Video Overview
༉ བུམ་ཐང་ཆ་འོག་ནང་ ད་རེས་ནངས་པར་ སྟང་ཟེར་ས་ལུ་ ཧེ་མ་འབད་བ་ཅིན་ མདའ་ཟུར་ ཟེར་སླབ་དོ་ཡོདཔ་ཨིན་པས། རྡོ་རྗེ་ཚེ་དབང་འདི་ ཧེ་མ་ མདའ་ཟུར་གཡུས་ཚན་གྱི་རྒཔོ་སྦེ་ལོ་ངོ་བཅུ་དགུ་དེ་ཅིག་ཕྱག་ཞུ་སྟེ་ཡོདཔ་ད་ ཁོ་གིས་བཤད་མི་ནང་ གཞུང་གི་ཁྲལ་དང་འུར་ལཱ་ཚུ་ ག་དེ་སྦེ་ར་རྒྱུག་དགོ་ག་དང་ ག་ཏེ་ར་འགྱོ་དགོ་ག་གི་སྐོར་ལས་བཤདཔ་ཨིན་པས། དེ་བསྒང་ འུར་ལཱ་རྒྱུག་པ་ཡང་ མང་ཤོས་ར་ ཀྲོང་གསར་རྫོང་ནང་འགྱོ་དགོ་དོ་ཡོདཔ་མས། ཁྲལ་ཡང་ མེ་འཕུ་ནི་གི་མེ་ཆ་ལས་འགོ་བཟུང་སྟེ་ ལེ་ཤ་ཅིག་ར་སྐྱེལ་དགོ་ཟེར་ཨིན་པས།
- Dazur