Skip to main content Skip to search
28 Jun 2018
2 min 51 sec
Video Overview
Creators: 
Penchela

Tsangmo narration was common in most parts of Bhutan in the past, but interest over time has waned, putting this cultural practice at risk of disappearance. The Tshangmo narration is this video took place between Lhamo and Phurpa Lhamo from Zhemgang Dzongkhag. The narration began with antagonizing tshangmo, where both of them attack each other with harsh words. In one stanza of the tsangmo poem, one participant stated that the frog which stays under the stone should keep silent, and if not the she will take away the life of the frog. In the end, both participants sang befriending tshangmo using friendly words. 

ཧེ་མ་འབད་བ་ཅིན་ རྩང་མོ་འཐེན་ནི་འདི་ ས་གནས་མང་ཤོས་ཅིག་ནང་ར་ ཡོངས་གྲགས་སྦེ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ དུས་ཀྱི་འགྱུར་བ་དང་བསྟུན་ མི་ཚུ་གིས་ འདི་བཟུམ་མའི་ལམ་སྲོལ་ལུ་ སྤྲོ་བ་མི་བསྐྱེད་དོ་ཡོདཔ་ཨིན། དེ་འབདཝ་ལས་ ལམ་སྲོལ་འདི་ མེདཔ་འགྱོ་ནིའི་ ཉེན་ཁ་ཡོདཔ་ཨིན། ད་ལྟོ་གི་ རྩང་མོ་འདི་ གཞལམ་སྒང་རྫོང་ཁག་ནང་ལུ་ ལྷ་མོ་དང་ ཕུར་པ་ལྷ་མོ་གི་བར་ན་ འཐེན་འཐེནམ་ཨིན། འགོ་དང་པ་ལུ་ ཁོང་གཉིས་ཀྱི་ དགྲ་གླུ་འཐེན་ཏེ་ གཅིག་གི་གཅིག་ལུ་ ཚིག་ངན་དང་ ཚིག་རྩུབ་ཙང་ཙ་རང་སླབ་ཅི། ཨིན་རུང་ མཇུག་ལུ་ལྷོདཔ་ད་ གཅིག་གི་གཅིག་ལུ་ སྙན་གླུ་འཐེན་ཏེ་ ཚིག་ཧན་ཏོང་ཏོ་གི་སླབ་སྟེ་ འཆམས་སོང་ཡི། རྩང་མོའི་དོན་མཚམས་གཅིག་དང་འཁྲིལ་བ་ཅིན་ རྩང་མོ་འཐེན་མི་གི་ མོ་རའི་བྱང་ཕྱད་ལུ་ དཔེ་གི་ཐོག་ལས་ ཉེན་བརྡ་འབད་ཡི། དེ་ཡང་ རྡོའི་འོག་ལུ་ ཡོད་པའི་སྦལཔ་འདི་ སྦལ་སྐད་དེ་རང་མ་རྐྱབ་ཟེར་སླབ་ཅི། གལ་སྲིད་སྦལ་སྐད་དེ་རང་ རྐྱབ་པ་ཅིན་ སྦལཔ་གིས་ ཚེ་སྲོག་ལུ་བར་ཆད་རྐྱབ་ནི་ཟེར་བའི་ཚིག་གི་ཐོག་ལས་ ཉེན་བརྡ་འབད་ཡི། 

Transcript search
No results found for this search
0 of 0
  • ལྷ་མོ་ Lhamo
    རྡོ་ལེབ་ནང་གི་སྦལ་པ། །ང་ལུ་ཀྲོག་ཀྲོག་མ་བྱེད། །ང་ལུ་ཀྲོག་ཀྲོག་བྱེད་ན། །རིན་ཆེན་སྲོག་དང་བྲལ་སོང(འབྲལ་འོང་)། །
  • ཕུར་པ་ལྷ་མོ་ Phurpa Lhamo
    ལ་ཕུག་འདབ་མ་ལེགས་རུང་། །རྩ་བ་ཆེ་ཆུང་མི་ཤེས། །སྨན་ཆུང་ཞལ་ངོ་ལེགས་རུང་། །ཐུགས་སེམས་བཟང་ངན་མ་ཤེས། །
  • ལྷ་མོ་ Lhamo
    ཁྱོད་ནི་་་ ཁྱོད་ནི་པ་ཅ་ལི་གོང་ཅ་ལི། །ང་ནི་རྒྱ་ལིང་ཕུར་དུམ་པ། །པ་ཅ་ལི་གོང་ཅ་ལི་འོན་ཤང་། །ང་ནི་སེམས་ཡང་མི་ཤོར། ། ཁྱོད་འདི་ངང་ལག་ཤིང་ཨིན། །ང་འདི་མེ་གིས་འཚིགས་པའི་ཤིང་དུམ། །ངང་ལག་ཤིང་ཨིན་ཏེ་འབད་རུང་། །ང་འདི་སེམས་ཡང་མི་ཤོར། །
  • ཕུར་པ་ལྷ་མོ་ Phurpa Lhamo
    རྒྱ་ལམ་གཞུང་གི་མཆོད་རྟེན། །བསྐོར་བ་[ཕར་དང་ཚུར་རྟེན།?] །ནང་གཟུངས་མེད་པའི་མཆོད་རྟེན། །ང་ནི་བསྐོར་བ་མི་རྐྱབ། །
  • ལྷ་མོ་ Lhamo
    སྦ་སྒོར་ནང་གི་རོ་ཁྱི། །ང་ལུ་ཧའུ་ཧའུ་མ་བྱེད། །ང་ལུ་ཧའུ་ཧའུ་བྱེད་ན། །རིན་ཆེན་སྲོག་དང་བྲལ་སོང་(འབྲལ་འོང་)། །
  • ཕུར་པ་ལྷ་མོ་ Phurpa Lhamo
    རྒྱ་མཚོའི་གཏིང་ལས་ཐོན་པའི། །ནོར་བུ་དུང་དཀར་གཡས་འཁྱིལ། །སྐུ་གཟུགས་མིག་གིས་མ་མཐོང་། །འུར་སྒྲ་རྣ་བས་གོ་སོང་། །
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཡོད་ག?
  • ལྷ་མོ་ Lhamo
    མེད་ལགས། ཧེ་ཧེ་་་་་་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    མེད་པ་ཅིན་ ད་འཆམ་ནི་གི་ ལོག་སྟེ་ར་འཆམ་ད།
  • རྡོ་རྗེ་ཉི་མ་དང་ ཡེ་ཤེས་དབང་ཕྱུག་ Dorji Nima & Yeshi Wangchuk
    ཧེ་ཧེ་ཧེ་་་་་ ཧི།
  • ཕུར་པ་ལྷ་མོ་དང་ལྷ་མོ་ Phurpa Lhamo & Lhamo
    ཁྱོད་སེམས་ང་ལུ་དགའཝ་མས། །ང་སེམས་ཁྱོད་ལུ་དགའཝ་མས། །གཅིག་གིས་གཅིག་ལུ་དགའཝ་མས། །ཚེ་སྔོན་ལས་འཕྲོ་ཨིནམ་པས། །གཅིག་གིས་གཅིག་ལུ་དགའཝ་མས། །ཚེ་སྔོན་ལས་འཕྲོ་ཨིནམ་པས།། །།