Video Overview
འདི་ནི་མ་མོ་ལྷ་སར་འགྲོ་བའི་ལམ་ནས་སྤྱང་ཀི་ཞིག་ལ་ཐུག་ནས་ཕྱིར་ལམ་བཟའ་རྒྱུ་བྱས་ཡོད་པར་རི་བོང་ཞིག་ལ་ཐུག་ནས་བསྐྱབས་པའི་གཏམ་རྒྱུད་ཅིག་ཡིན།
གཏམ་རྒྱུད་འདིའི་ནང་དུ་སྔོན་ཕོ་རོག་ཞིག་ལ་རྟ་རྒན་ཞིག་ཡོད་པ་དང་བྱིའུ་ཞིག་ལ་མ་མོ་ཞིག་ཡོད་པར་ཕོ་རོག་གི་རྟ་རྒན་ཤི་བ་ན་བྱིའུས་ཤ་བསླངས་ཀྱང་མ་བྱིན། བྱིའུའི་མ་མོ་བཙས་རྗེས་སྤྲི་དཀར་ཕོ་རོག་གིས་བརྐུས་ནས་འཐུང་བས་ཕོ་རོག་གི་ལྟོ་བ་འགྲང་དྲག་ནས་ཤི བྱིའུས་དེ་མཐོང་ནས་བགད་དེ་ཤི བྱིའུའི་མ་མོས་བྱིའུའི་རུས་ཐལ་ཁྱེར་ནས་ལྷ་སར་སོང་བར་ལམ་ནས་སྤྱང་ཀི་ཞིག་ལ་འཕྲད་པ་ན། སྤྱང་ཀིས་ཕྱིར་འོང་ཁར་བཟའ་རྒྱུ་བྱས། ཕྱིར་འོང་དུས་རི་བོང་ཞིག་ལ་ཐུག་ཅིང་། དེ་རྔོན་པ་ཞིག་ལ་བརྫུས་ནས་མ་མོ་སྤྱང་ཀིའི་ལག་ནས་བསྐྱབས།
这是一则关于一只母羊在去拉萨的路上遇到一只狼,狼决定在母羊回来的时候吃它,在回来的路上母羊遇见了一只兔子,兔子想办法解救母羊的故事。
这则故事主要讲述了从前一只乌鸦拥有一匹老马,而一只鸟拥有一只母羊。那匹老马死后,鸟儿向乌鸦讨要马肉吃但被拒绝了。后来,那只鸟儿的母羊下羊崽,乌鸦却跑来偷喝产后蛋白,因吃得太饱而胀死了。鸟儿见此情景大笑而死。于是,母羊带着鸟儿的骨灰去了拉萨。半途中,母羊遇见了一只狼,狼决定在母羊回来时吃掉她。在回来的路上母羊遇见了一只兔子,兔子想办法假装成猎人将母羊从狼爪下解救出来。
The story of two birds who own animals, but die due to selfishness. The one bird's ewe then takes the ashes to Lhasa and defeats a wolf.
- ཚེ་མཚོ།གནའ་ཞིག་ལ།
- ཕོ་རོག་ཞིག་ལ་རྟ་རྒན་ཞིག་ཡོད།
- བྱེའུ་ཞིག་ལ་མ་མོ་ཞིག་ཡོད།
- གཉིས་ཀ་རི་སྐོར་ཡིན་པ་རེད།
- དེ་ནས་ཕོ་རོག་རྟ་རྒན་ཤ་བཙོང་མཁན་རེད།
- བྱེའུ་ཡིས་ཕོ་རོག་ལ།
- ཁྱོད་ཀྱིས་མོ་ལ་ཤ་སྐམ་ཞིག་བྱིན་དང་།
- མོའི་མ་མོས་སྐྱེས་དུས་ཁྱོད་ལ་སྟེར་ཟེར།
- དེ་ནས་ཕོ་རོག་གིས་བྱེའུ་ལ་ཤ་མ་བྱིན་པ་རེད།
- དེ་ནས་བྱེའུ་ཡི་མ་མོས་སྐྱེས་པ་རེད།
- ཕོ་རོག་གིས་བྱེའུ་མ་མོས་སྐྱེས་པ་ཤེས་ནས།
- རྒྱུགས་ནས་སོང་སྟེ་སྤྲི་ཚང་མ་འཐུང་བ་རེད།
- སྤྲི་ཚང་མ་འཐུང་ནས་ཕོ་རོག་གས་ནས་ཤི་སོང་།
- བྱེའུ་ཡོང་ནས།
- ཕོ་རོག་གས་ནས་ཤི་ཡོད་པ་བལྟས་ནས་བགད།
- བགད་ནས་རྒྱུ་མ་མདུད་ནས་ཤི་སོང་།
- དེ་ནས་བྱེའུ་མ་མོ་ཡིས།
- བྱེའུ་ཡི་རུས་པ་ལྷ་སར་ཁྱེར་རྒྱུ་ཟེར་ནས།
- བྱེའུ་རུས་པ་ལྷ་ས་ཁྱེར་ནས་སོང་སྟེ།
- ལམ་ནས་སྤྱང་ཀི་ཞིག་ལ་ཐུག
- སྤྱང་ཀི་ཡིས་མ་མོར་ངས་ཁྱོད་ཟ་རྒྱུ་ཟེར།
- ཁྱོད་ཀྱིས་མོ་དེ་ལྟར་མ་ཟ།
- མོས་བྱེའུ་ཡིརུས་པ་།
- མོའི་ཨ་མའི་རུས་པ་ཡར་ལྷ་སར་ཁྱེར་རྒྱུ་ཡིན།
- ལྷ་ས་ཁྱེར་ནས་ཕྱིར་ཡོང་ན་ཁྱོད་ཀྱིས་ཟོ་ཟེར།
- དེ་ནས་བྱེའུ་ཡི་རུས་པ་ལྷ་སར་བསྐྱལ་ནས།
- ཕྱིར་ཡོང་དུས་སྤྱང་ཀི་ལམ་ན་ཡོད།
- ངས་ཁྱོད་ཟ་རྒྱུ་ཟེར།
- ཁྱོད་ཀྱིས་མོ་དེ་ལྟར་མ་ཟ།
- ངས་རྒྱལ་བོ་ཚང་གི་བཀའ་ཡིག་བཏོན་རྗེས་ཁྱོད་ཀྱིས་ང་ཟོ་ཟེར།
- མོ་ཡིས་ཇ་ཤོག་མར་ན་ཡོད་པ་དེ་ཁྱེར་ནས།
- ཁྱེར་ནས་སོང་སྟེ་ཇ་ཤོག་མགོར་བཞག་ནས།
- མོ་ཡིས་རྭ་འགའ་ཞིག་བཏུས་ནས།
- ཁ་ནས་འགའ་ཞིག་བཞག་སྟེ།
- མར་ལ་སོང་ནས་སྤྱང་ཀི་ལ།
- ངའི་རྒྱལ་བོའི་བཀའ་ཡིག་བཏོན་རྗེས་ཁྱོད་ཀྱིས་མོ་ཟོ་ཟེར།
- བཀའ་ཡིག་འདོད་ཁུལ་བྱས་ནས།
- མོ་ཡིས་ཀུ་རེ་ཡིས་དམག་མང་པོ་ཐོན་ཐལ།
- རྭ་ཚང་མ་སྤྱང་ཀི་བསྟན་ནས་དམག་མང་པོ་ཐོན་ཐལ་ཟེར་ནས།
- སྤྱང་ཀི་འདི་ཐོ་ལ་འདྲོག་པ་རེད།
- སྤྱང་ཀིས་ཡར་ལ་བལྟས་ནས།
- རྭ་ཅོ་མང་པོ་མཐོང་སོང་བས།
- བྱེའུ་ཡི་རུས་པ་ལྷ་སར་ཁྱེར་བའི་མ་མོ་དེ།
- ཟ་མ་ཐུབ་པར་ཁོ་ལྡོམ་སོང་།