Video Overview
The song Richenzhi dang Chuchenzhi is an old Boedra song, sung here by Tshewang Dargye from Ura Gewog. He learned the song from his parents and elders while he was young. The song describes the four biggest mountains in Tibet, and the rivers that flow in different regions. The lyrics say the four biggest mountains are Tsethang Gongpo, Heysa, Samyae and Chagzam.
གླུ་གཞས་རིན་ཆེན་བཞི་དང་ ཆུ་ཆེན་བཞི་ཟེར་མི་ བོད་སྒྲའི་གླུ་གཞས་རྙིངམ་འདི་ བུམ་ཐང་རྫོང་ཁག་ ཨུ་ར་རྒེད་འོག་ལས་ ཚེ་དབང་དར་རྒྱས་ཀྱི་འཐེནམ་ཨིནམ་ད་ ཁོ་གིས་གླུ་གཞས་འདི་ གཞོནམ་སྦེ་སྡོདཔ་ད་ ཁོ་རའི་ཕམ་ཚུ་ལས་ལྷགཔ་ཡོདཔ་ཨིན་པས། ཏེ་གླུ་གཞས་འདི་ནང་ བོད་ཀྱི་གངས་ཆེན་སྦོམ་བཞི་དང་ ཕྱོགས་སོ་སོར་ལས་བབས་པའི་ ཆུ་ཆེན་ཚུའི་སྐོར་ལས་ འགྲེལ་བཤད་རྐྱབ་ཨིནམ་ད་ གླུ་གཞས་ཀྱི་ཚིག་དང་འཁྲིལ་བ་ཅིན་ ཚེ་ཐང་དགོན་པ་ ལྷ་ས་ བསམ་ཡས་ ལྕགས་ཟམ་ལ་སོགས་པའི་ གངས་ཆེན་བཞི་དང་ ལུང་ཕྱོགས་དང་ས་གནས་སོ་སོར་ལས་བབས་པའི་ ཆུ་ཆེན་བཞི་ཚུ་ཚུདཔ་ཨིན་པས།
- Ura
- Bumthang
- ཚེ་དབང་དར་རྒྱས Tshewang Dargyeརི་འདི་དང་པ་རྩེ་ཐང་ཡ་ལ་གོང་པའི་རི་ལ། །མ་དང་མཁའ་འགྲོ་བརྒྱ་ཡི་ཡ་ལ་ཚོགས་ས་ཡོད། །
- ཚེ་དབང་དར་རྒྱས་ Tshewang Dargyeརི་འདི་གཉིས་པ་ལྷས་ས་ཡ་ལ་ཅོག་པོའི་རི་ལ། །ལྷ་ཆེན་[མན་པ་?]བརྒྱ་ཡི་ཡ་ལ་ཚོགས་ས་ཡིན། །
- ཚེ་དབང་དར་རྒྱས Tshewang Dargyeརི་འདི་གསུམ་པ་བསམ་ཡས་ཡ་ལ་མཆིམས་ཕུའི་རི་ལ། །ལྷ་ཅིག་ཨོ་རྒྱན་པདྨའི་ཡ་ལ་བཞུགས་ས་ཡིན། །
- ཚེ་དབང་དར་རྒྱས་ Tshewang Dargyeརི་འདི་བཞི་པ་ལྕགས་ཟམ་ཡ་ལ་ཆུ་པའི་རི་ལ། །གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ཡ་ལ་བཞུགས་ས་ཡིན། །
- ཚེ་དབང་དར་རྒྱས Tshewang Dargyeད་ནི་རི་ཆེན་བཞི་གི་ཡ་ལ་བཤད་པ་རྫོགས་ལ། །འདི་ནས་ཆུ་ཆེན་བཞི་གི་ལ་ནི་བཤད་པ་ཞུ། །
- ཚེ་དབང་དར་རྒྱས་ Tshewang Dargyeཆུ་འདི་དང་པ་མི་འབབ་ཡ་ལ་དང་པ་འབབ་ལ། །ཆུ་འདི་དང་པ་རྟ་ཡི་ཡ་ལ་ཁ་ནས་འབབ། །
- ཚེ་དབང་དར་རྒྱས Tshewang Dargyeཆུ་མཇུག་འདི་ཡང་ཁ་ཆེ་ཡ་ལ་ཡུལ་དུ་འགྲོ་ལ། །ཁ་ཆེ་དར་བཟང་མི་བཟང་ཡ་ལ་འདི་ལས་ཡིན། །
- ཚེ་དབང་དར་རྒྱས་ Tshewang Dargyeཆུ་འདི་གཉིས་པ་མི་འབབ་ལ་ནི་གཉིས་པ་འབབ་ལ། །ཆུ་འདི་གཉིས་པ་མང་སྡེ་ཡ་ལ་ཁ་ནས་འབབ། །
- ཚེ་དབང་དར་རྒྱས Tshewang Dargyeཆུ་མཇུག་འདི་ཡང་ཀོང་པོའི་ཡ་ལ་ཡུལ་དུ་འགྲོ་ལ། །ཀོང་པོ་[ཁམས་དྲིས་ཚར་བ་?]ཡ་ལ་འདི་ལས་ཡིན། །
- ཚེ་དབང་དར་རྒྱས་ Tshewang Dargyeཆུ་འདི་གསུམ་པ་མི་འབབ་ཡ་ལ་གསུམ་པ་འབབ་ལ། །ཆུ་འདི་གསུམ་པ་གླང་པོའི་ཡ་ལ་ཁ་ནས་འབབ། །
- ཚེ་དབང་དར་རྒྱས Tshewang Dargyeཆུ་མཇུག་འདི་ཡང་སོག་པོའི་ཡ་ལ་ཡུལ་དུ་འགྲོ་ལ། །སོག་པོ་ཤུགས་སྟོབས་ཆེ་བ་ཡ་ལ་འདི་ལས་ཡིན། །
- ཚེ་དབང་དར་རྒྱས་ Tshewang Dargyeཆུ་འདི་བཞི་པ་མི་འབབ་ཡ་ལ་བཞི་པ་འབབ་ལ། །ཆུ་འདི་བཞི་པ་སྐྱེ་ཡུལ་ཡ་ལ་ཁ་ནས་འབབ། །
- ཚེ་དབང་དར་རྒྱས Tshewang Dargyeཆུ་མཇུག་འདི་ཡང་ཁམས་པའི་ཡ་ལ་ཡུལ་དུ་འགྲོ་ལ། །ཁམས་པ་དབུ་ཚུགས་ཆེ་བ་ཡ་ལ་འདི་ལས་ཡིན། །ལགས་སོ།། །།