Video Overview
Karchung and Jigme Wangchuk from Phongmey, Tashigang sing a religious song called Gurma. The song is dedicated to the great saint Jetsun Milarepa, and was said to have been composed by a resurrected man named Tenzin Gyamtsho of Bjanyonma village. He was a true follower of Milarepa, and half of his life was spent in meditation at Meme Ralang. Meme Ralang is considered a Khelha (the deity of Yabrang Jananma’s birthplace). This religious hymn could be taken from religious texts. It is believed that if a person is fully conscious of the spirituality of this song, it can serve as means of liberation and attainment of ultimate happiness.
བཀྲིས་སྒང་རྫོང་ཁག་ ཕོངས་མེད་རྒེད་འོག་ལས་ འབད་མི་ དཀར་ཅུང་དང་ འཇིགས་མེད་དབང་ཕྱུག་གི་ ཆོས་དང་ འབྲེལ་བའི་ གླུ་གཞས་ མགུར་མ་ཟེར་མི་འདི་ འཐེན་ནུག། མགུར་མ་འདི་ཡང་ གྲུབ་ཐོབ་ རྗེ་བཙུན་མི་ལ་རལ་པ་ལུ་ ལྷག་བསམ་ རྣམ་དག་གི་སྒོ་ལས་ འཕུལ་ནུག། གླ་གཞས་དེ་ཡང་ བྱག་ཡན་མ་ལས་འབད་མི་ འདས་ལོག་ བསྟན་འཛིན་རྒྱ་འཚོ་གི་ རྩོམ་སྒྲིག་འབད་དེ་ ཡོདཔ་ཨིན་མས། ཁོ་ མི་ལ་རལ་པ་གི་ སློབ་མ་ངོ་མ་ ཨིནམ་མ་ཚད་ ཁོརི་ མི་ཚེ་ཕྱེད་ཀ་ གཅིག་ མེ་མེ་ར་ལང་ ཟེར་མི་ས་གནས་འདི་ཁར་ སྒོམ་ གནང་བཞུགས་ནུག། མེ་མེ་ར་ལང་ དེ་ཡང་ སྐྱེས་ལྷ་གཅིག་ ཨིན་ཟེར་ བཤདཔ་ཨིན་མས། མགུར་མ་འདི་ཡང་ ཆོས་དང་ འབྲེལ་བའི་ དཔེ་ཆ་ལས་ བཏོན་ཡོདཔ་མ་ཚད་ དེ་ནང་སྙན་ཚིག་གི་ ཐོག་ལས་ སྡུག་བསྔལ་དང་ སྐྱོ་བའི་རྣམ་འགྱུར་ཚུ་ འགྲེལ་བཤད་ རྐྱབ་ཡོདཔ་ཨིན་མས། མི་འདི་ཚུ་གིས་ མགུར་མ་དེ་ལུ་ ཧིང་ལས་རང་ ཡིད་ཆེས་ བསྐྱེད་པ་ཅིན་ མཐར་ཐུག་ ཐར་པའི་གོ་འཕང་ ཐོབ་ནི་དང་ བདེ་བ་ཅན་ལུ་ སྐྱེས་ནིཡི་ ནུས་པ་ཡོདཔ་ཨིན་མས།
- Yabrang
- Phongme
- Trashigang
- དཀར་ཅུང་དང་ འཇིགས་མེད་དབང་ཕྱུག་ Karchung and Jigme Wangchukཀྱེ་མ་གངས་དཀར་གྱི་རྩེ་རུ་ཕར་ལྟོས་ན། །གངས་ཁ་བ་དཀར་པོ་[ལྗོན་པ་?]མཐོང་། །
- དཀར་ཅུང་དང་ འཇིགས་མེད་དབང་ཕྱུག་ Karchung and Jigme Wangchukརྐྱེན་ཁྲི་གདུགས་ཉི་མས་བཞུ་བ་མཐོང་། །དཔེ་འདི་ལ་བསམ་ནས་ལྷ་ཆོས་བྱེད། །
- དཀར་ཅུང་དང་ འཇིགས་མེད་དབང་ཕྱུག་ Karchung and Jigme Wangchukཀྱེ་མ་ཤིང་ཟུང་གི་རྩེ་ལ་ཕར་ལྟོས་ན། །ཤིང་ལོ་འདབ་འབྲས་བུ་[ལྗོན་པ་?]མཐོང་། །
- དཀར་ཅུང་དང་ འཇིགས་མེད་དབང་ཕྱུག་ Karchung and Jigme Wangchukརྐྱེན་སྐྱི་སེར་རླུང་གིས་འཁྱེར་བ་མཐོང་། །དཔེ་འདི་ལ་བསམ་ནས་ལྷ་ཆོས་བྱེད། །
- དཀར་ཅུང་དང་ འཇིགས་མེད་དབང་ཕྱུག་ Karchung and Jigme Wangchukཀྱེ་མ་རང་གི་ལུས་ལ་ཚུར་ལྟོས་ན། །ལུས་ཤ་ཁྲག་ཕུང་པོ་ཚང་ཡོད། །
- དཀར་ཅུང་དང་ འཇིགས་མེད་དབང་ཕྱུག་ Karchung and Jigme Wangchukརྐྱེན་འཆི་བདག་བདུད་ཀྱིས་འཁྱེར་བ་ལ། །དཔེ་འདི་ལ་བསམ་ནས་ལྷ་ཆོས་བྱེད། །
- དཀར་ཅུང་དང་ འཇིགས་མེད་དབང་ཕྱུག་ Karchung and Jigme Wangchukལགས་སོ་ལགས།། །།