཞུཝ་ཨིན། དེ་ལས་བྱང་ལས་འདི་ མདའ་དར་ ལྗང་ཁུ་གིས་ ཏེ་བྱང་འདོད་ཡོན་གྲུབ་པ་གིས་ འ་ནཱི་བཟུམ་གྱི་ཚེ་དང་བསོད་ནམས་ག་ར་ཚུར་གནང་ད་ཟེར་ དབུས་རྣམ་པར་སྣང་མཛད་ཀྱིས་ ཏེ་མདའ་དར་མཐིང་ཁ་སྦེ་ དེ་ལས་འ་ནཱ་ལས་འ་ནཱི་བཟུམ་ ཚེ་དང་བསོད་ནམས་མཆོག་དང་ཐུན་མོང་གི་དངོས་གྲུབ་གནང་ད་ཟེར་ འདི་བཟུམ་སྦེ་གཡུག་ ནཱ་གཡང་བཀུག
- ཚེ་དབང་རྒྱ་མཚོ་ Tshewang Jamtshoདེ་ལས་འ་ནཱ་ལས་གཡང་བཀུག་སྟེ་འགྲོལ་ནི་འབདཝ་ད་ དེ་ལས་རྟེན་འབྲེལ་ཆང་ཟེར་ རྟེན་འབྲེལ་ཆང་བཙུགས་ཏེ་ རྟེན་འབྲེལ་བརྩིས་ཏེ་ དེ་ལས་དེ་སྦེ་འབད་སྦེ་ དང་ཕུ་འབད་བ་ཅིན་ རོགས་ཡོད་མི་ཚུ་གིས་ རེ་རེ་གཉིས་གཉིས་ཀྱིས་མ་གཏོགས་ ཨིན་གཅིག་མིན་གཅིག་ག་ར་གིས་འདི་ འབད་མི་ཚུགས་དོ་ཡོདཔ་མས་ སྒྲུབ་མི་ཚུགས་དོ་ཡོདཔ་མས་ ཟེར་ཞུ་ནི་ལགས། ལོ་མཆོད་ཟེར་མི་འདི་ ཚེ་ཁུག་གཡང་ཁུག་ཟེར་ [ཚེའི་འབྱམས་མཆོད་ཕུལ་ཏེ།?]
- ཚེ་དབང་རྒྱ་མཚོ་ Tshewang Jamtshoའདི་བཟུམ་མའི་དཀར་པོ་དགེ་བའི་ལཱ་འདི་ ཁོང་ཡོད་མི་ ཕྱུགཔོ་རེ་རེ་གཉིས་གཉིས་ཀྱིས་རྐྱངམ་ཅིག་བཏང་སྡོད་ནུག་ ཟེར་ཞུ་ནི་ལགས། དེ་ལས་ཁོང་ འབད་མ་ཚུགས་མི་ཚུ་གིས་ཡང་ རྗེས་སུ་ཡི་རངས་ཏེ་ རོགས་ཡོད་མི་ཚུ་གིས་བཏངམ་ད་ལུ་ གནམ་མེད་ས་མེད་ སྤྲོ་བ་བརྒྱ་ཆ་གི་བརྒྱ་ཆ་སྦེ་ གནམ་མེད་ས་མེད་ཀྱི་དད་པ་བསམ་གྱི་མ་ཁྱབ་སྦེ་ ཁོང་གི་སྙིང་ཐག་པ་ལས་རང་ དད་པ་སྐྱེས་འོང་ ཆང་པ་ལང་རེ་འབག་ ཆུམ་བང་ཅུང་རེ་འབག་ དེ་ལས་ ཡོད་མི་གིས་ཡར་ མེད་མི་གིས་མར་འབད་ ག་བཟུམ་ཡོདཔ་ཅིག་འབག་སྦེ།
- ཚེ་དབང་རྒྱ་མཚོ་ Tshewang Jamtshoཏེ་འདི་བཟུམ་མའི་ ཏི་རུ་རེ་འབག་ རྟེན་འབྲེལ་བརྩིས་ཏེ་ དང་ཕུ་ཐ་ལ་ཤི་ཀི་ཟེར་ པོ་ཤི་ཟེར་ དེ་ལས་ཡར་རང་འགོ་བཙུགས་ཏེ་ དེ་བཟུམ་སྦེ་རང་གནང་སྟེ་ རྟེན་འབྲེལ་བརྩིས་སྡོད་ནུག་ ཟེར་ཞུ་ནི་ལགས། ཏེ་དེ་འབདཝ་ལས་བརྟེན་ཏེ་ ཏེ་ད་ལྟོའི་བར་ན་ཡང་ མ་ཉམས་པར་ འདི་བཟུམ་སྦེ་རང་ དང་ཕུའི་ལམ་སྲོལ་ལུགས་སྲོལ་སྦེ་རང་ དེ་བཟུམ་འབད་དེ་རང་ ང་བཅས་རའི་ནཱ་ ས་ཟུར་ཁ་ དེ་བཟུམ་སྦེ་ ཁོང་གིས་མཛད་གནངམ་ཨིན་ ཟེར་ཞུ་ནི་ཨིན་ལགས།
- ཚེ་དབང་རྒྱ་མཚོ་ Tshewang Jamtshoདེ་ལས་འ་ནཱ་ལས་ ད་ལྟོ་མཇུག་རང་ ཏེ་ད་ཞུ་ནི་ཟེར་རུང་ ད་ལྟོ་ཚེ་དར་ ཚེ་མདའ་ འདི་བཟུམ་ མེ་ལོང་གཡུ་ཆུང་བཏགས་ཏེ་ བྱ་རྒོད་ཀྱི་སྒྲོ་བཀལ་ཏེ་ རབ་བྱུང་པ་ཅིན་ གསེར་དངུལ་ཟངས་གསུམ་གྱིས་གྲུབ་སྟེ་ མདའ་ལྕགས་དེ་ཡང་ དེ་བཟུམ་གྱིས་བཟོ་དགོཔ་ཨིན་མས། ཏེ་ཚེ་སྲོག་ཡང་ལྕགས་བཟུམ་སྦེ་བརྩིས་ཏེ་ འ་ནཱི་མདའ་ལྕགས་གདབ་དགོ་མི་འདི་ རྒྱུ་མཚན་འ་ནཱི་ཨིན་ཟེར་ཞུ་ནི།
- ཚེ་དབང་རྒྱ་མཚོ་ Tshewang Jamtshoཚེ་རིང་ནི་གི་ཐབས་འདི་ ཁོ་བྱ་རྒོད་འདི་ ལོ་སྟོང་སྟོང་སྦེ་ ཚེ་རིངམ་ལས་བརྟེན་ཏེ་ ཨིན་གཅིག་མེན་གཅིག་རང་བྱ་རྒོད་ཀྱི་སྒྲོ་དགོཔ་འདི་ འ་ནཱི་ལས་བརྟེན་ཏེ་དགོཔ་ཨིན། དེ་ལས་ད་རུང་མདའ་དར་ཟེར་མི་འདི་ མི་ལུ་མདའ་འབད་བ་ཅིན་ ང་བཅས་ར་རྫོང་ཁ་ནང་ལས་མདའ་ ང་བཅས་ཀྱིས་འདི་ མི་ཟེར་སླབ་མས། དར་བཏགས་དགོ་པའི་རྒྱུ་མཚན་འདི་ཡང་ འདི་བཟུམ་སྦེ་བཏགས་ཏེ་ རང་གི་དར་དཀརཔོ་ ད་ཅི་ཞུ་དོ་བཟུམ་སྦེ་རང་།
- ཚེ་དབང་རྒྱ་མཚོ་ Tshewang Jamtshoཤར་རྡོ་རྗེ་སེམས་དཔའ་གིས་དངོས་གྲུབ་མཆོག་དང་ཐུན་མོང་གི་ཚེ་དང་བསོད་ནམས་ཀྱི་ དངོས་གྲུབ་གནང་ད་ཟེར་ ད་ཅི་གོང་ལུ་ཞུ་དོ་བཟུམ་སྦེ་རང་ འདི་བཟུམ་སྦེ་སྨོན་ལམ་བཏབ་སྟེ་ འདི་བཟུམ་མའི་བཀིགཔ་ཨིན་ ཟེར་ཞུ་ནི་ཨིན་ལགས། དེམ་ཅིག་རྐྱངམ་ཅིག་བཏངམ་ཨིན་ ང་གི་ཁ་ཐུག་ལས་ཞུ་ནི་ དེམ་ཅིག་རང་ཨིན། ལགས་སོ། བཀའ་དྲིན་ཆེ་ ཟེར་ཞུ་གེ་ལགས།། །།