Skip to main content Skip to search
22 Jun 2018
1 min 55 sec
Video Overview
Creators: 
Duptho, Sonam Chophel

The art of ritual debate (kha shey) in the local dialect of Bhramikha has rarely been recorded as they are infrequently performed. Lobzang Wangmo sings an example, though it is usuallysung by boys and girls in a call-and-response type competition. Certain debates are sung in the vernacular and others in more formal language. Aum Lobzang mentioned that ritual debates are performed at archery matches but are also considered a literary genre. They consist of sung couplets, the first of which describes a relevant scenario, followed by the second couplet, which expresses love, hate, abuse, or ridicule. 

༉  འབྲུག་གི་ལམ་སྲོལ་ ཁ་བཤད་འགྲན་བསྡུར་དེ་ཡང་ བཀྲ་ཤིས་སྒང་རྫོང་ཁག་ གླེམ་གཡུས་ཚན་ནང་ལུ་ ཧེ་མ་ལག་ལེན་འཐབ་དོ་ཡོདཔ་ཨིན་མས། ཁ་བཤད་རྐྱབ་ནི་གི་སྲོལ་འདི་ གཡུས་ཚན་དེ་ནང་ཧེ་མ་ཡོདཔ་ཨིནམ་ད་ ད་ལྟོ་ཚུན་ཚོད་ཀྱི་བར་ མི་གི་ནང་ན་གི་ཁ་བཤད་གཅིག་ཡང་ ཡིག་ཐོག་དང་སྒྲ་གཟུང་འབད་བཞག་བཞགཔ་མེདཔ་ཨིན་མས། དེ་ཡང་ གཞན་ཁ་ལས་ཕར་ཡང་ཡོངས་གྲགས་མེདཔ་མ་ཚད་ གཡུས་ཚན་དེ་ནང་ཡང་ གནམ་མེད་ས་མེད་ཅིག་ལག་ལེན་མི་འཐབ་དོ་ཡོདཔ་ཨིན་རུང་ ད་ལྟོ་གླེམ་གཡུས་ཚན་ལས་སློབ་བཟང་དབང་མོ་གིས་ ཁ་བཤད་གླུ་གཞས་ལུ་བསྒྱུར་ཏེ་འཐེན་ནི་འདུག ཁ་བཤད་དེ་ ག་གིས་ནམ་བརྩམས་ཡོདཔ་ཨིན་ན་མ་ཤེས་རུང་ ཧེ་མ་ལས་ཕམ་རྒན་རྒས་ཚུ་གིས་སླབ་སྲོལ་ཡོདཔ་སྦེ་བཤད་ནི་འདུག ཁ་བཤད་དེ་བུཚ་དང་བུམོ་ཚུ་གི་བར་ན་ གཡུས་སྐད་ཀྱི་ཐོག་ལས་ཕར་བཤད་ཚུར་བཤད་འབད་དེ་འགྲན་བསྡུར་འབདཝ་ཨིན་མས། སློབ་བཟང་དབང་མོ་གིས་བཤད་མི་ནང་ ཁ་བཤད་དེ་ གཡུས་ཁ་ལུ་མདའ་རྩེད་འགྲན་བསྡུར་དང་དུས་སྟོན་ཚུ་གི་སྐབས་ལུ་འཐེནམ་ཨིན་ཟེར་ བཤདཔ་ཨིན་མས།

Transcript search
No results found for this search
0 of 0
  • བློ་བཟང་དབང་མོ
    Lobzang Wangmo ཧེ་མ་ ང་བཅས་ཀྱི་ བུཚ་དང་བུམོ་གཞོན་ཅུང་སྦེ་སྡོདཔ་ད་ལུ་ ཁ་ཤག་ཟེར་ ཕར་སླབ་ཚུར་སླབ་ ཁ་ཤག་རྐྱབ། ཏེ་བུམོ་འདི་ཚུ་གིས་ ཕར་ཕོ་རྒྱ་ཚུ་ལུ་ ལོ་ཟོགཔ་ཁ་ཤག་རྐྱབ་ ཕོ་རྒྱ་འདི་ཚུ་གིས་ ཚུར་སླབ་མ་ཤེས་པར་ ཨམ་སྲུ་ཚུ་གིས་ཕར་སླབ། ཁ་ཤག་འ་ནཱི་སྦེ་འཕྱད་འོང་ཏེ་ བློ་ཟོགཔ་འ་ནཱི་སྦེ་སླབ་འོང་ཏེ་ ང་བཅས་ཀྱིས།
  • བློ་བཟང་དབང་མོ་
    Lobzang Wangmo: གཏམ་འདི་ཕར་བཤད་མ་གཏོགས། །ཚུར་བཤད་ཉན་སྤྲོ་མིན་འདུག ། ཉི་མ་ཟླ་བ་མ་གཏོགས། །དགུང་ལུ་བཞུགས་ས་མིན་འདུག །ཉི་མ་ཟླ་བ་མ་གཏོགས། །དགུང་ལུ་བཞུགས་ས་མིན་འདུག །
  • བློ་བཟང་དབང་མོ་
    Lobzang Wangmo: གཡུ་མདོག་ཟམ་པའི་འོག་ལ། །ཉ་མོ་སྤུངས་ཐང་ཤིག་ཤིག །ཉ་མོ་ངན་སོང་མི་འགྲོ། །ཐར་པའི་ལམ་དུ་འདྲེན་ཅིག །
  • བློ་བཟང་དབང་མོ་
    Lobzang Wangmo: ཕ་རི་སྤང་གི་ལོགས་ལ། །ཨ་མ་སིབ་ས་ལྷ་མོ། །ང་ནི་གདུང་ནས་ཡོང་སོང་། །ཁྱོད་རང་སིབ་ས་བཅག་སོང་། །
  • བློ་བཟང་དབང་མོ་
    Lobzang Wangmo: ཕ་རི་སྤང་གི་ལོགས་ལ། །གཡུ་ཆུང་སྐལ་བཟང་སྒྲོལ་མ། །སེམས་པ་སྡུག་སྡུག་མ་བྱེད། །ལི་ཐང་བསྐོར་ནས་ཡོང་སོང་། །
  • བློ་བཟང་དབང་མོ་
    Lobzang Wangmo: འ་ནཱི་སྦེ་ ཁ་ཤག་རྐྱབ་སྦེ་སླབ་འོང་ཏེ་ ཧེ་མ་འདི་ དནི་ ང་ར་ལོ་ན་རྒས་ནི་འདི་གིས་མིན་འདུག ཤེས་ཡང་མི་ཤེས་པས་ད།། །།