Video Overview
87-year-old Dorji Tshering from Radhi Gewog, Trashigang, has been treating his villagers for almost fifty years. He is capable of treating fractured bones, dislocations and also issues related to nerves and blood flow. He not only cures human, but also treats animals. He served in Animal Husbandry for twenty-five years. He treats patients without any compensation or payment. He feels that his service towards animals and people can help him accumulate merit. He wanted to teach his skills of healing to other people, but few have expressed interest, owing to its complexity. His method relies mostly on feeling rather than seeing. Therefore, he feels that his skills will die along with him.
བཀྲིས་སྒང་རྫོང་ཁག རདྷི་་རྒེད་འོག་ ལས་འབད་མི་ སྐྱེས་ལོ་ ༨༧་ལངས་མི་ ཨ་རྒས་རྡོ་རྫེ་ཚེ་རིང་གི་ མི་འདི་ཚུ་སྨན་བཅོས་འབད་དེ་ ལོ་ལྔ་བཅུ་དེ་ཅིག་ ལངས་ནུག། ཁོ་གི་ རྐང་ལག་ཚིག་ཀྲུགས་མི་དང་རུ་ཏོ་བཅག་འགྱོ་མི་ཚུ་ སྨན་བཅོས་འབད་ནི་ལུ་ ལྕོགས་གྲུབ་ཡོདཔ་ མ་ཚད་ རྩ་གི་སྐོར་ལས་ཡང་ ལྷབ་ཨིན་མས། ཁོ་གི་མི་རྐྱངམ་གཅིག་ སྨན་བཅོས་འབད་ནི་མེན་པར་ སེམས་ཅན་ཚུ་ཡང་སྨན་བཅོས་འབདཝ་ཨིན་མས། དེ་ཡང་ཁོ་སྒོ་ནོར་གསོ་སྐྱོང་ནང་ ལོ་ངོ་ཁལ་གཅིག་ལྔ་དེ་གཅིག་ ཕྱག་ཞུ་ནུག། ཁོ་གི་སྨན་བཅོས་འདི་ གླ་འཐུས་མ་ལེན་པར་འབདཝ་ཨིན་མས་ དེ་ཡང་ ཁོ་གི་འབད་ཝ་ཅིན་ མི་དང་སེམས་ཅན་ཚུ་ལུ་ཆ་རོགས་འབད་བ་ཅིན་ ཁོ་ཚོགས་བསག་ནི་ མ་ཚད་ དགེ་བའི་ལཱ་འབད་ནིའི་གོ་སྐབས་འདུག་ཟེར་ཨིན་མས། ཁོ་གི་འདི་བཟུམ་མའི་ རིག་རྩལ་འདི་ མི་བཞན་ལུ་སྟོན་ནིའི་བསམ་པ་ཡོད་རུང་ མི་འདི་ཚུ་སྤྲོ་བ་ མེདཔ་ཨིན་མས། དེ་ཡང་ རྐང་ལག་ཚིག་དང་རུ་ཏོ་ དེ་ལས་རྩ་ཚུ་ མིག་གི་མ་མཐོངམ་ལས་ སྨན་བཅོས་འབད་ནི་འདི་ མགུ་འཐོམ་སི་སི་ཡོདཔ་ལས་ བརྟེན་ཨིན་མས། དེ་འབདཝ་ལས་ འདི་བཟུམ་མའི་རིག་རྩལ་འདི་ ཁོ་ར་དང་གཅིག་ཁར་ར་ ཤི་ནི་ཨིན་མས།
- Radhi
- Trashigang
- རྡོ་རྗེ་ཚེ་རིང་ Dorji Tsheringསྐྱེས་ལོ་འབད་བ་ཅིན་ ད་རེས་འབདཝ་ད་ལུ་ ཏེ་བརྒྱད་ཅུ་གྱ་བཞི་ཡར་སོ་ནུག ཏེ་ད་ སེམས་ཅན་གྱི་སྐོར་ལས་ཡང་ སེམས་ཅན་ཚུ་གི་རྐང་ལག་བཅོ་སྟེ་ བསྐོར་གསུམ་བསྐོར་ལས་ཡར་བཅོ་ཡི་ང་གིས་སེམས་ཅན་ཚུ་ རྐང་ལག་ སེམས་ཅན་ མི་ ག་ཅི་ཡང་།
- རྡོ་རྗེ་ཚེ་རིང་ Dorji Tsheringཏེ་ག་ར་ སེམས་ཅན་ རྐངམ་དཀྲུགས་དཀྲུགསཔ་ ལགཔ་དཀྲུགས་དཀྲུགསཔ་ ཆག་ཆགཔ་ འ་ནཱི་ཚུ་ག་ར་བཅོ་ཁ་རྐྱབ་སྦེ་ ད་ལྟོ་ང་བཅས་ར་མི་རང་འབད་རུང་ ཆག་ཆགཔ་ དཀྲུགས་དཀྲུགསཔ་ག་ར་ རང་གིས་དེ་སྦེ་བཅོ་བྱིན་སྦེ་ ག་ར་རོགས་དྲགཔ་མས་དྲགཔ་མས་ ཟེར་སླབ་ཡང་སླབ་མས། ཨ་ཙི་རེ་ ཏེ་རང་གིས་ མ་དྲག་རུང་ ལོག་ཅི་ལོག་ཅི་བཅོ་ཁ་རྐྱབ་བྱིན་དྲག དེ་སྦེ་འབད་ནི་དེ་གིས་ ཁོང་གིས་ཡང་ཨ་ཙི་རེ་ ང་ལུ་ཆ་བཞག་འོང་སྟེ་ ཕར་དང་ཚུར་ལས་ལྷོད་དེ།
- རྡོ་རྗེ་ཚེ་རིང་ Dorji Tsheringཏེ་བཅོ་ཁ་རྐྱབ་བྱིན་ཏེ་ ག་ར་ཨ་ཙི་རེ་ ཕན་ཐོགསཔ་མས་ཟེར་སླབ་ཞིནམ་ལས་ ཨའེ་ རང་གིས་ དགེཝ་ དགེ་རྩ་གཞན་བཏང་ནི་འདིན་མེད་ རོགས་རྐངམ་ལགཔ་ན་ཚ་སྡོདཔ་ད་ ཨ་ཙི་འབད་རུང་ཕན་ཐོགསཔ་ཅིག་ཡོད་པ་ཅིན་ཟེར་ རང་གིས་ཡང་ཉམས་འཚེར་བ་ལུ་བ་བལྟ་བར་བཅོ་བྱིན་ཏེ་ ཨ་ལོ་ཟེར་ནི་མེད་ སྦོམ་ཟེར་ནི་མེནད་ རྐང་ལག་ཆག་མི་ཚུ་ཡང་བཅོ་སྟེ།
- རྡོ་རྗེ་ཚེ་རིང་ Dorji Tsheringདེ་ལས་རྐངམ་ལགཔ་ཆག་མི་ཚུ་ཡང་ ཆག་ཆགཔ་ དཀྲུགས་དཀྲུགསཔ་ འ་ནཱི་ཚུ་ ཚིགས་དཀྲུགས་དཀྲུགསཔ་ རྩ་འཁྲུགས་འཁྲུགསཔ་ འ་ནཱི་ཚུ་བཅོ་ དེ་ལས་ཆག་མི་ཡང་ ཆག་ཆགཔ་བཅོཝ་ད་ སྒྲིག་ཁམས་བསྒྲིགས་ཏེ་ དེ་ལས་ འ་ནཱི་འདི་ ཆག་ཆགཔ་གི་ནང་ན་ཁྲག་འཛུལ་ཏེ་ ཆག་ཆགཔ་ནང་ན་ཁྲག་འཛུལ་ཞིནམ་ལས་ ཁྲག་གིས་རྩ་ལུ་འགྱུར་ཏེ་ དེ་ལས་འ་ནཱི་ནང་ན་ སྒྲིང་སྒྲིང་འགྱོ་མི་འདི་ འ་ནཱི་སྦེ་འགྱོ་ནི་ཨིན་མ་པ་ ཆག་ཆགཔ་ཚུ་ཡང་།
- རྡོ་རྗེ་ཚེ་རིང་ Dorji Tsheringཏེ་འ་ནཱི་སྦེ་ག་ར་ ཨ་ཙི་རེ་ཨ་ཙི་རེ་ ཕན་ཐོགསཔ་རེ་ཡོད་པ་ཅིན་ཟེར་ ཏེ་རང་གིས་ ད་ལྟོ་ཚུན་ཚོད་བཅོ་བྱིན་སྦེ་ ཏེ་ད་ [མེ་བརྡུངས་?] ཡི་རང་ མེ་རང་་་་ ལྕགས་རང་ གཉིས་རྫོགས་སོ་ཡི་ད་ འ་ནཱི་[མེ་བརྡུངས་?] ཏེ་ མེ་ལྕགས་ལུ་བཏང་ཏེ་(ལྕགས་མེ་ནང་བཏང་སྟེ་) ལྷོདཔ་ཅིག་ལས་ ཟད་དེ་ཐུང་ཀུ་ཐུང་ཀུ་འགྱོཝ་སྦེ་ ད་ལྟོ་ཚུན་ཚོད་ཡང་ ད་ལས་ཕར་ཡང་ཨིན་རུང་ ནཝ་ཚཝ་རང་མེད་པ་ཅིན་འདི།
- རྡོ་རྗེ་ཚེ་རིང་ Dorji Tsheringནཝ་ཚཝ་འཐོན་མི་ཚུ་ལུ་ ཨ་ཙི་རེ་ ཨ་ཙི་རེ་རང་གིས་བཅོ་ཁ་རྐྱབ་ ཏེ་རོགས་ཀྱིས་ རང་གི་གདོང་ཁར་བསྟོདཔ་རེ་རྐྱབ་ཨིན་ན་མ་ཤེས་ དྲགཔ་མས་ ཕན་ཐོགསཔ་མས་ ཟེར་སླབ་མས་ ཏེ་རང་གིས་བཅོ་ནི་ཡང་ ཉམས་འཚེར་བ་ལུ་མ་བལྟ་བར་ རང་གིས་ཡང་ཨ་ཙི་ཅིག་ ཕན་ཐོགསཔ་ཅིག་ཡོད་པ་ཅིན་ཟེར་ བཅོ་བྱིན་དོ་ལགས། ལམ་འགྱོ་ཚུགས་པ་ཅིན་འགྱོ་སྟེ་ ཧེ་མ་འདི་ ལམ་འགྱོ་སྟེ་ ག་ཏེ་ག་ཏེ་རང་འགྱོ་སྟེ་ སེམས་ཅན་ རྐངམ་དཀྲུགས་དཀྲུགསཔ་ ཆག་ཆགཔ་བཅོ་ནི་གི་
- རྡོ་རྗེ་ཚེ་རིང་ Dorji Tsheringམིའི་རྐངམ་དཀྲུགས་དཀྲུགསཔ་ ཆག་ཆགཔ་ཚུ་ བཅོ་ནི་གི་དོན་ལས་འགྱོ་ཡི་ དནི་ལམ་འགྱོ་ནི་བྱཝ་མེད་ ལམ་འགྱོ་བ་ཅིན་དབུགས་བཏང་མ་ཚུགས་པར་ འབད་མི་ཚུགས་པས་ དེ་སྦེ་ཨིན་རུང་རོགས་ཀྱིས་སྣུམ་འཁོར་ནང་སྐྱེལ་འོང་སྟེ་ ནཱ་ཁྱིམ་ནང་རང་ལྷོདཔ་མས། ལྷོད་སྦེ་རང་གིས་བཅོ་ཡི་བཅོ་ཡི་བྱིན་བཏང་དོ་ལགས། ལེགས་ཤོམ་སྦེ་ ཁོང་ཡང་ཕན་ཐོགས་ནི་ཅིག་ཡོད་པ་ཅིན་ཟེར་ ད་བཅོ་བའི་བསྒང་ལུ་ཡང་ འ་ནཱི་གསུམ་བསྐོར་(ལོ་༣༦)འགྱོ་བའི་བསྒང་ལས་རང་བཟོ་ཡི།
- རྡོ་རྗེ་ཚེ་རིང་ Dorji Tsheringསྒོ་ནོར་ནང་ན་རང་ ལོ་ཁལ་གཅིག་ལྔ་སྡོད་ཅི་ཧེ་མ་ དེ་བསྒང་ སེམས་ཅན་ཚུ་ ན་མི་ཚུ་ག་ར་ ཆག་ཆགཔ་ དཀྲུགས་དཀྲུགསཔ་ག་ར་བཅོ་སྟེ་ དེ་ལས་[མེ་རྡུང་དགོ་མི་ཚུ་ [མེ་རྡུང་?]སྟེ་ བཅོ་བཏུབ་མི་ཚུ་བཅོ་སྟེ་ དེ་སྦེ་ཕན་ཐོགས་ནི་ཡོད་པ་ཅིན་ཟེར་ ག་ར་བཅོ་སྦེ་ འ་ནཱིམ་ཅིག་ལོ་རྒས་སོ་ཡི་ ག་ར་བཅོ་ཡི་རང་ བཅོ་བྱིན་ཏེ་ ད་རེས་ནངས་པར་རང་འབད་རུང་ རྐང་ལག་དཀྲུགས་དཀྲུགསཔ་ཚུ་ ཁོང་ཚུ་གིས་དད་པ་འབད་དེ།
- རྡོ་རྗེ་ཚེ་རིང་ Dorji Tsheringང་འབད་སར་འོངམ་མས་ རང་བླམ་ཆོསཔ་བཟུམ་རང་བཟོཝ་མས་ཟེར་ ང་རང་མནོ་བསམ་དེ་སྦེ་བཏང་དོ་ ཏེ་བཅོ་ནི་འདི་བཅོ་སྟེ་ བཅོ་བྱིནམ་ད་ལུ་ཡང་ ཕན་ཐོགསཔ་མས་ཟེར་སླབ་མས་ ཁོང་ཚུ་གིས་སླབ་ནི་འདི་ ཏེ་འ་ནཱི་མ་དྲག་ཚུན་ཚོད་རང་ ང་གིས་ལོག་ཅི་རང་བཅོ་ཁ་རྐྱབ་ འབད་བྱིནམ་ཨིནམ་ལགས་ཁོང་ཚུ་ལུ་ ཆག་ཆགཔ་ཡོད་རུང་ དཀྲུགས་དཀྲུགསཔ་ཡོད་རུང་ རྩ་དཀྲུགས་དཀྲུགསཔ་ཡོད་རུང་ ཏེ་ད་ང་བཅས་ར་ མི་རང་འདི་ཁ་ཡོད་ནི་དེ་གིས་ འ་ནཱི་ནཝ་མས་ འ་ནཱ་ནཝ་མས་ཟེར་སླབ་མས།
- རྡོ་རྗེ་ཚེ་རིང་ Dorji Tsheringསེམས་ཅན་འདི་ ཁ་འདིནི་མེད་ འ་ནཱི་བཅོ་ནི་གི་གནས་སྐབས་མ་འགྲིག་པ་ཅིན་ ཏེ་ཞརཝ་འགྱོ་སྟེ་ དེ་སྦེ་འགྱོ་མི་ཡང་ལེ་ཤཱ་འཐོནམ་མས་ འ་ནཱི་སེམས་ཅན་ཚུ་ཡང་ ག་ཏེ་ག་ཏེ་ཡང་སོང་སྟེ་བཅོ་ཡི་ ཧེ་མ་སྒོ་ནོར་ནང་སྡོདཔ་ད་ཡང་ སྒོ་ནོར་ནང་ ལོ་ཁལ་གཅིག་ལྔ་སྡོདཔ་ད་ཡང་ སེམས་ཅན་ཟེརཝ་ཅིག་བཅོ་ཡི་ རྐང་ལག་ཆག་ཆགཔ་ དཀྲུགས་དཀྲུགསཔ་ དེ་ལས་མར་ རྐང་པར་ལུ་འབད་བ་ཅིན་ རོགས་ནོར་ཁལ་གསུམ་དེ་ཅིག་འབག་འོང་ནུག་ འ་ནཱི་ནོར་གྱི་སྦྱིན་བདག་འདི་འབདན།
- རྡོ་རྗེ་ཚེ་རིང་ Dorji Tsheringང་གིས་ ལོ་གཉིས་གསུམ་དེ་ཅིག་ ལོ་གཉིས་སྟོན་བྱིན་ཡི་ འ་ནཱ་ལས་ འ་ནཱི་སྦེ་ཨིན་ འ་ནཱི་སྦེ་ཨིན་ཟེར་ ཁོ་གིས་འ་ནཱི་གི་ཤུལ་ལས་འབདན་ ཁོ་གིས་ཤེས་སོ་ནུག རྐང་ལག་ཆག་ཆགཔ་གི་ དེ་ལས་གཞན་ང་བཅས་རའི་གཡུས་ཁ་འབད་བ་ཅིན་ ཏེ་ཁོང་གིས་ང་བཅས་ལྷབ་གེ་ཟེར་ཡང་མི་སླབ་པས་ རང་གིས་ ཏེ་སླབ་བྱིན་ནི་ཡང་མེད་ ད་རང་འདིནི་རྒས་སོ་ཡི་ ད་རང་འགྱོ་བ་ཅིན་ འ་ནཱི་རང་གི་ཡོན་ཏན་འདི་ རང་དང་ཆ་འབག་འགྱོ་ནི་རང་མས།
- རྡོ་རྗེ་ཚེ་རིང་ Dorji Tsheringཏེ་ཁྱོད་ལྷབ་ད་ཟེརཝ་ད་ལུནི་ མིག་ཏོ་གིས་མཐོང་ནི་མེདཔ་ལས་ ག་ར་ཐེ་ཚོམ་ཟཝ་མས་ལགས། ད་ མིག་ཏོ་གིས་མཐོང་ ལགཔ་གིས་བཟུང་ནི་མེདཔ་ལས་ ནང་ན་གི་རྩ་དཀྲུགས་དཀྲུགསཔ་ ཚིགས་དཀྲུགས་དཀྲུགསཔ་ ཏེ་ཆག་ཆགཔ་རང་འདི་ ག་དེ་སྦེ་ཨིན་རུང་ སྐྱོན་ཐོན་ཏེ་མཐོང་འོང་ དེ་སྦེ་བཅོ་ཁ་རྐྱབ་བྱིན་དོ་ལགས་ཁོང་ཚུ་ལུ།
- གྲུབ་ཐོབ་ Dupthoསྔགས་འབད་བ་ཅིན་ ག་བཟུམ་ཅིག་ཡོདཔ་ཨིན་ན་ མེས་མེས?
- རྡོ་རྗེ་ཚེ་རིང་ Dorji Tsheringལགས?
- གྲུབ་ཐོབ་ Dupthoསྔགས་རེ་ དགོཔ་ཡོད་ག?
- རྡོ་རྗེ་ཚེ་རིང་ Dorji Tsheringསྔགས་འབད་བ་ཅིན་ མེ་སྔགས་ཟེར་ ཚིག་གཅིག་གཉིས་དེ་ཅིག་འོང་ འ་ནཱི་འདི་ [མེ་རྡུང་བའི་?]སྐབས་ལུ་ འ་ནཱི་སྔགས་ཅིག་ཚིག་གཅིག་གཉིས་བགྱངས་སྦེ་ ཏེ་མ་པ་གཙོ་བོ་ར་ བཛྲ་གུ་རུ་རེ་བགྱངས་བགྱངསམ་ཡོད་པ་ཅིན་ བཛྲ་གུ་རུ་རེ་ གུ་རུ་རེ་བསྒོམས་སྦེ་ འབད་རུང་ བཏུབ་དོཝ་མས་ལགས། དེ་སྦེ་འབད་སྦེ་ [མེ་རྡུང་བའི་?]དུས་ཚོད་ལུ་དེ་སྦེ་འབད་བྱིན་དོ་ལགས།
- གྲུབ་ཐོབ་ Dupthoཏེ་བཅོཝ་ད་ལུ་འདི་ མེད་ག? སྔགས་དང་དེ་ཚུ།
- རྡོ་རྗེ་ཚེ་རིང་ Dorji Tsheringབཅོཝ་ད་ལུ་ ཆག་པའི་སྐབས་འ་ནཱ་ལུ་འདི་ སྔགས་མེད་ལགས་ སྔགས་མེད་པར་ རང་གིས་དེ་སྦེ་འབད་དེ་ གནས་སྟངས་བཏུབ་མ་བཏུབ་རང་གིས་བལྟ་སྟེ་ ཕོག་ཚོད་འབད་སྦེ་ འ་ནཱ་འདི་ འ་ནཱི་ཡར་སོ་ནུག འ་ནཱི་ཡར་སོང་ནུག་ཟེར་ བཅོ་ནི་རང་ཨིན་ལགས། མ་པ་[མེ་རྡུང་?]བའི་སྐབས་འབད་བ་ཅིན་ སྔགས་ཚིག་གཅིག་གཉིས་ མེ་སྔགས་ཟེར་ འ་ནཱི་གཏང་ནི་རང་ཨིན་ལགས། སྔགས་གཞན་མེད།། །།