Video Overview
Lobzang Dorji from Radhi Gewog, Tashigang, shares an explanation of good and bad dreams. The world consists of two facts: real and unreal. He says that dreams are not real, but it is the mind of people who take it seriously due to superstition. Dreams such as milking a cow, walking up a hill, holding grains, plucking fruits, filled containers, ploughing fields and dreaming of great lamas or masters are said to be good dreams which may bring good luck and fortune. Dreams such as walking downhill, empty containers, crossing bridges, riding a black horse and cutting hair are said to be bad dreams. People when dream bad dreams, they conduct rituals and organize prayers to avoid ill luck or misfortune.
བཀྲིས་སྒང་རྫོང་ཁག་ ར་དྷི་རྒེད་འོག་ལས་ བློ་བཟང་རྡོེ་གིས་ གཉིད་ལམ་བཟང་ངན་གྱི་སྐོར་ལས་ འགྲེལ་བཤད་རྐྱབ་སྟེ་ཡོདཔ་ཨིན། འཛམ་གླིང་འདི་ བདན་རྫུན་གཉིས་དང་ ལྡན་པའི་ས་གནས་ཅིག་ཨིན། ཁོ་གིས་སླབ་མི་ནང་ མིའི་རྣམ་རྟོག་ཤུགས་ཆེ་ནི་འདི་གིས་ གཉིད་ལམ་འདི་བདན་སོང་རུང་ འདི་རྫུན་པ་ཨིནམ་སྦེ་བཤདཔ་ཨིན། དཔེར་ན་ ནོར་ལས་ཨོམ་བཞོ་བའི་གཉིད་ལམ་དང་ གང་རི་གུར་འཛེག་འགྱོ་སར་དང་ འབྲུ་སྣ་ལགཔ་ཁར་གཟུང་སྡོད་ནི་དང་ ཤིང་འབྲས་བཏོག་ནི་ ཧོད་དང་དོ་སྒྲོམ་ཚུ་གང་བའི་གཉིད་ལམ་དང་ ཞིང་རྨོ་ནི་ དེ་ལས་ སྐྱེ་བོ་དམ་པ་ཚུའི་གཉིད་ལམ་ མཐོང་པ་ཅིན་ གཉིད་ལམ་འདི་བཟང་པོ་ཅིག་སྦེ་ བརྩི་འཇོག་འབདཝ་ཨིན། དེ་ལས་ གཉིད་ལམ་དཔེར་ན་ གང་རི་ལས་མར་འབབ་སར་མཐོང་ནི་དང་ ཧོད་དང་དོ་སྒྲོམ་ཚུ་སྟོངམ་སྦེ་མཐོང་ནི་ ཟམ་བརྒལ་ནི་ རྟ་ནགཔོ་གུར་བཞོན་སར་མཐོང་ནི་དང་ སྐྱ་བཏོག་པའི་གཉིད་ལམ་ཚུ་མཐོང་པ་ཅིན་ གཉིད་ལམ་འདི་ངན་པ་ཅིག་སྦེ་ཆ་བཞགཔ་ཨིན། གཉིད་ལམ་ངན་པ་མཐོང་པའི་སྐབས་ འགལ་རྐྱན་བར་ཆད་ བཟློག་ནིའི་དོན་ལུ་ མི་ཚུ་གིས་ རིམ་གྲོ་དང་ཁ་ཐུན་ཚུ་གཏང་དོ་ཡོདཔ་ཨིན།
- Kadam
- Radhi
- Trashigang
- བློ་བཟང་རྡོ་རྗེ་ Lobzang Dorjiལགས་སོ། ང་བཅས་ར་ ཏེ་ད་ ག་ཅི་སྨོ་ཟེར་བ་ཅིན་ ཏེ་རྨི་ལམ་དང་དངོས་སུ་ཟེར་བརྩི་ནི་ཅིག་འདུག་ ཏེ་ད་ མ་ཉལ་བར་ལཱ་ག་ཅི་འབད་མི་འདི་ དངོས་སུ་ཟེར་སླབ་ནི་ཨིན་མས། སླབ་རང་ རྨི་ལམ་སྨོ་དངོས་སུ་སྨོ་ཟེར་སླབ་ཨིན་ འ་ནཱི་བཟུམ། ཏེ་ད་ རྨི་ལམ་ཟེར་མི་འདི་ ད་བརྟག་པ་འདི་ ལ་ལུ་གིས་རྨི་ལམ་གི་བརྟག་པ་ལུ་ལྟ་སྦེ་ ཏེ་ལས་བཟང་ངན་ག་ཅི་ཡང་ རྨི་ལམ་ལེགས་ཤོམ་མཐོང་ཡི་ ད་རེས་ང་ལཱ་འདི་འགྲོ་ལམ་(ལམ་འགྲོ་)འབད་ནི་ཟེར་སླབ་མི་ཅིག་ཡང་འདུག
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་ཨིན་རུང་རང་ ཏེ་ད་ སངས་རྒྱས་ཀྱིས་གསུངས་དོ་བཟུམ་འབད་བ་ཅིན་ ཏེ་རྒྱལ་སྲས་ཞི་བ་ལྷ་གིས་གསུངས་དོ་བཟུམ་འབད་བ་ཅིན་ ཏེ་རྨི་ལམ་བུ་ཤི་བདེན་པར་ཨ་ཆང་ཆད་ཟེར་ རྨི་ལམ་འདི་ཤོབ་ཨིན་ཟེར་གསུངས་ནུག ཏེ་ཨིན་རུང་རྨི་ལམ་འདི་ལུ་ ཨིན་རུང་ལ་ལུ་ རྩ་ཁམས་ལེགས་ཤོམ་འདི་གིས་ རྨི་ལམ་ལུ་བརྟག་པ་འོང་སྦེ་ ཏེ་ལས་འགྲོ་ལམ་(ལམ་འགྲོ་)ཚུ་ འ་ནཱི་བརྟག་སྟེ་འབདཝ་འདྲས་ ཏེ་ད་ དེ་སྦེ་ཨིན་རུང་རང་ ཏེ་རྨི་ལམ་འདི་ ཏེ་ད་ཡར་ལྟ།
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་འཛེགས་འཛེགསཔ་རྨི་ལམ་མཐོང་མི་ལོ་ དེ་ལས་རང་གིས་ ཅ་ལ་སྟོངམ་འབག་འབགཔ་མེད་མི་ལོ་ དེ་ལས་ག་ཅི་གུ་ཅི་འབྲུ་སྣ་ཚུ་འབག་འབགཔ་རེ་ ཡངན་ ལགཔ་ཁར་ག་ཅི་ཅིག་ ཆུ་འབག་འབགཔ་ མེ་འབག་འབགཔ་རྨི་ལམ་རེ་མཐོང་ ཏེ་ཡང་ཅིན་ མདའ་རྐྱབ་རྐྱབ་མཐོང་དེ་ལས་མདའ་གཞུ་སོག་རལ་རེ་འབག་འབགཔ་ ཏེ་ད་ག་ཅི་སྨོ་ཟེར་བ་ཅིན་ ཡར་ལྟ་འགྱོ་འགྱོཝ་ རང་ངོ་ཤེས་མི་ བླམ་རེ་མཇལ་ འ་ནཱི་ག་ར་ ལེགས་ཤོམ་གྱི་བརྟག་པ་ཅིག་ཨིན་ཟེར་ བརྩི་ནི་གི་ ཕམ་ཚུ་གིས་འདི་བཟུམ་ཅིག་ ང་བཅས་ལུ་འདི་བཟུམ་གི་གཏམ་རྣམ་ཅོ་ཁ་ལུ་སླབ་ནི་ཡོད།
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་ཟོགཔ་བརྟག་འབད་བ་ཅིན་ ཏེ་ད་ཟོགཔ་ ལེགས་ཤོམ་གི་བརྟག་པ་ལུ་ག་དེ་སྦེ་སྨོ་ཟེར་བ་ཅིན་ ཏེ་ཞིང་རྨོ་རྨོཝ་དང་ ཏེ་ད་ཡང་ཅིན་ རང་གིས་ ག་ཅི་ཅིག་ བའི་ཨོམ་བཞོ་བཞོཝ་འདྲཝ་ ཏེ་འདི་བཟུམ་སྦེ་ ཤིང་གི་རྡོག་མ་བཏོག་བཏོགཔ་འདྲཝ་མཐོང་བ་ཅིན་ ཏེ་ལེགས་ཤོམ་ཨིན་ཟེར་བརྩི་ནི་ཅིག་འདུག ཏེ་ད་ ཟམ་པ་རེ་བརྒལ་འགྱོ་འགྱོཝ་ ཏེ་རང་མགུ་ཏོ་ཆུ་འཁྱུཝ་ དེ་ལས་གཟུགས་སྒྱེན་མོ་རེ་ཤུབས་ཏེ་ཡོད་པ་ཅིན།
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་འ་ནཱི་ཟོགཔ་དང་ དེ་ལས་ཕར་ལས་བདའ་འོང་འོངམ་རེ་ སྤང་ཐང་ནང་ལྷོད་ལྷོདཔ་ལོ་ ནགས་ཚལ་ནང་ལྷོད་ལྷོདཔ་ལོ་ ཏེ་འ་ནཱི་ཟོགཔ་ཨིན་ཟེར་ ཏེ་བརྩིས་སྦེ་ ཏེ་འདི་བཟུམ་རེ་མཐོང་པ་ཅིན་ ལཱ་ཡང་ག་ཅི་ཡང་བརྩམས་ཟེར་ ཏེ་ཕམ་ཚུ་གིས་ འདི་བཟུམ་སྦེ་སླབ་ནི་ཅིག་སྡོད་ཡི། ཏེ་ད་ ཟམ་རེ་བརྒལ་སོང་པ་ཅིན་ དོན་དག་མི་འགྲུབ་ ཏེ་སྤང་ཐང་ནང་ན་ ནགས་ཚལ་ནང་ན་ལྷོད་དེ་འབད་རུང་དོན་དག་མི་འགྲུབ་ ལ་ཅ་སྟོངམ་འབག་འབགཔ་དང་ ཁ་མར་ལྟ་འགྱོ་འགྱོཝ་ཨིན་རུང་ ལེགས་ཤོམ་མེན།
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་ལས་བཟང་ངན་ག་ཅི་ཡང་མི་འགྲུབ་ བཀོ་བཞག་རུང་བཏུབ་ཟེར་ ཏེ་རྨི་ལམ་འདི་བཟུམ་མཐོང་པ་ཅིན་ ལེགས་ཤོམ་མེན་ཟེར་ ཏེ་དོ་རུང་ རྟ་ནགཔ་གུ་བཞོན་འགྱོ་འགྱོཝ་མཐོང་རུང་རང་ ལེགས་ཤོམ་ཅིག་མེན་ཟེར་ མི་ནགཔ་གིས་བདའ་འོང་འོངམ་ལོ་ མི་ནགཔ་གིས་འཁྱིད་འོང་འོངམ་ལོ་ འཁྱིད་འབག་འབགཔ་ དེ་ལས་ ཨིན་རུང་རང་གི་ཟོགཔ་གི་གྲངས་སུ་ཅིག་ཨིན་ཟེར་ ཏེ་འདི་བཟུམ་ཅིག་འབད་བ་ཅིན་ རིམ་གྲོ་རེ་འབད་རུང་ལེགས་ཤོམ་ཅིག་བསྒྲུབ་དགོཔ་ཨིན་ རང་གི་ཚེ་རེ་གཞན་གྱིས་འཕྱོག་འབག་འབགཔ་ཨིན་ ཚེ་གཞན་གྱིས་འབད་
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་བདུད་ཀྱི་ལགཔ་ཁར་ ཚེ་བསོད་ནམས་ཚུདཔ་ཨིན་ཟེར་ ཚེ་གཟུངས་རེ་བསགས་ རིམ་གྲོཔ་རེ་ཞུ་སྟེ་ དེ་སྦེ་འབད་དགོ་ཟེར་ ཧེ་མ་ རྣ་ལུང་འདི་བཟུམ་འདུག ཏེ་ད་ བཟང་པོའི་རྨི་ལམ་མཐོང་པ་ཅིན་ ཏེ་བཟང་པོའི་ལཱ་འདི་ འ་ནཱ་བརྩམས་ད་ ངན་པའི་ལཱ་འདི་ འདི་བཟུམ་རྨི་ལམ་དང་བསྟུན་ཏེ་ ལ་ལུ་རྩ་ཁམས་ལེགས་ཤོམ་ཚུ་གིས་ རྨི་ལམ་ཡང་ལེགས་ཤོམ་འོངམ་ཨིན་ཟེར་སླབ་མས་ རྨི་ལམ་ཟེར་མི་འདི་ཤོབ་ཀྱི་གྲངས་སུ་ཅིག་ཨིན་ཟེར་སླབ་མས་ ཨིན་རུང་ རང་རང་ས།
- བློ་བཟང་རྡོ་རྗེ་ Lobzang Dorjiཤོབ་བརྩིས་སྦེ་ཆ་བཞག་ནི་ཡང་ རང་གི་སེམས་ཨིན་མས། ཏེ་བདེན་པར་བརྩི་ནི་ཡང་ རང་གི་སེམས་ཨིན་མས་ ཏེ་ལཱ་འབད་མི་ག་ར་ སེམས་ཀྱིས་འབདཝ་ཨིན་ ཏེ་འ་ནཱི་ཐོག་ལུ་བརྟག་ཞིབ་རང་རང་གིས་རྐྱབ་ཏེ་འབད་ནི་ཅིག་རང་ཨིན་མས། ཨིན་རུང་ རྨི་ལམ་ཟེར་འདི་ ཆ་བཞག་དགོ་ག་མིང་དགོ་ག་ རང་རྐྱང་གི་སེམས་ལུ་རག་ལས་ནི་ཅིག་ཨིན་མས་ཟེར་ ང་གིས་གཞན་ཅིག་ ག་ཅི་ཡང་ཞུ་ནི་མེད་ འ་ནཱིམ་ཅིག་སྦེ་བཞག་གེ། །།