Video Overview
Nima Dorji and Yangka of Dagar Gewog recite Lozay ballads. Lozey are thought to have originated from Wangduephodrang (Sha), Thimphu (Wang), and Paro (Pa) but the exact origin and the composers of those ballads are unknown. Lozay are recited while working in farms and during any social gatherings, frequently as form of call-and-reply entertainment or competition among farmers in the villages. It is also practiced to test one's intelligence and capacity of understanding figurative and poetic verses. Lozey is sung in different sub-genres such as, hate, love, praise, happiness and sadness according to the emotions of the reciter and the receiver.
༉ དབང་འདུས་ཕོ་བྲང་རྫོང་ཁག་ དར་གར་རྒེད་འོག་ནང་ལས་ཉི་མ་རྡོ་རྗེ་དང་གཡང་ཀ་གིས་ གཞི་མ་འདྲཝ་ལེ་ཤ་གི་ཐོག་ལས་བློ་ཟེ་ཁྱད་བསྡུར་འབད་ནི་འདུག སྤྱིར་བཏང་ བློ་ཟེ་བསྒྱུར་ནི་འདི་ ཤར་ཝང་སྤ་གསུམ་གྱི་མི་མཁས་པ་དང་ལྕོགས་གྲུབ་ཅན་ཚུ་ལས་འགོ་བཙུགས་ཡི་ ཟེར་ཨིན་མས། ཨིན་རུང་ བློ་ཟེ་རྩོམ་པ་པོ་ངོ་མ་འདི་མ་ཤེསཔ་ཨིན་མས། བློ་ཟེ་འདི་ ཞིང་ཁར་ལཱ་འབད་བའི་སྐབས་དང་ མི་དམངས་འཛོམས་འདུའི་སྐབས་ལུ་སྒྱུརཝ་ཨིནམ་ད་ གཡུས་ཁའི་མི་ཚུ་གིས་ སྤྲོ་བ་འབྱུང་ནི་གི་དོན་ལུ་དང་ འགྲན་བསྡུར་གྱི་ཐོག་ལུ་སྒྱུརཝ་ཨིན་པས། དེ་མ་ཚད་ ཕར་ལོགས་མའི་རིག་པ་དང་ལྕོགས་གྲུབ་བལྟ་ནིའི་དོན་ལུ་ཡང་ལག་ལེན་འཐབ་ཨིན་མས། བློ་ཟེ་དེ་ཡང་ རྩང་མོ་བཟུམ་སྦེ་ར་ དགའ་གླུ་དང་སྐྱོ་གླུ་ དགྲ་གླུ་དང་གཉེན་གླུ་ བསྟོད་གླུ་དང་སྨད་གླུ་ལ་སོགས་པ་ཡོད་དོ་བཟུམ་སྦེ་ རིགས་མ་འདྲཝ་སྦེ་ཡོད་པའིའ་ནང་ལས་ འདི་ཚུ་གནས་སྟངས་དང་འཁྲིལ་ཏེ་སྒྱུརཝ་ཨིན་པས། འ་ནཱི་བློ་ཟེ་སྒྱུར་བའི་སྐབས་ལུ་ མང་ཤོས་ཅིག་ རང་གི་བློ་རིག་ལས་བཏོན་ཏེ་སླབ་དགོཔ་དང་ གལ་སྲིད་རང་གི་བློ་རིག་ལས་བཏོན་མ་ཚུགས་ཏེ་འབད་རུང་ ཧེ་མ་ལས་ཡོད་པའི་བློ་ཟེའི་ཚིག་ཚུ་ལག་ལེན་འཐབ་སྟེ་སླབ་དོ་ཡོདཔ་ཨིན་རུང་ སླབ་དགོ་པའི་གནས་སྟངས་དང་འཁྲིལ་ཏེ་སླབ་དགོཔ་ཨིན།
- Wangduephodrang
- གཡང་ཀ་Yangka: གསོན་ཅིག་མཉམ་རོགས་གཞོན་པ། །ཉོན་ཅིག་མཉམ་རོགས་གཞོན་པ། །གངས་རི་གསུམ་འཛོམས་པའི་རྩེ་ལུ། །རི་གསལཝ་མེད་རུང་བལྟ་ཧིང་སྤྲོ། །བལྟ་ཧིང་སྤྲོ་བའི་ལོ་རྒྱུས་མེན། །རི་གསུམ་འཛོམས་པའི་དགའ་ཚོར་ཨིན། །
- གཡང་ཀ་Yangka: མར་ཆུ་གསུམ་འཛོམས་པའི་རྩེ་ཁ། །ཆུ་བསིལཝ་མེད་རུང་འཐུང་ཧིང་སྤྲོ། །འཐུང་ཧིང་སྤྲོ་བའི་ལོ་རྒྱུས་མེན། །ཆུ་གསུམ་འཛོམས་པའི་དགའ་ཚོར་ཨིན། །
- གཡང་ཀ་Yangka: ནཱ་མི་གསུམ་འཛོམས་པའི་རྩེ་ལུ། །གསུང་གླུ་གར་མེད་རུང་བསྒྱུར་ཧིང་སྤྲོ། །བསྒྱུར་ཧིང་སྤྲོ་བའི་ལོ་རྒྱུས་མེན། །མི་གསུམ་འཛོམས་པའི་དགའ་ཚོར་ཨིན། །ཟེར་ཞུ་གེ་ལགས།
- ཉི་མ་རྡོ་རྗེ་Nima Dorji: ལགས་སོ། བཀའ་དྲིན་ཆེ། ཉོན་ཅིག་སྨན་ཆུང་བུ་མོ། །གསོན་ཅིག་སྨན་ཆུང་བུ་མོ། །ང་གཡུས་ཀྱི་སྟག་ཤར་གཞོནམ་འདི། །སྔོན་ལས་ད་ལྟོ་ཚུན་ཚོད། །ཡུམ་ཨ་མའི་སྒོ་ཁར་སྡོད་སྡོདཔ་ཨིན། །
- ཉི་མ་རྡོ་རྗེ་Nima Dorji: གཅིག་སེམས་གཅིག་ལུ་དགའ། །གཅིག་སེམས་གཅིག་ལུ་མཐུན། །དུས་ཚོད་ད་རིས་ཉིནམ་ལུ། །སེམས་དགའ་བའི་ཧིང་གཏམ་བཤད་དེ། །དགའཝ་རང་དང་བརྩེ་གཅིག་འཚོལ་ད་གེ་ཏེ།
- གཡང་ཀ་Yangka: ཐབ་ཀྱི་མེ་ལོང་པད་མ། །[མང་ཧིང་པདྨའི་ཤིང་གཅིག་བཙུགས། །ཀ་ལས་བཏང་པའི་མེ་ཅིག་འཕུ། །ཐབ་ཀྱི་ཇ་ཐང་གཡས་ལས་བསྐོལ། །མེ་ཁྲོ་ཅུང་གསང་ཅུང་རྡིག་འདེ་རྡིག །ཐབ་ཀྱི་ཇ་ཐང་གཡས་ལས་བསྐོལ། །ཇ་ཚེ་རིང་རྒྱལམོ་ལག་ལེན་འཐབ། །
- གཡང་ཀ་Yangka: [ཇ་རུ་ཅན་དེ་དར་ཅ། །ད་ལྟོ་གི་ཐག་སྲིག་ཡི། །གཟར་རུ་གསེར་གྱི་དུམ་ཅུང་། །ད་ལྟོ་བཀལ་ད་ཟེར་ཡི། །ཅན་ད་བཀྲིས་རྟགས་བརྒྱད། །ད་ལྟོ་འཐོན་དོ་ཟེར་ཡི། །ཇ་ཁ་ཇ་མེན་ཅིག་སྟིང་ཇ་ཨིན། །ཁྱོད་གཡུས་ཀྱི་སྟག་ཤར་གཞོནམ་ཚུ། །ཇ་ཕུད་གཡང་འགྲོ་བསགས་མི་དགོ་ཟེར་?]
- ཉི་མ་རྡོ་རྗེ་Nima Dorji: གསོན་ཅིག་སྨན་ཆུང་བུ་མོ། །ཉོན་ཅིག་སྨན་ཆུང་བུ་མོ། །ང་གཡུས་ཀྱི་སྟག་ཤར་གཞོནམ་འདི། །སྔོན་ལས་ད་ལྟོ་ཚུན་ཚོད། །གཅིག་ངོ་གཅིག་གིས་མ་ཤེས། །གཅིག་སེམས་གཅིག་ལུ་མ་ཆགས། །དུས་ཚོད་ད་རིས་ཉིནམ་ལས། །གཅིག་ངོ་གཅིག་གིས་ཤེས་ཅི། །གཅིག་སེམས་གཅིག་ལུ་ཆགས་ཆི། །སྔོན་ལས་ད་ལྟོ་ཚུན་ཚོད། །ཁྱོད་སེམས་ང་ལུ་དགའཝ། །ཐད་རི་བ་རི་འབདན། །བུ་ང་ཡང་འགྱུར་བ་རྩ་ལས་མེད་སྨ་རེད་ད་འབདན་ད། །
- གཡང་ཀ་Yangka: གསོན་ཅིག་མཉམ་རོགས་གཞོན་མ། །ཉོན་ཅིག་མཚོ་མ་སྒར་པ། །ལ་མོ་ལབ་རྩ་མེད་མི་འདི། །ཚོངཔ་འགྱོ་འགྲུལ་མེད་པ་ལུསཔ་མས། །ཆུམོ་ཁྱོད་ལུ་ཟམ་ལྕགས་མེད་མི་འདི། །ཆུམོ་རྐང་ཐག་འཐུངམ་ད་མེདཔ་མས། །སྒརཔ་ཁྱོད་ལུ་གཉེན་གྲོགས་མེད་མི་འདི། །གདོང་རོམ་མདོག་ཟོགཔ་ལས་མེདཔ་མས་ལོ། །
- ཉི་མ་རྡོ་རྗེ་Nima Dorji: ཆུམོ་གངས་ལས་བབས་པའི་ཤར་ཤར་འདི། །ཆུམོ་ཁྱོད་ཡང་ང་རྒྱལ་མཐོ་སུ་མས། །མར་གསེར་ཞིང་ཨོ་མའི་རྫིང་ཁ། །རྫིང་ང་ཡང་དཀྱིལ་འཁོར་བཟང་སུ་ཨིན། །ཁྱོད་ཆུམོ་ང་རྒྱལ་མཐོ་བའི་བྱངམ་ཕྱད་འདི། །རྫིང་དཀྱིལ་འཁོར་བཟང་བ་ལེན་གེ །ཟེར་སླབ་ནི་སྦེ་ཨིན། །
- གཡང་ཀ་Yangka: གསོན་ཅིག་ཚོ་མ་སྒར་པ། །ཉོན་ཅིག་ཚོ་མ་སྒར་པ། །ཕར་སྤང་དང་ནགས་ཀྱི་མཚམས་ལུ། །ཤིང་ཁྱོད་ཡང་མཛེར་ཏོ་མང་སུ་མས། །[དགའཝ་བྱང་ཀ་ལེགས་པའི་དུང་ས་ན། །ཏབ་ང་ཡང་ང་རྒྱལ་ཆེ་སུ་ཨིན། །?]ཤིང་མཛེར་ཏོ་མང་བའི་བྱང་ཕྱད་འདི། །[ཏབ་ང་རྒྱལ་ཆེ་བ་ལེན་གེ་ལོ། །?]
- ཉི་མ་རྡོ་རྗེ་Nima Dorji: ཉོན་ཅིག་སྨན་ཆུང་བུ་མོ། །གསོན་ཅིག་སྨན་ཆུང་བུ་མོ། །ང་ཧན་པའི་གཏམ་ཅིག་སླབ་ད། །ཁྱོད་རྩུབ་པའི་གཏམ་ཅིག་སླབ་ནི་འདུག །ཁྱོད་ལེགསཔ་བྱ་ཉེསཔ་བྱ་མི་ཤེས་པས། །ཁྱོན་ཕུན་སུམ་ཚོགས་པའི་རི་ལས། །ར་གཅིག་བགྲང་པའི་རྩྭ་མིན་འདུག །
- ཉི་མ་རྡོ་རྗེ་Nima Dorji: ཁྱོད་བསང་ཤིང་བཏུབ་པའི་ཤིང་གུ། །བྱ་གཅིག་ཆགས་རུང་མི་ཐེག་པས། །ཆུ་ཕུད་བཏུབ་པའི་ཆུ་ལས། །བྱ་གཅིག་བགྲང་པའི་ཆུ་མིན་འདུག །འཕྲལ་ཁྲུས་ཆུ་འཐུང་ནི་ཙང་ར་བཞག །མཇུག་བུམ་པ་སྐེ་ལས་དཀྲོག་པ་ཅིན། །བློ་འགྱོད་བསྐྱེད་དགོཔ་འཐོན་འོང་སྨ་རེད་ཨམ་ཁོ་རེད། །
- གཡང་ཀ་Yangka: གསོན་ཅིག་མཚོ་མ་སྒར་པ། །ཉོན་ཅིག་མཚོ་མ་སྒར་པ། །ཤར་ར་ཟམ་འོག་གི་ཨོཾ་ཆུ་འདི། །བྱཱར་སུ་འཐུང་གེ་མནོ་བ། །བྱཱར་ས་ཧོག་མ་ལོང་ཆི་ནུག །དགུན་སུ་དབོག་གེ་མནོ་བ། །དགུན་ས་འཁྱེག་གིས་བསྡམས་ཆི་ནུག །བྱཱར་སུ་དབོག་ཡང་མི་དབོག །དགུན་སུ་འཐུང་ཡང་མི་འཐུང་། །ཨོཾ་ཆུ་ཁྱོད་རའི་ཐང་གཏང་གེ་ལོ། །
- ཉི་མ་རྡོ་རྗེ་Nima Dorji: གངས་ལ་བར་གཉིས་ཀྱི་ལ་ཅུང་ན། །སེམས་ཅན་འབྲོང་གི་བའོ་ཅུང་འདི། །རྭ་བ་གཡས་གསིག་གཡོན་གསིག་རྐྱབ། །གངས་དར་སེང་དཀརམོ་དང་འཕྱདན། །རྭཝ་གང་དང་གང་བྱེད་འཇལ་ནི་ཨིན། །[ལྷ་ཡི་སྲསཔོ་དང་འཕྱདན། །ཁ་ཚིག་མེད་རུང་བཏུབ་ནི་མས། །?]ང་མནོ་བསམ་འ་ནཱི་སྦེ་བཏང་སྡོད་ཡི་སྨ་རེད། །
- གཡང་ཀ་Yangka: ཆུ་མོ་དྭངས་ཆུ་[བལ་ཆུ?]། །བཀལན་བྱི་ལི་རོ་ཡང་མི་ཐེག །སྐད་བླ་མའི་སྐད་འདེ་མ་རྐྱབ། །ང་ཆུ་ཆེན་གཡས་རིའི་གཙངམོ་འདི། །སྐད་ཞི་ཞི་མེར་མེར་རྐྱབ་ཨིན། །བཀལན་རྟ་རོ་མི་རོ་འབགཔ་ཨིན་ལོ། །
- ཉི་མ་རྡོ་རྗེ་Nima Dorji: ཁྱོད་ཤིང་མེ་ཏོག་མེད་པའི་ཤིང་ཚུ། །དར་སྣེ་ལྔ་བསྒྲིགས་རུང་མི་ལེགས། །ངོ་རིས་གཟུགས་ཁར་མེདན། །རྒྱན་ཆ་རྟགས་རུང་བཅུད་མེད། །བསམ་པ་བཟངམོ་ཅིག་མེདན། །རྨགཔ་དྲག་ཤོས་ཐོབ་རུང་ཁུངས་མེད། །མེན་ན་ཨམ་ཁོ་རེད།
- གཡང་ཀ་Yangka: གསོན་ཅིག་སྟག་ཤར་གཞོན་པ། །ཉོན་ཅིག་སྟག་ཤར་གཞོན་པ། །[གཡུས་བཟང་བདེ་ལས་ཡངས་ཁོད་གཅིག །ཆང་ཞིམ་པའི་མངར་དང་ལྡན་པ་གཉིས། །མཉམ་གྲོགས་ཀྱི་ཁ་ལ་བསིལ་དེ་གསུམ། །མར་ཁུའི་་་་་་་་་་་་་?] ཁྱོད་ལྕོགས་སྒྲུབ་ག་དེ་འབད་བ་ལོ། །
- ཉི་མ་རྡོ་རྗེ་Nima Dorji: ང་ལྷ་བྱ་ཡོང་ཡོང་ག་ནས་ཡོང་། །ང་ལྷ་བྱ་རྒྱ་ལས་མ་འོང་པར། །བོད་གངས་ཆེན་ཁ་བས་སྒོར་ཆི་ནུག །ཁྱོད་རྒྱ་བཟའ་བུ་མོའི་མིག་ཁར། །ང་ལྷ་བྱ་འདི་རང་འཇའ་བས་ག །ཁྱོད་རྒྱ་བཟའ་བུ་མོའི་མིག་ཁར། །ང་ལྷ་བྱ་འདི་རང་འཇའན། །མར་རྒྱ་ནག་ཚད་པའི་བཅོ་ཐབས་ཅིག །ཁྱོད་རྒྱ་བཟའ་བུ་མོས་མཛད་མི་ཚུགས་པས་ག །
- གཡང་ཀ་Yangka: གསོན་ཅིག་ཚོ་མ་སྒར་པ། །ཉོན་ཅིག་ཚོ་མ་སྒར་པ། །ཡར་གངས་ལས་བབས་པའི་རྡོས་སྒོར་འདི། །ཁྱོད་རས་བཀོཝ་ཨིན་ཟེརཝ་སྨོ། །རོགས་ཀྱིས་འབོཝ་ཨིན་ཟེརཝ་སྨོ། །རོགས་ཀྱིས་བཀོ་ཡི་ཟེརན། །རྡོ་ཁོ་རའི་ཐང་རང་གཏང་ནི། །ཁྱོད་ཀྱིས་བཀོ་ཡི་ཟེརན། །རྡོ་རྫས་ང་དང་འཕྱད་གེ་ནོ་ཟེརཝ་མས། །
- ཉི་མ་རྡོ་རྗེ་Nima Dorji: ཆང་སུམ་ཆང་སྦང་སའི་ཁྲོ་ཅུང་འདི། །ཡབ་ཆེན་ཨ་པའི་ཡུལ་ལུ་ཨིན། །ཡུལ་ལུ་མེདཔ་བཀའ་མིན་ནུག །ཨཔ་བློ་རིག་ཆང་ལས་བཏོན་དགོ་པས། །བ་བདེ་བའི་མར་སྒོང་རྒྱལམོ་འདི། །ཡུམ་ཆེན་ཨམའི་ཡུལ་ལུ་ཨིན། །ཡུལ་ལུ་མེདཔ་བཀའ་མིན་ནུག །ཨམ་ཇ་མར་བ་ལས་རེ་དགོ་པས། །དཔེ་མ་ཤེས་འདི་དང་ཆ་འདྲཝ་ཅིག །ཁྱོད་གཡུས་ཀྱི་སྨན་ཆུང་བུམོ་ཚུ། །གདོང་མ་ལེགསཔ་བྱིནམ་ཐག་རྩ་སྦོ་ཀྲོ། །བླམ་དཀོན་མཆོག་གསུམ་དང་རྒྱབ་མཐུད་མས་བ་ཡ། །
- གཡང་ཀ་Yangka: སི་སི་སི་ལི་རྭཝ། །ནོར་གྱི་གྲལ་ཁ་མི་ཚུད། །[གཉིས་གཉིས་རང་མེད་རྭ་ཅུང་?]། །གྱངས་ཁ་རང་གིས་མི་བརྩིས། །[གསུམ་གསུམ་མཛེས་པའི་མགུ་ཏོ?]། །ཟས་ཞིམ་ཅིག་ཟ་རུང་དེ་ལས་ཨིན། །[བཞི་བཞི་བ་ཡི་ནོརབུ་འདི། །?]བླམ་རྒྱལཔོ་གསོལ་ཇ་དེ་ལས་ཨིན། །[ལྔ་ལྔ་བསྐྱེད་པའི་མཛེས་མོ། །བཟོ་བཟོ་རུང་དགོཔ་དེ་ལས་ཨིན། །?]
- གཡང་ཀ་Yangka: [དྲུག་དྲུག་བུ་མོའི་རིགས་བཟང་། །བདུན་བདུན་རྟ་ཡི་རི་མོ། །བརྒྱད་བརྒྱད་བྱི་ལིའི་སོ་བཅུ?]། །འཕྲལ་བྱི་ཙི་བསདཔ་འདེ་མེན་རུང་། །མཇུག་བྱི་ཙི་བསདཔ་འདེ་གསད་གེ །[དགུ་དགུ་རྟ་ཡི་རི་མོ། །བཅུ་ཐམ་ཕང་མའི་ནོརབུ་འདི། །འཕྲལ་ཕོ་ཅིག་རྟ་འདེ་མེད་རུང་། །མཇུག་ཕོ་ཅུ་བསདཔ་འདེ་གསད་གེ །?]
- གཡང་ཀ་Yangka: [བཅུ་གཅིག་འ་མོའི་འུར་སྒྲ། །?]ཞྭམོ་རྒྱ་ཞྭམོ་བཙུགསཔ་འདེ་མེད་རུང་། །འ་ཞྭམོ་ཕུདཔ་འདེ་ཕུད་གེ །བཅུ་གཉིས་ཆོས་ཀྱི་འཁོར་ལོ། །[ཁྱོད་ཆབ་བླུགཔ་འབྱོནམ་འདེ་མེད་རུང་། །?]ཁྱོད་མཚན་ལྡན་འབྱོནམ་འདེ་བྱོན་ཞིན་ན། །རོགས་སྐལ་བ་ཅན་གྱི་མི་ཚུ། །དབང་བསྐུར་ང་གིས་འབད་གེ །ཁྱོད་རྒྱུ་འབྲས་མེད་པའི་ཚོ་མ། །[དུང་ལ་ང་གིས་ཨེབ་གེ་ལོ། །?]
- ཉི་མ་རྡོ་རྗེ་Nima Dorji: [དགའཝ་བྱང་ཀ་ལེག་པའི་གདུང་ས་ན?]། །བུམོ་ཁྱོད་ཡང་ང་རྒྱལ་མཐོ་སུ་མས། །གངས་ཀྱི་ཡས་ཀྱི་མེ་ཏོག་[སྟག་ཅུ་ང་?]། །[སྟགཔ་?]ང་ཡང་ཤིང་དང་འདྲ་སུ་ཨིན། །ཁྱོད་སྨན་ཆུང་བུ་མོའི་བྱངམ་ཕྱད་འདི། །ང་གིས་ལེན་མ་ཚུགས་པ་ཅིན་ ང་ཡང་ ཏེ་ཚར་གཅིག་བལྟ་གེ་ནོ། །
- གཡང་ཀ་Yangka: གསོན་ཅིག་ཚོ་མ་སྒར་པ། །ཉོན་ཅིག་ཚོ་མ་སྒར་པ། །སྒོ་ཡར་ལྟ་གསེར་གྱི་གྱི་ཅུང་ཨིན། །མར་ལྟ་ཆོས་ཀྱི་ལེབ་ཤིང་ཨིན། །སྒོ་ཤིང་ཙན་དན་དུམ་ཨིན། །[སྒོ་བར་དཀར་སངས་ཁྲམོ་ཨིན?]། །གཉའ་ཤིང་གསེར་གྱི་བྱི་ཅུང་ཨིན། །སྒོ་ཐག་དར་ཅུང་སྣེ་ལྔ་ཨིན། །
- གཡང་ཀ་Yangka: སྒོ་ནི་ཚུ་ཕྱེ་བའི་ནང་ཤེད་ནང་། །བླམ་ལེགས་པའི་བསྟན་འཛིན་ཕུན་ཚོགས་ཀྱིས། །[ཧིང་སྲུབ་ཕྱེད་ཀྲམ་ཡང་མེད་རུང་?]། །སྙན་དར་ཏི་རུ་འབག་སྟེ། །[ཟ་་་་་་་་་་་་་ དགོནམ་དཀྱིལ་ལི་དགོན་པ་འཛེག་གེ་ལོ། །?]
- ཉི་མ་རྡོ་རྗེ་Nima Dorji: ཉོན་ཅིག་སྨན་ཆུང་བུ་མོ། །གསོན་ཅིག་སྨན་ཆུང་བུ་མོ། །ང་ལྷན་པའི་གཏམ་ཅིག་སླབ་ད། །ཁྱོད་རྩུབ་པའི་གཏམ་ཅིག་སླབ་ནི་འདུག །སེམས་དགའ་བའི་ཧིང་གཏམ་ཕར་ཚུར་བཤད། །ལུས་དཀྲོགས་པའི་དགྲ་གཅིག་ཚུར་ལུ་བཀུག །སེམས་དགའ་བའི་དགྲ་འདི་མ་ཁྱབ་ལས། །ལུས་དཀྲོགས་པའི་བྱང་ཕྱད་ང་ལོང་གེ་སྨ་རེད་ཚར་གཅིག །
- གཡང་ཀ་Yangka: གངས་ལ་ཡི་སྟོང་ཕུ་མགུ་གསུམ་འདི། །[ཚེམ་པད་ཅག་?]རྒྱགས་པའི་དུས་ཚོད། །བྱ་ཐང་དཀར་རྒད་པོའི་སེམས་གསོ་མས། །[སྐེདཔ་ཨ་ཐང་མངར་བའི་?]དུས་ཚོད། །ནོར་རྫིཔ་དམངས་ཀྱི་སེམས་གསོ་མས། །[མཇུག་མེ་ཁྱེམ་འཚོ་བའི་?]དུས་ཚོད། །རོགས་ནང་གི་ཨ་མའི་སེམས་གསོ་མས། །ཁྱོད་སྟོང་ཕུ་ར་ལས་འབལཔ་ད། །སེམས་གསོ་འབད་མི་ཅིག་མིན་འདུག་ལོ། །
- ཉི་མ་རྡོ་རྗེ་Nima Dorji: ས་དམར་ཀྲེག་སྒང་གི་སྐེད་པ། །ཨམ་པད་མས་བཞེངས་མི་མཆོད་རྟེན་འདི། །ཕྱི་སྐུ་དཀར་མ་གསོལ་སེམས་མ་དགའ། །ནང་ནང་གཟུངས་མ་བཙུགས་བློ་མ་བདེ། །བློ་ཡིད་དང་ལྡན་པའི་མཆོད་རྟེན་འདི། །བསམ་ཡས་ཀྱི་བོང་ཀ་ཆོས་གྲགས་ལུ། །ནང་ནང་གཟུངས་ང་གིས་བཙུགས་གེ་ཟེར་སླབ་ནི་སྦེ་ཨིན།
- གཡང་ཀ་Yangka: གསོན་ཅིག་ཚོ་མ་སྒར་པ། །ཉོན་ཅིག་ཚོ་མ་སྒར་པ། །ཆུ་ང་རྒྱལ་ཅན་ཅིག་ང་རྒྱལ་ཅན། །ཆུ་ང་རྒྱལ་ཅན་ཅིག་རྒྱ་ལུ་ཐལ། །རྟ་རྒྱུག་ཆུ་མོའི་གཞུང་ལུ་རྐྱབ། །པད་སྐོར་རྒྱ་ནག་གཡུས་ལས་ལོག །པད་སྐོར་མ་ལོག་བཀའ་མིན་ནུག །བརྡར་རྡོ་འཁོར་བའི་ཤན་ཐག་་་་་་ སེམས་ལུ་འཁོར་བའི་ཤན་ཐག །བརྡར་རྡོ་སེམས་ཀྱི་ལྷག་མཇུག །ཆུ་རྒྱུག་སའི་རྐང་གུ་ལུས་ད་ནུག །ལོག་སྟེ་རྐང་གུ་ལོག་སྨ་རེད་ལོ། །
- ཉི་མ་རྡོ་རྗེ་Nima Dorji: ཆུ་མོ་དྭངས་ཆུ་བལ་ཆུ། །ཆུ་མོར་ཟམ་ལྕགས་མེད་མི་འདི། །ཆུམོ་རྐང་ཐག་ཐུང་པ་མེནམ་མས། །ལམ་མའི་གདང་ལམ་དུམ་ལམ། །ལ་མོར་ལབ་རྩ་མེད་མི་འདི། །ཚོངཔ་འགྱོ་འགྲུལ་མེད་པར་ལུསཔ་མས་མེན་ན། །
- གཡང་ཀ་Yangka: ཆུམ་ཕུད་ཏ་གང་མའི་རྫམ་ཅུང་། །རྦ་རླབས་དེ་རང་མ་འཁྲུག །ཝང་མཚོ་ཆེན་བརྒྱད་པོའི་ཟངས་ཆེན། །ས་དཀར་སྦི་ཕྱོགས་ལུ་ཡོད་ག །རི་ཁྲོད་བྲག་ལ་བཞུགས་པའི་སྒོམ་ཆེན། །སྐུ་ཡོན་གང་འདྲ་མི་ཤེས་པ། །[རྐང་དུང་བཙན་གྱི་མཐོ་མ་དྲག་ལོ། །?]
- ཉི་མ་རྡོ་རྗེ་Nima Dorji: ཤིང་བེམ་བེམ་འདུག་གོ་བྲག་བཙན་ཤིང་། །བེམ་བེམ་མིག་གིས་མཐོང་ཅི་ག །རྡོ་སྦོམ་པོ་འདུག་གོ་གནས་རྡོ་མས། །ཁྱོད་གནས་རྡོ་མཇལ་བར་བྱོན་ཡི་ག །ཁྱོད་གནས་རྡོ་མཇལ་བར་མ་བྱོན། །གནས་རྡོ་ར་ལས་ང་སྤོག་གེ་ཟེར་སླབ་ནི་སྦེ་ཨིན། །
- གཡང་ཀ་Yangka: གསོན་ཅིག་ཚོ་མ་སྒར་པ། །ཉོན་ཅིག་ཚོ་མ་སྒར་པ། །ཁྱོད་རྡོ་སྦོམ་པོ་ཡོད་ཚད་གནས་རྡོ་ཡ། །གནས་རྡོ་མེན་པ་ཀླུ་རྡོ་མས། །ཁྱོད་ཀླུ་རྡོ་ར་ལས་ང་སྤོག་གེ །ཤིང་སྦོམ་པོ་ཡོད་ཚད་ལྷ་ཤིང་ཡ། །ལྷ་ཤིང་མེན་པ་འདྲེ་ཤིང་མས། །ཁྱོད་འདྲེ་ཤིང་ར་ལས་ང་བརྡབ་གེ །ཁྱོད་སྟག་ཤར་ཡོད་ཚད་གེ་སར་ཡ། །གེ་སར་མེན་པར་ཚོ་མ་མས། །ཁྱོད་ཚོ་མ་བྱང་ལུ་ང་བདའ་གེ་ལོ། །
- ཉི་མ་རྡོ་རྗེ་Nima Dorji: ས་ཚོང་འདུས་ཚལ་གྱི་སིང་ཆང་འདི། །རོགས་མི་མཉམ་ཀུན་ཡང་འཐུང་པ། །རང་གཡུས་ཀྱི་ཚོ་མ་སྒར་པས། །ཆང་ཞིམ་པའི་དུས་སུ་འཐུང་དགོ་པས། །རོགས་སྟག་ཤར་ཡོད་པའི་བརྩེ་བཟའ་འདི། །སེམས་དགའ་མི་དགའ་དྲག་འབདན། །བརྩེ་བརྐུ་བརྩེ་འདི་རང་དགའཝ་ཨིནམ། །ཁྱོད་སྨན་ཆུང་བུམོ་གིས་མ་ཤེས་སྦོ། །
- གཡང་ཀ་Yangka: ནོརབུ་གསེར་གྱིས་བརྡུང་མི་ཀོ་མ་འདི། །བཏབན་རྡོ་རྗེ་བྲག་ཡང་ང་བཏབ་ཨིན། །བཟུངན་གསེར་མིག་ཉ་ཡང་ང་བཟུངམ་ཨིན། །བཏབན་རྡོ་རྗེ་བྲག་ཡང་ང་མི་བཏབ། །བཟུངན་གསེར་མིག་ཉ་ཡང་ང་མི་བཟུང་། །ཁྱོད་ཚོ་མ་སྒར་པའི་བྱང་ཁུག །ང་ཚར་གཅིག་བཏབ་གེ་ནོ། །
- ཉི་མ་རྡོ་རྗེ་Nima Dorji: དབང་འདུས་ཟམ་པའི་འོག་ལུ། །ཉ་རྡོ་དྲེགཔ་བཟའ་སྟེ་མ་ཆགསན། །ཉ་མ་ཤིཝ་ལས་ཡར་སྤང་ན་བཏོན་ཞིན་ན། །ང་མགུ་ཏོ་རྡོ་གུ་བཀལ་ཞིན་ན། །པེག་པེག་ཟེར་གླེབ་གེ་སྨེ། །
- གཡང་ཀ་Yangka: གཙང་མེ་ཟམ་པའི་འོག་ལུ། །ཉ་དང་སྦལཔ་སླ་བསྲེས་ཨིན། །འཕྲལ་དབང་ཁལ་ཉ་ལུ་བཙུགསན། །ཁྱོད་སྦལ་པ་ངོ་ལོག་མི་རྐྱབ་པ། །ཁྱོད་སྦལ་པ་ངོ་ལོག་རྐྱབན། །རྐྱབན་རྐྱབ་ནི་ཨིན་ཟེར་སླབ་ཟེརཝ་མས། །
- ཉི་མ་རྡོ་རྗེ་Nima Dorji: ཆུམོ་ཤར་ཤར་མིག་གིས་མཐོངན་མཐོང་། །དུང་དུང་རྣ་བར་གོན་གོ །མཛེས་མཛེས་མིག་གིས་བལྟན་བལྟ་ཏེ། །
- གཡང་ཀ་Yangka: ཆུམོ་ཤར་ཤར་ཡོད་ཚད་གངས་ཀྱི་ཆུ་་་་་་་་་་་ གསོན་ཅིག་སྟག་ཤར་གཞོན་པ། །ཉོན་ཅིག་སྟག་ཤར་གཞོན་པ། །བྱ་ལེགས་པའི་ཀ་ལ་པིང་ཀ་འདི། །རྒྱ་མཚོ་མས་ལས་ཆུ་ཅིག་འཐུང་། །བྲག་གི་སྐེད་པ་ངལ་ཅིག་འཚོ། །[རྒྱལ་སྲས་?]རྩ་བ་གསེར་ཁྲི་བཟུང་། །བསིལ་དྲོད་འདི་ནང་མ་སྡོད་པར། །[ཚེམ་པད་ཅག་?]ཡུལ་ལུ་ཆགས་སོང་པར། །བྱ་ཕུ་ཀྲེ་ཨིན་པ་ཆགས་མ་སྟེར། །
- གཡང་ཀ་Yangka: སྐེདཔ་རྒྱ་ནག་ཡུལ་ལུ་ཆགས་སོང་པ། །བྱ་ཕུ་ཀྲེ་ཨིན་པ་ཆགས་མ་སྟེར། །ས་ནི་ལས་ཕར་ཕར་ཕར་འཕུར་ཚེ། །རྩཝ་ར་གོ་མས་ལུ་ཆགས་སོང་པ། །ཁྱོད་མགུ་ནག་མི་གིས་ཆགས་མ་སྟེར་ལོ། །ཤིང་ཁྱོད་རའི་སེམས་ཁར་ག་མནོ་རུང་། །བྱ་ང་རའི་ཆགས་ས་དེ་ཅིག་ཨིན། །ཟེརཝ་མས། །
- ཉི་མ་རྡོ་རྗེ་Nima Dorji: དབང་འདུས་རྟ་ན་དཔལམོ་འདི། །ལམ་འགྱོ་སའི་ལམ་ཁར་སྡོདཔ་ལས། །ཆབ་ཆུ་གང་གང་དོ་དོ། །མ་འཐུང་མནོ་རུང་འཐུངམ་མས་ལོ། །ཁྱོད་ཚོངཔ་འགྱོ་འགྲུལ་མེད་པ་མེདཔ་མས། །ང་གཡུས་ཀྱི་ཚོ་མ་སྒརཔ་འདི། །རང་ཆབ་ཆུ་གང་གང་དོ་དོ། །མ་འཐུང་མནོ་རུང་མཐུངམ་མས་ལོ།། །།