Skip to main content Skip to search
07 Feb 2017
4 min 38 sec
Video Overview
Creators: 
Sherig Dentshog

བོད་སྒྲའི་གླུ་གཞས་དགོན་བཟང་མི་ཆགས་ཟེར་མི་འདི་ པདྨ་དགའ་ཚལ་རྫོང་ཁག་ ཤ་ལི་གཡུས་ཚན་ལས་ ཚེ་རིང་བཟང་མོ་གིས་འཐེནམ་ཨིནམ་ད་ གླུ་གཞས་འདི་གིས་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ བཞེངས་གནང་མི་ ཡོངས་གྲགས་ཅན་གྱི་རྫོང་གི་སྐོར་ལས་ བཤད་པ་རྐྱབ་ཨིན་པས། དང་པ་ར་ ཞབས་དྲུང་ཁོ་རའི་གདན་ས་ རྟ་ལོག་དགོན་པ་དང་ རྗེ་མཁན་རིམ་བྱོན་གྱི་བཞུགས་གནས་ སྤུན་ཐང་བདེ་བ་ཆེན་མོའི་ཕོ་བྲང་དང་ མི་དབང་མངའ་བདག་རིན་པོ་ཆེའི་མཆོག་གི་བཞུགས་གནས་ བཀྲིས་ཆོས་རྫོང་ཚུ་ཨིན་པས། རྫོང་ཆེན་འདི་ཚུ་ ཞབས་དྲུང་ངག་དབང་རྣམ་མཆོག་གིས་ བཞེངས་གནང་གནངམ་གྱིས་ བྱིན་རླབས་ཅན་གྱི་བཟོ་བཀོད་ གནམ་མེད་ས་མེད་ཀྱི་ རྩ་ཆེ་ཏོག་ཏོ་ཨིནམ་སྦེ་ ཆ་བཞགཔ་ཨིན་པས། 

Transcript search
No results found for this search
0 of 0
  • ཚེ་རིང་བཟང་མོ་ Tshering Zangmo
    དགོན་བཟང་མི་ཆགས་དགོན་བཟང་ཆགས་པ་ལ་གི་ཡོ་ཡོ། །དགོན་བཟང་རྟ་ལོག་དགོན་པ་ཆགས་པ་ལ་གི་ཡོ་ཡོ། །དགོན་བཟང་རྟ་ལོག་དགོན་པ་ཆགས་པ་ལ་གི་ཡོ་ཡོ། །
    There is a perfect monastery established. At Talo, there is a perfect monastery established. At Talo, there is a perfect monastery established.
  • ཚེ་རིང་བཟང་མོ་ Tshering Zangmo
    བླ་མ་མི་བཞུགས་བླ་མ་བཞུགས་པ་ལ་གི་ཡོ་ཡོ། །བླ་མ་ངག་དབང་རྣམ་རྒྱལ་ཡུག་(བཞུགས་)པ་ལ་གི་ཡོ་ཡོ། །བླ་མ་ངག་དབང་རྣམ་རྒྱལ་ཡུག་(བཞུགས་)པ་ལ་གི་ཡོ་ཡོ། །
    Its a habitat for a pure sentient lamas. Its a place where lama zhabdrung Ngawang Namgyel lived. Its a place where lama zhabdrung Ngawang Namgyel lived.
  • ཚེ་རིང་བཟང་མོ་ Tshering Zangmo
    གདན་ས་མི་ཆགས་གདན་ས་ཆགས་པ་ལ་གི་ཡོ་ཡོ། །གདན་ས་སྤུངས་ཐང་བདེ་ཆེན་ཆགས་པ་ལ་གི་ཡོ་ཡོ། །གདན་ས་སྤུངས་ཐང་བདེ་ཆེན་ཆགས་པ་ལ་གི་ཡོ་ཡོ། །
    There is a place of residence established. A place of Punthang Dechen is established. A place of Punthang Dechen is established.
  • ཚེ་རིང་བཟང་མོ་ Tshering Zangmo
    བླ་མ་མི་བཞུགས་བླ་མ་བཞུགས་པ་ལ་གི་ཡོ་ཡོ། །བླ་མ་སྐྱབས་རྗེ་མཁན་པོ་(ཡུག་)བཞུགས་པ་ལ་གི་ཡོ་ཡོ། །བླ་མ་སྐྱབས་རྗེ་མཁན་པོ་(ཡུག་)བཞུགས་པ་ལ་གི་ཡོ་ཡོ། །
    There lived a lama. There lived a lama khenpo. There lived a lama khenpo.
  • ཚེ་རིང་བཟང་མོ་ Tshering Zangmo
    རྫོང་ཆེན་མི་ཆགས་རྫོང་ཆེན་ཆགས་པ་ལ་གི་ཡོ་ཡོ། །རྫོང་ཆེན་བཀྲ་ཤིས་ཆོས་རྫོང་ཆགས་པ་ལ་གི་ཡོ་ཡོ། །རྫོང་ཆེན་བཀྲ་ཤིས་ཆོས་རྫོང་ཆགས་པ་ལ་གི་ཡོ་ཡོ། །
    There is a place of Dzongchen, established. There Dzongcen Tashichoedzong is established. There Dzongcen Tashichoedzong is established.
  • ཚེ་རིང་བཟང་མོ་ Tshering Zangmo
    དབང་ཆེན་མི་བཞུགས་དབང་ཆེན་བཞུགས་པ་ལ་གི་ཡོ་ཡོ། །དབང་ཆེན་མི་དབང་རྒྱལ་པོ་(ཡུག་)བཞུགས་པ་ལ་གི་ཡོ་ཡོ། །དབང་ཆེན་མི་དབང་རྒྱལ་པོ་(ཡུག་)བཞུགས་པ་ལ་གི་ཡོ་ཡོ། །
    There lived a wangchen(Indra). There lived a lord of mankind. There lived a lord of mankind.
  • ཚེ་རིང་བཟང་མོ་ Tshering Zangmo
    ལགས་སོ་ལགས་ཨ་ཅོ། ཧ་་་་་་་།། །།
    Thank you!