Video Overview
The Tshangmo narration began with befriending tshangmo, where both of them consoled each other through the use of soft and pleasing words. One of the stanzas expressed that both the participants are from opposite sides of the lake but they desire to meet at the center of the lake to become good friends.
ཧེ་མ་འབད་བ་ཅིན་ རྩང་མོ་འཐེན་ནི་འདི་ ས་གནས་མང་ཤོས་ཅིག་ནང་ར་ ཡོངས་གྲགས་སྦེ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ དུས་ཀྱི་འགྱུར་བ་དང་བསྟུན་ མི་ཚུ་གིས་ འདི་བཟུམ་མའི་ལམ་སྲོལ་ལུ་ སྤྲོ་བ་མི་བསྐྱེད་དོ་ཡོདཔ་ཨིན། དེ་འབདཝ་ལས་ ལམ་སྲོལ་འདི་ མེདཔ་འགྱོ་ནིའི་ ཉེན་ཁ་ཡོདཔ་ཨིན། ད་ལྟོ་གི་ རྩང་མོ་འདི་ གཞལམ་སྒང་རྫོང་ཁག་ནང་ལུ་ ལྷ་མོ་དང་ ཕུར་པ་ལྷ་མོ་གི་བར་ན་ འཐེན་འཐེནམ་ཨིན། ཁོང་གཉིས་ཀྱི་ དཔེ་ལུ་གཞི་བཞག་ཞིནམ་ལས་ སྙན་གླུ་འཐེན་ཏེ་ གཅིག་གི་གཅིག་ལུ་ ཚིག་ཧན་ཏོང་ཏོ་དང་ སེམས་དགའ་བའི་ཚིག་ཚུ་སླབ་ཏེ་ འཆམས་སོང་ཡི། རྩང་མོའི་དོན་མཚམས་གཅིག་ནང་ལུ་ དོ་འགྲན་པ་ ཁོ་རང་གཉིས་འདི་ རྒྱ་མཚོ་གི་ ཕར་དང་ཚུར་ཡོདཔ་ལས་ སྔོན་གྱི་ལས་འཕྲོ་ཡོད་པ་ཅིན་ རྒྱ་མཚོའི་སྦུག་ལུ་འཛོམས་གེ་ཟེར་བའི་ཚིག་ཚུ་ཡང་ཡོདཔ་ཨིན།
- ཕུར་པ་ལྷ་མོ་ Phurpa Lhamoརྩང་མོ་རྩང་ལས་ཡོང་ཡོང་། །རྩང་མོའི་མོ་ཅིག་ཞུ་གེ །རང་སེམས་བདེན་ག་མི་བདེན། །མོ་རྩིས་བཏབ་ན་(ནས་)ཞུ་གེ །
- ལྷ་མོ་ Lhamoད་ང་གིས་ཡ?
- ལྷ་མོ་ Lhamoགངས་ལས་བབས་པའི་ཆུ་མོ། །ཆུ་མོ་ཤར་ཤར་མ་འགྲོ། །འབབ་ས་ཟམ་པའི་འོག་ལས། །རྒྱ་མཚོའི་སྦུག་ལུ་འཛོམས་གེ །
- ཕུར་པ་ལྷ་མོ་ Phurpa Lhamoརྣམ་འགྱུར་འབུམ་གྱིས་མཛེས་པའི། །དཔལ་ལྡན་ཟམ་པའི་གཙང་མོ(ཚངས་པའི་སྲས་མོ)། །[ཚྭ་གི་འདྲ་མཉམ་སྤྲོད་ནས།?] །གླུ་གི་དངོས་གྲུབ་ཞུ་གེ །
- ལྷ་མོ་ Lhamoབརྗེད་སོང་ནུག་སྨེ་ང་གིས་འདི་ ཧེ་ཧེ་ཧི།
- ལྷ་མོ་ Lhamoསྤང་གི་གསེར་ཤོག་མེ་ཏོག །གངས་ཀྱི་ཨེ་ཏོག་མེ་ཏོག །མེ་ཏོག་བརྒྱ་ཤར་སྟོང་ཤར། །མཆོད་བཤམ་ཁྲ་མོ་འཛོམས་གེ །
- ཕུར་པ་ལྷ་མོ་ Phurpa Lhamoཁྱོད་སེམས་ང་ལུ་དགའཝ་མས། །ང་སེམས་ཁྱོད་ལུ་དགའཝ་མས། །གཅིག་གིས་གཅིག་ལུ་དགའཝ་མས། །ཚེ་སྔོན་ལས་འཕྲོ་ཨིན་པས། །
- ལྷ་མོ་ Lhamoཤར་ལས་སྐར་མ་གཅིག་ཤར། །ནུབ་ལས་སྐར་མ་གཉིས་ཤར། །སྐར་མ་བརྒྱ་ཤར་སྟོང་ཤར། །གནམ་ཁའི་སྦུག་ལུ་འཛོམས་གེ །
- ཕུར་པ་ལྷ་མོ་ Phurpa Lhamoཁྱོད་ནི་སྨན་ཅུང་བུ་མོ། །ང་ཡང་སྨན་ཅུང་བུ་མོ། །ལས་དང་སྨོན་ལམ་ཡོད་ན། །ཁང་བཟང་གཅིག་ལ་འཛོམས་གེ །
- ལྷ་མོ་ Lhamoཁྱོད་ནི་རྒྱ་མཚོའི་ཕར་ཁ། །ང་ནི་རྒྱ་མཚོའི་ཚུར་ཁ། །ལས་དང་སྨོན་ལམ་ཡོད་ན། །རྒྱ་མཚོའི་སྦུག་ལ་འཛོམས་གེ །
- ཕུར་པ་ལྷ་མོ་ Phurpa Lhamoཁྱོད་ནི་གསེར་གྱི་མཛུབ་དཀྱི། །ང་ནི་དངུལ་གྱི་མཛུབ་དཀྱི། །ལས་དང་སྨོན་ལམ་ཡོད་ན། །ལག་པ་གཅིག་ལ་འཛོམས་གེ །
- ལྷ་མོ་ Lhamoཁྱོན་ནི་སྨན་ཆུང་བུ་མོ། །ང་ཡང་སྨན་ཆུང་བུ་མོ། །ལས་དང་སྨོན་ལམ་ཡོད་ན། །ལྷ་ཁང་གཅིག་ལ་འཛོམས་གེ །
- ཕུར་པ་ལྷ་མོ་ Phurpa Lhamoདཀར་ཏ་ཟླ་བ་དཀར་ཏ། །རྟེན་འབྲེལ་ཉི་མ་ཆེ་སོང་། །ཟླ་བ་དགོངས་པ་མ་ཁྲེལ། །ཉི་མའི་ཞབས་བརྟན་(ཞབས་ཏོག་)ཞུ་གེ །
- ལྷ་མོ་ Lhamoཁ་བ་གངས་ལས་འབབ་ཚེ། །རྐྱང་རྐྱང་ཆུ་མོས་མ་བཞག །ཁ་ཡ་་་་་་ ཁ་བ་བུ་ཡུག་འབབ་ན། །ང་ཡང་འཁྱམས་ས་མིན་འདུག །
- ཕུར་པ་ལྷ་མོ་ Phurpa Lhamoཆུ་མོ་དུང་དུང་ཆུ་མོ། །ཨ་ཞེ་འགྲོ་བའི་ཆུ་མོ། །ཆུ་མོ་རྐྱང་རྐྱང་ཆུ་མོ། །བུ་མོ་ང་རའི་ཆུ་མོ། །
- ལྷ་མོ་དང་ཕུར་པ་ལྷ་མོ་ Lhamo & Phurpa Lhamoཤར་ནས་སྐར་མ་གཅིག་ཤར། །ནུབ་ནས་སྐར་མ་གཉིས་ཤར། །སྐར་མ་བརྒྱ་ཤར་སྟོང་ཤར། །གནམ་ཁའི་སྦུག་ལུ་ཤར་ཡོད།
- ལྷ་མོ་ Lhamoག་དེ་སྦེ་སྨོ?།། །།