Skip to main content Skip to search
15 Dec 2011
2 min 24 sec
Rating
0
No votes yet
Video Overview
Creators: 
Unknown

Jangbu, a modern Tibetan poet from Amdo, reads the poem "Khachod Nyamlen" from his book Jangbu's Collected Works.

Show More

  • ལྗང་བུ་ཚེ་རིང་རྡོ་རྗེ
    གཉིས་པ་དེ། མཁའ་སྤྱོད་ཀྱི་ཉམས་ལེན།
  • ལྗང་བུ་ཚེ་རིང་རྡོ་རྗེ
    ཁྱེད་ཅག་གི་ཁྲོད་དུ་ང་རང་རྒས་ཟིན། ཤ་ཁྲག་དང་རུས་རྐང་། ད་དུང་སློབ་གསོ། དབྱིབས་དང་རྣམ་པ་ཇི་མ་ཇི་བཞིན། ངས་རང་ཉིད་ཕྱིར་སྤྲོད་རྩིས་ཡོད།
  • ལྗང་བུ་ཚེ་རིང་རྡོ་རྗེ
    ང་ལ་གཏིང་ཟབ་པའི་བསམ་བློ་དང་། རྟོགས་དཀའ་བའི་འགྲེལ་བཤད་མེད་དེ། ངའི་རྣམ་ཤེས་དང་དྲན་ཚུལ་ཐན་ཐུན། ནམ་མཁའ་དང་ས་གཞིས་ཁྱེར་ཆོག
  • ལྗང་བུ་ཚེ་རིང་རྡོ་རྗེ
    སྐར་མདའ་ཞིག་མགོ་ལ་ཕོག་སྟེ། ངའི་སྐྲ་གསེབ་ནས་ཐལ་རྡུལ་དཀར་པོ་འཕྱུར། ང་རང་ས་ཆུ་གཙང་བའི་སྤང་ཁ་ཞིག་ཏུ་ཉལ་ནས། ཐག་རིང་གི་བྱ་རྒོད་ཁ་ཤས་གདན་འདྲེན་ཞུ་བར་འདོད།
  • ལྗང་བུ་ཚེ་རིང་རྡོ་རྗེ
    འོན་ཀྱང་། ཧ་ཅང་ཕྱོགས་ལྷུང་གི་ལྟ་བ་ཞིག་གིས། ངའི་མིག་དབང་གི་ནུས་པ་འཕྲོག་གིན་འདུག ངའི་ཕྱོགས་སུ་འཕུར་འོང་གིན་པ་དེ། བྱ་རྒོད་དང་ཁྭ་ཏ་གང་ཡིན་པ། ངས་གསལ་པོར་མཐོང་ཐབས་བྲལ།
  • ལྗང་བུ་ཚེ་རིང་རྡོ་རྗེ
    མཛེས་སྡུག་ལྡན་པའི་ལྷ་བྱ་རྣམས། ང་ལ་བསྔོ་སྨོན་གྱི་ཚིག་གསུམ་བཟློ་བར་ཞུ། ངའི་བརྩེ་སེམས་དང་སྡིག་པའི་དཔངས་མཐོ་ལ། ངའི་དྲང་བདེན་དང་ཉེས་པའི་རྒྱུན་ད་དུང་རིང་།
  • ལྗང་བུ་ཚེ་རིང་རྡོ་རྗེ
    མ་ཡུམ་དང་མ་ཡུམ་ལྟར་བྱམས་པའི་མཛའ་མོ་ལགས། མཇུག་མཐའི་སྙིང་གཏམ་ཞིག་གསུངས་བར་མཁྱེན། ཉམ་ང་བའི་ང་། ཁེར་རྐྱང་དུ་འོང་བའི་ང་། དེ་རིང་ནས་བཟུང་སྔར་ལས་ཀྱང་། ཁེར་རྐྱང་དུ་འགྲོ་དགོས་པ་མ་ཡིན་ནམ།
  • ལྗང་བུ་ཚེ་རིང་རྡོ་རྗེ
    བུ་ཆུང་ང་བྱ་རྒོད་ཀྱི་ཁོག་པར་ཞུགས་དུས། འོབ་དོང་ལ་ལྷུང་འདྲའི་མུན་པ་ཞིག་གིས་འཇིགས་ཀྱང་སྲིད།  ཁ་སྦུབ་ཏུ་ཉལ་བའི་ངའི་སྒལ་གཞུང་ལ། ཡོ་འཁྱོག་བྲལ་བའི་གཡུང་དྲུང་ཟབ་མོ་ཞིག་བྲིས་ཤིང་།
  • ལྗང་བུ་ཚེ་རིང་རྡོ་རྗེ
    ངའི་ཤ་རྡོག་རེ་རེ་ཀ་མད་སུམ་ཅུར་བསྒྲིགས་ཏེ། དབྱངས་ཡིག་གི་ཡན་ལག་བཞི་ཡིས་མཐའ་ནས་སྐོར་བར་སྨོན། རེ་ཞིག་སྒུག་པར་མཛོད་ཨང་། ལྷ་བྱའི་ཚོགས།
  • ལྗང་བུ་ཚེ་རིང་རྡོ་རྗེ
    ངའི་སྦྲང་དཀར་གྱི་ཙམ་དྲི་འཐུལ་བའི། བརླ་རྐང་གཡོན་མ་འདི་སྐྱུར་བར་ཞུ། རང་བྱུང་གི་རྐང་ལམ་ཕྲ་མོའི་སྦུབས་ནས། ངས་ནམ་ཡང་མ་ཡུམ་དང་མཛའ་མོའི་གླུ་སྐད་ཐོས་ཐུབ་ལ། རང་ཉིད་ངེས་པར་དུ་འགྲོ་དགོས་པའི་དམིགས་སའང་རྟོགས་ཐུབ།