Video Overview
Lobzang Dorji, from Radhi, Trashigang, shares an explanation of good and bad omens for work. People start and end their work with beliefs they have in their mind, usually originating from their surroundings. For example, if a person comes out of the house to go to work and meets a person who carries an empty container, that person will decide to go back home and do his work tomorrow. The reason for this is a perceived bad omen, which would ruin his work. The opposite case is when a person sees people carrying filled containers, milk, or fire on the way to work; then his or her work will be completed successfully.
བཀྲིས་སྒང་རྫོང་ཁག་ ར་དྷི་རྒེད་འོག་ལས་ བློ་བཟང་རྡོེ་གིས་ ཡིད་ཆེས་བཟང་ངན་གྱི་ སྐོར་ལས་བཤདཔ་ཨིན། ཁོ་གིས་སླབ་མི་ནང་ མིའི་གནས་སྟངས་འདི་ ཡིད་ཆེས་བཟང་ངན་ལུ་ རྟེན་སྡོདཔ་ཨིན་ཟེར་བཤདཔ་ཨིན། མི་ཚུ་གིས་ ལཱ་འགོ་མཇུག་ ག་ཅིག་བཟུམ་ཅིག་རང་བརྩམ་རུང་ ཁོང་གི་སེམས་ཁར་ཡོད་པའི་ ཡིད་ཆེས་བཟང་ངན་དང་ འཁྲིལ་ཏེ་འབདཝ་ཨིན། ཡིད་ཆེས་འདི་ ཁོང་གི་ མཐའ་འཁོར་གནས་སྟངས་དང་ མི་ཁོང་རང་ཚུ་ལས་ འབྱུང་འབྱུངམ་ཅིག་ཨིན་མས། དཔེ་འབད་བ་ཅིན་ དྲོ་པ་ལཱ་སར་འགྱོ་བའི་སྐབས་ ལམ་ཁར་ ཧོད་སྟོངམ་འབག་མི་དང་ འཕྱེད་པ་ཅིན་ འགལ་རྐྱན་བར་ཆད་འབྱུང་འོང་ཟེར་ ཡིད་ཆེས་བསྐྱེདཔ་ལས་ ལཱ་སར་འགྱོ་མི་ མི་འདི་གིས་ ལཱ་ནངས་པ་འབད་ནི་ཟེར་ ཕར་འགྱངས་འབད་དེ་ ལཱ་སར་འགྱོ་ནི་ལས་ མཚམས་འཇོག་འབད་དེ་ ལོག་ཁྱིམ་ནང་ འགྱོ་དོ་ཡོདཔ་ཨིན་མས། དེ་ལས་ གལ་སྲིད་ ལཱ་སར་འགྱོ་བའི་ལམ་ཁར་ ཧོད་གང་གངམ་འབག་མི་ མི་དང་འཕྱེད་ནི་ ཡང་ན་ མེ་འབར་སར་མཐོང་པ་ཅིན་ ལཱ་དང་བྱ་བ་ ག་ཅིག་རང་འབད་རུང་ གྲུབ་འབྲས་ཅན་ཅིག་ལུ་ འགྱུར་ནི་ཨིནམ་སྦེ་ ཡིད་ཆེས་བསྐྱེདཔ་ཨིན།
- Kadam
- Trashigang
- བློ་བཟང་རྡོ་རྗེ་ Lobzang Dorjiང་བཅས་ར་ག་ར་ ཏེ་འཇིག་རྟེན་ལུ་ སྐྱེས་རེ་སྐྱེས་ཚད་ག་ར་ ཏེ་ད་ང་བཅས་ར་ མི་ལུས་རིན་ཆེན་ཐོབ་མི་ག་ར་ རྣམ་རྟོག་གི་ལུས་ཨིན་ཟེར་ ལུས་ཐོབ་མི་ག་ར་རྣམ་རྟོག་གི་ལུས་ཨིན་ཟེར་ ཏེ་སླབ་ནི་ཅིག་འདུག རྣམ་རྟོག་བཟང་པོ་ཨིན་པ་ཅིན་ ལུས་ཡང་ལེགས་ཤོམ་གྲུབ་ཨིན། རྣམ་རྟོག་ངན་པ་ཨིན་པ་ཅིན་ ལུས་ཡང་ཟོགཔོ་གྲུབ་ཨིན་ཟེར་ ཏེ་ད་རོགས་ རྣམ་རྟོག་བཟང་པོ་ཚུ་གིས་ ཏེ་བག་ཆགས་བཟང་པོ་གི་ ཏེ་ལུས་ཟེར་ ས་བོན་ སོན་ཟེར་སླབ་ཨིན་པས། སོན་བཏབ་སྦེ་ ཏེ་རྣམ་རྟོག་བཟང་པོ་གི་སོན་ལེགས་ཤོམ།
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་རྣམ་རྟོག་བཟང་པོ་ལུ་བརྟེན་ འགྲོ་ལམ་ལེགས་ཤོམ་འོངམ་ཨིན་ཟེར་ ཏེ་ང་བཅས་ར་ ནང་པ་སངས་རྒྱས་ཀྱི་ཆོས་ལུ་ཡིད་ཆེས་ཡོད་མི་ཚུ་གིས་ ཆ་བཞགཔ་འདྲས། ཏེ་ནང་པ་སངས་རྒྱས་ལུ་ ཡིད་ཆེས་མེད་མི་ཚུ་གིས་འདིནི་ ཏེ་ཆ་བཞག་ག་མི་བཞག་ག་ཡང་ ཏེ་ང་བཅས་ཀྱིས་ ག་ཅི་སླབ་ནི་ཡོདཔ། ཏེ་ཨིན་ཏེ་འབད་རུང་ རྣམ་རྟོག་ཟེར་མི་འདི་ ཏེ་ད་ཕར་གྱི་ ད་རང་དོན་དག་ཁག་ཆེ་ཤོས་ཅིག་ མནོ་བསམ་བཏང་སྟེ་ ཡང་ཅིན་ ང་ད་རེས་ལས་ཡར་
- བློ་བཟང་རྡོ་རྗེ་ Lobzang Dorjiསངས་རྒྱས་ཀྱི་བསྟན་པ་ལུ་ ཕྱག་ཞུ་ཚུགས་པའི་ལཱ་ཅིག་འགོ་བཙུགས་ནི་ ཡང་ཅིན་ང་ ཚེ་རང་རྐྱང་གི་མི་ཚེ་གཅིག་གི་ལཱ་ འགྲོ་ལམ་ཅིག་གི་དོན་ལས་འགོ་བཙུགས་ནི་ཟེར་ ཧེ་མ་ཁྱིམ་ནང་ལས་འཐོན་འགྱོཝ་ད་རང་ ང་བཅས་ ད་སྒོ་ཁ་ལས་འཐོན་འགྱོཝ་ད་རང་ ཚིལ་མ་གཏོར་ཏེ་ ཐོ་ལོ་ལོ་ ཡ་ ད་ད་རེས་ ཏེ་ཁ་རབ་རྒྱུ་རབ་ གཤིན་འདྲེ་རེ་འཕྱད་མ་བཅུག་ཤིག་ཟེར་ཚིལ་མ་གཏོར་ཏེ་ དེ་ལས་ ཨོཾ་ཨཱ་ཧཱུཾ་བཛྲ་གུ་རུ་རེ་བགྱངས་སྦེ་ ཏེ་འ་ནཱི་སྦེ་འགྱོ་སྦེ།
- བློ་བཟང་རྡོ་རྗེ་ Lobzang Dorjiརྣམ་རྟོག་བཟང་པོ་འདི་ འཆར་ནི་གི་དོན་ལས་ བཛྲ་གུ་རུ་རེ་བགྱངས་ ལ་ལུ་གིས་མ་ཎི་རེ་བགྱངས་ཏེ་འཐོན་འགྱོ་ནི་ཡང་འདུག ཏེ་ད་རེས་འགྲོ་ལམ་ལེགས་ཤོམ་འོང་བཅུག་ཤིག་ཟེར་ ཏེ་འ་ནཱི་བཟུམ་སྦེ་འཐོན་འགྱོ་ནི་ཡང་འདུག ཏེ་རྣམ་རྟོག་ ཏེ་ག་ཅི་སྨོ་ཟེར་བ་ཅིན་ ཕར་ལས་ རང་འགྱོ་སའི་ལམ་ཁ་ལུ་ རང་དཔྱད་རིག་རང་མེད་པར་ སྒོ་ཁ་ལས་འཐོནམ་ཅིག་ ཏེ་ཅ་ལ་སྟོངམ་རེ་ འཕྱད་འགྱོ་བ་ཅིན་ ཁ་ ང་དོན་དག་མི་འགྲུབ་ནི་མས་ད་ ད་རེས།
- བློ་བཟང་རྡོ་རྗེ་ Lobzang Dorjiད་མི་འགྱོ་ད་ ཐག་རིང་ས་ཡང་མི་འགྱོ་ ཁྱིམ་ནང་རང་སྡོད་ད་ནི་ཟེར་ ཏེ་སྡོད་ནི་གི་ལུགས་སྲོལ་ཅིག་ཡང་འདུག་ང་བཅས་རའི་རྣམ་རྟོག་འདི་བཟུམ་ཅིག་ ཏེ་ད་དོན་དག་མི་འགྲུབ་ནི་མས་ སྒོ་ཁ་ལས་འཐོནམ་ད་རང་ ཅ་ལ་སྟོངམ་ཅིག་འཕྱད་ཅི་ ཡང་ཅིན་ ལམ་ཨ་ཙི་འགྱོ་ཞིནམ་ལས་ ཅ་ལ་སྟོངམ་ཅིག་འཕྱད་ཅི་ ཏེ་དེ་འབད་ནི་དེ་གིས་ ཏེ་དོན་དག་མི་འགྲུབ་ནི་མས་ཟེར་ ལོག་སྟེ་ ལྟོ་རེ་བཅིངས་ཏེ་ཡོད་རུང་ ལོག་ སྟེ་ དནི་ག་ཅི་འབད་ནི་ ཕྱི་རུ་ལྟོ་འབད་མ་དགོཔ་སྦེ་ ལྟ་མ་ཕྱི་རུ་ བཟའ་བཞག་ནི་ཟེར།
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་འགྱོ་འཕྲོ་བཞག་སྟེ་སྡོད་སྦེ་ ནངས་པར་བཟུམ་ཅིག་ཁར་འགྱོ་ནི་ཅིག་ཡང་འདུག ཏེ་ད་ འ་ནཱི་སྒོ་ཁ་ལས་འཐོནམ་ཅིག་ ཏེ་ཅ་ལ་སྟོངམ་རེ་མ་འཕྱད་ ཡངན་ ལགཔ་ཁར་ཅ་ལ་བཟུམ་ཅིག་འབག་མི་འཕྱད་ ཡངན་ ལ་ལུ་དཔྱད་རིག་རང་མེད་པར་ མེ་ཆག་རེ་འབག་འབགཔ་མཐོང་ ཡངན་ ཆུ་འབག་འབགཔ་རེ་མཐོང་ ཡངན་ ག་ཅི་རང་ཨིན་རུང་ ཏེ་འབྲུ་སྣ་བཟུམ་རེ་འབག་འབགཔ་མཐོང་ ཏེ་གཞན་ ཤིང་རྡོ་ག་ཅི་འབག་སྟེ་ཡོད་རུང་ རྟེན་འབྲེལ་བཟང་པོ་ཅིག་བརྩིས་སྦེ་ ཏེ་འདི་བཟུམ་བརྩིས་སྦེ་ ཏེ་འདི་གི་ནང་ལས་ མཆོག་ཏུ་འགྱུར་པ་
- བློ་བཟང་རྡོ་རྗེ་ Lobzang Dorjiམེ་རེ་འཕྱད་ མེ་ཆག་རེ་འཕྱད་ རབ་བརྩི་དོ་བཟུམ་ཅིག་ ཏེ་ཆུ་རེ་འཕྱད་པ་ཅིན་ འབྲིང་བརྩིས་ ཏེ་འདི་བཟུམ་མའི་རྟེན་འབྲེལ་ལེགས་ཤོམ་འོང་ཡི་ཟེར་ ཏེ་མེ་ཆག་རེ་འཕྱད་པ་ཅིན་ ཏེ་ང་བཅས་ར་ བསོད་ནམས་མེ་བཟུམ་སྦེ་འབར་ནི་གི་ ཏེ་ངེའི་བརྟག་པ་འདི་བཟུམ་འོང་ཡི་ ཏེ་ཆུ་རེ་འཕྱད་པ་ཅིན་ ངེའི་མི་རྒྱུད་འདི་ ཏེ་ཆུ་ལས་ཡང་རིངམ་ རྒྱུན་ཆད་ནི་མེད་པར་ ཆུ་རྒྱུན་ལྟ་བུ་འོང་ནི་ཨིན་མས་ཟེར་ རྟེད་འབྲེལ་ དེ་སྦེ་བརྩིས་སྦེ་
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་འདི་བཟུམ་མའི་བརྟག་པ་བལྟ་སྦེ་ ཏེ་ད་རོགས་ ཤེས་མི་ཚུ་གིས་འདི་ ཏེ་བཟང་པོའི་བརྟག་པ་ཅིག་ཡོདཔ་འོང་ རོགས་བླམ་ཚུ་གི་འདི་ ད་ང་བཅས་ འཇིག་རྟེན་པ་ག་ཅི་ཡང་ མ་ཤེས་མི་ཚུ་གི་ཡང་ ཏེ་འདི་བཟུམ་སྦེ་ཕྱི་ཁའི་ཅ་ལ་ག་ཅི་རང་འཕྱད་འོང་ག་ ཡངན་ ད་ཅ་ལ་མེན་རུང་ ཡངན་ མི་རིགས་རྒྱུད་བཟང་མོའི་སྡེ་ཚན་ ཡངན་ རིགས་རྒྱུད་ངན་པའི་སྡེ་ཚན་ ཡངན་ དེ་གི་ནང་ལས་ཡང་ ན་གཞོན་ཨ་ལོ་ཚུ་འཕྱད་འོང་ག་ དར་གང་རེ་འཕྱད་འོང་ག་ ཏེ་ད་ག་དེ་སྦེ་སྨོ་ཟེར་བ་ཅིན་ ཏེ་ད་ཨ་ཙི་ཅིག་ ཕར་གྱི་བུ་རྒྱུད་ཚུ་ཡང་མེད་མི་ མི་རྒྱུད་ཆད་ཆདཔ་གི་མི་རེ་འཕྱད་འོང་ག་
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་འདི་བཟུམ་མའི་བརྟག་པའི་རྟེན་འབྲེལ་བརྩིས་སྦེ་ ཏེ་ང་བཅས་ལཱ་བཟང་པོ་ འགྲོ་ལམ་ག་ཅི་འབད་ནི་ཡོད་རུང་ འ་ནཱི་བརྟག་པ་ལུ་བལྟ་སྦེ་ འབད་མི་ཡང་འདུག་ ཏེ་དེ་སྦེ། གཙོ་བོ་གཙོ་བོ་རང་ ཏེ་ཨིན་ནི་འདི་ ཏེ་རྨི་ལམ་དང་ རྨི་ལམ་བརྟག་པ་དང་ མངོན་སུམ་བརྟག་པ་ཡང་ རྟག་པ་བརྟན་པ་ཅིག་ག་ནི་ཡང་མེད་ རྣམ་རྟོག་མ་འབད་ཟེར་སླབ་མས་ ཏེ་རྣམ་རྟོག་མ་འབད་བ་ཅིན་ འབད་དགོཔ་ཅིག་ཨིན་མས། རྣམ་རྟོག་མ་འབད་བ་ཅིན་ ཏེ་རྣམ་རྟོག་མེད་པར་ བྱག་གུ་ལུ་རྐངམ་སྤོ་བ་ཅིན་
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་རང་ཤི་ནི་ཨིན་མས། དེ་འབདཝ་ད་ ཏེ་གཅིག་ལས་འབད་བ་ཅིན་ རྣམ་རྟོག་ ངན་པའི་རྣམ་རྟོག་ཡང་ཨིན་མས། ཏེ་རྣམ་རྟོག་ལེགས་ཤོམ་ཅིག་ཡང་ཨིན་མས། རྣམ་རྟོག་བཟང་ངན་ རྣམ་རྟོག་ལས་བརྟེན་ བཟང་ངན་གཉིས་བརྩིས་ཏེ་ སངས་རྒྱས་གོ་འཕང་འགྱོ་མི་ཡང་ ཏེ་རྣམ་རྟོག་ལེགས་ཤོམ་ལུ་བརྟེན་ བག་ཆགས་བཟང་པོ་ལུ་ ཏེ་གྲས་ཁར་འགྱོ་སྟེ་ རྣམ་རྟོག་ངན་པ་འགྱོ་སྦེ་ བག་ཆགས་ངན་པ་ལུ་འགྱོ་སྦེ་ ཏེ་འདི་བཟུམ་མའི་སངས་རྒྱས་ཀྱི་གོ་འཕང་འགྱོ་མི་ཡང་།
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་རྣམ་རྟོག་ལུ་རག་ལས་ཏེ་ འདི་བཟུམ་འབད་འོང་ཟེར་ ང་བཅས་ར་འཇིག་རྟེན་ལུ་ བཟང་ངན་རྣམ་རྟོག་ འ་ནཱིགི་ཐོག་ལུ་ ཏེ་བརྩི་དོ་བཟུམ་ཅིག་སྦེ་ ཏེ་ཧེ་མ་ཕམ་རྒས་ཤོས་ཚུ་གིས་ཡང་ འདི་བཟུམ་སླབ་དེས། ད་རང་གི་མཐོང་སྣང་བཟུམ་ཅིག་འབད་རུང་ ཨ་ཙི་ཅིག་ ཏེ་རྣམ་རྟོག་བརྟག་པ་འདི་བཟུམ་ཅིག་ ཏེ་འཆར་ཏེ་ འདི་བཟུམ་ཅིག་འོང་མས་ ཟེར་སླབ་ནི་ཅིག་རང་ཨིན་ད་ གཞན་ལེ་ཤ་ཅིག་ག་ནི་ཡང་ཞུ་ནི་མེད།། །།