Skip to main content Skip to search
09 Dec 2014
7 min
Rating
0
No votes yet
Video Overview
Creators: 
Yeshi Wangchuk

གཞལམ་སྒང་ལུ་ ཁེངས་ཟེར་སླབད་དགོ་པའི་རྒྱུ་མཚན་ ཕུན་ཚོགས་དོན་གྲུབ་ཀྱིས་བཤད་མི་དེ་ཡང་ མ་རྨོས་པའི་ལོ་ཏོག་ཟེར་ ནགས་ཚལ་ནང་ལས་ ཁོ་ར་གིས་བསྡུ་ལེན་འབད་དེ་ ཤིང་འབྲས་ཀྱི་རིགས་ཚུ་ རེ་རེ་བཞིན་དུ་གསལ་སྟོན་འབད་དེ་ གསལ་བཤད་འབདཝ་ཨིན་པས། ནགས་ཚལ་ནང་ན་རང་བཞིན་གྱིས་སྐྱེས་ཏེ་ཡོད་པའི་ ཤིང་འབྲས་ལྷམ་པ་མ་འདྲཝ་ལེ་ཤ་གིས་གང་ཏེ་ཡོད་ནི་དེ་གིས་ ཁེངས་ཟེར་སླབ་ཨིན་ཟེར་ ཁེངས་ཀྱི་འགྲེལ་བཤད་རྐྱབ་ཨིན་པས། ཁེངས་ཀྱི་ངེས་ཚིག་ དེ་སྦེ་བཞག་མི་དེ་ཡང་ སེམས་རྟོགས་ཁའི་དབུ་འཛིན་དང་པ་ བླམ་རྒྱལ་དབང་ཉི་མ་གིས་ འགྲེལ་བཤད་རྐྱབ་གནང་དོ་བཟུམ་ཨིན་པས།

 

Show More

  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    ལགས་སོ། ད་ང་གིས་ ང་བཅས་ར་ ཁེངས་ཀྱི་ན་ལས་ ཟས་བཅུད་དང་ལྡན་པའི་གི་ རྫས་ཀྱི་རིགས་འདི་ཚུ་ ཞུ་ནི་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    ཁེ་ང་ས་ ཁེངས་ཟེར་མིའི་སྐོར་ལས་ཏེ་ ང་བཅས་ ཁེངས་ན་ལུ་ ག་ཅི་དང་ ག་ཅི་ཡོད་ག་ ཟས་བཅུད་དང་ལྡན་པའི་གི་ ཏེ་ ང་བཅས་ར་ མ་མིན་པའི་ ལོ་ཐོག་འདི་ཚུ་གི་སྐོར་ལས་ རེ་རེ་བཞིན་དུ་སྦེ་ ཨ་ནཱ་ཡོད་མི་འདི་ ལྷམ་པ་ བཅོ་བརྒྱད་དེ་ཅིག་འདུག་ལགས། རེ་རེ་སྦེ་ ངོ་སྤྲོད་བཏོན་ཏེ་གི་སྦེ་ ང་གིས་ཞུ་ནི་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    ལགས་སོ། ད་ང་བཅས་ཀྱི་ ནཱ་ རེ་རེ་བཞིན་དུ་ ཞུ་བ་ཅིན། ང་བཅས་ དང་པ་རང་ རྡོག་མ་ པ་ནེ་ཟེར་ སླབ་སྦེ་ ང་བཅས་ ནཱ་ལས་ཐོན་པའི་གི་ མ་སྨིན་པའི་ ལོ་ཐོག་ནང་ལས་ རྡོག་མ་ཟེར་མི་གི་ཚབ་འདི་ རུ་ཤིང་ཟེར་མི་འདི་ཨིན་པས་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    དེ་ལས་ པ་ནེ་ཡང་ ང་བཅས་ ནཱ་ལས་ཐོན་ཁུངས་ཡོད་ལགས། པ་ནེ་ཟེར་མི་འདི་ ཨ་ནཱི་ཨིན་པས་ཟེར་ ཞུ་ནི་སྦེ་ཨིན་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    ཏེ་འ་ནཱི་ ནཱ་ལུ་ སྤ་ཆག་ཟེར་མི་འདི་ ང་བཅས་ ཚོདམ་སྐོལཝ་ད་ལུ་ཏེ་ ཡོངས་གྲགས་ ང་བཅས་ འབྲུག་རྒྱལ་ཁབ་ནང་ལུ་ གནམ་མེད་ས་མེད་ གནམ་མེད་ས་མེད་ ནཱ་ སྐད་གྲགས་ཡོད་མི་གི་མིང་ སྤ་ཆག་འདམ་རུ་ཟེར་མི་འདི་ དེ་ཡང་ རིན་སྤྲོད་མ་དགོ་པར་ ང་བཅས་ ཁེངས་རིགས་རྣམ་གསུམ་ནང་ལུ་ གང་སྟེ་སྦེ་ སྤ་ཆག་ཟེར་མི་འདི་ འ་ནཱི་ཨིན་པས་ཟེར་ ཞུ་ནཱི་སྦེ་ཨིན་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    ཏེ་ འ་ནཱི་དང་གཅིག་ཁར་ ཚོདམ་སྐོལ་མི་འདི་ ག་ཅི་སྨོ་ སྤ་ཆག་དམ་རུ་ཟེར་ དེ་ཡང་ ང་བཅས་ རིན་སྤྲོད་མ་དགོས་པར་ ཚལ་མ་ནང་ལུ་ གང་སྟེ་གི་ཏེ་ དམ་རུ་ཟེར་མི་འདི་ འ་ནཱི་ཨིན་པས་ཟེར་ ཞུ་ནི་སྦེ་ཨིན་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    འ་ནཱི་གསུམ་ སླ་བསྲེས་ཏེ་གིས་སྦེ་ ད་ཚོདམ་སྐོལ་བ་ཅིན་ཏེ་ ཏེ་ འ་ནཱི་ལུ་ པུ་ཅ་ལི་ཟེར་མི་འདི་ ང་བཅས་ ཁེངས་ཀྱི་ ཁ་སྐད་ནང་ལུ་འབད་བ་ཅིན་ པུ་ཅ་ལི་ཟེར་མི་འདི་ ནཱེ་ཨིན་པས་ཟེར་ ཞུ་ནི་སྦེ་ཨིན་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    ཏེ་ཨ་ནཱ་ལས་ དེ་མ་ཚད་ པ་ཨེ་ན་མའི་ཟེར་མི་འདི་ ཏེ་ནང་ན་ལས་ ཞིམ་ཏོང་ཏོ་ ཨ་ནཱི་བརྐོ་སྟེ་ བཟའ་བ་ཅིན་ཏེ་ ཨེ་ན་མའི་ཟེར་མི་འདི་ དེ་ཡང་ ཟས་བཅུད་དང་ལྡན་པའི་གི་ ཟས་འདི་ ཨེ་ན་མའི་ཟེར་མི་འདི་ ནཱེ་ཨིན་པས་ཟེར་ ཞུ་ནི་སྦེ་ཨིན་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    དེ་ལས་ སྟར་གོ་ཟེར་མི་འདི་ ང་བཅས་ ནཱ་རི་ཁར་ལུ་ གང་སྟེ་གིས་སྦེ་ རིན་ཤི་ཀི་ལེབ་ཅིག་ཡང་ སྤྲོད་མ་དགོ་པར་ སྟར་གོ་ཟེར་མི་འདི་ ཨ་ནཱི་སྦེ་ ཨིན་པས་ཟེར་ ཞུ་ནི་སྦེ་ཨིན་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    དེ་ལས་ ང་བཅས་ར་ ནཱ་ བཞུགས་གྲལ་ཕུན་སུམ་ཚོགསཔ་ནང་ལུ་ ཏེ་ བཞུགས་གྲལ་བཏང་མི་འདི་ ཏེ་ རྫོང་ཁ་ནང་ལས་འབད་བ་ཅིན་ ཨམ་ལ་ཟེར་ཡང་ སླབ་མས། ཏེ་ ང་བཅས་ ཁ་སྐད་ནང་འབད་བ་ཅིན་ ཀུད་ཟེར་མི་འདི་ འ་ནཱི་ཀུད་འདི་ཏེ་ ང་བཅས་ རིན་སྤྲོད་མ་དགོ་པར་ ང་བཅས་ གཡུས་ཁར་ལུ་ཡོད་ཟེར་ ཞུ་ནི་སྦེ་ཨིན་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    འ་ནཱི་འདི་ ང་བཅས་ནཱ་ དོམ་མར་ཟེར་ ཤིང་འདི་ནང་ལས་ མར་བཙིར་ཞིནམ་ན་ལས་ མར་འདི་ ཞིམ་ཏོག་ཏོ་སྦེ་ཡོད་མི་འདི་ དོམ་གྱི་མར་གྱི་ ཤིང་ཨིན་ཟེར འདི་དེ་ ད་ལྟོ་ནཱ་ ཁོ་གི་འབྲས་བུ་འདི་མིན་འདུག ཟླཝ་ ༨ པའི་ནང་ལུ་ བཏོག་ཚར་ཞིནམ་ན་ལས་བརྟེན་ཏེ་ ཁོ་གི་ ཏེ་ དངོས་སུ་སྦེ་ ཞུ་ནི་མིན་འདུག་ཟེར་ ཞུ་ནི་སྦེ་ཨིན་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    འ་ནཱི་ ནེར་ཅེ་ཟེར་མི་འདི་ ང་བཅས་ར་ ཚོགས་ཕུལ་རུང་ ང་བཅས་ར་བཟའ་རུང་ ཏེ་ནང་ན་ལུ་ སིན་འབྲུ་བཟུམ་སྦེ་ཡོད་མི་འདི་ འ་ནཱི་འདི་ ནེར་ཅེ་ཟེར་མི་འདི་ ང་བཅས་ རིན་སྤྲོད་མ་དགོ་པར་ གང་སྟེ་གིས་སྦེ་ཡོད་ཟེར་ ཞུ་ནི་སྦེ་ཨིན་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    འ་ནཱི་འདི་ ཀཝ་ལ་སྨྱུག་མ་ཟེར་མི་འདི་ འ་ནཱི་ ནང་སྐོར་ནང་ལས་བཏོན་ཏེ་ བཟའ་བ་ཅིན་འདི་ ཏེ་འབྲས་བུ་འདི་ གནམ་མེད་ས་མེད་ ཞིམ་ཏོང་ཏེ་སྦེ་ ཀཝ་ལ་སྨྱུག་མ་ཟེར་མི་འདི་ ང་བཅས་ནཱ་ལུ་ རིན་ཤི་ཀི་ལེབ་ཅིག་ཡང་ སྤྲོད་མ་དགོས་པར་ རི་ཁར་གང་སྟེ་ཡོད་ཟེར་ ཞུ་ནི་སྦེ་ཨིན་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    དང་ཕུ་ དང་ཕུ་ལགས། ང་བཅས་ར་ ནཱ་གཡུས་ཁར་ལུ་ཏེ་ ཨ་ནཱི་ ཟས་དང་ ལོངས་སྤྱོད་འདི་ ཏེ་ གོང་འཕེལ་མ་འགྱོ་བའི་སྐབས་ལུ་ འ་ནཱི་འདི་ ང་བཅས་ར་ རི་ཁ་ལས་བཏོག་ ཨ་ནཱི་འདི་ཨ་ནཱ་ ཨ་ནཱི་སྦེ་་མཇལ་བ་ཅིན་ ཁོ་ བཟོ་ལྟ་འདི་ཡང་ མ་འདྲཝ་ཡོད་ཟེར་ ཞུ་ནི་སྦེ་ཨིན་ལགས་ ཨ་ནཱ།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    འ་ནཱི་འདི་ ང་བཅས་ར་ ཕར་རི་ཁ་ལས་ བཏོག་འབགཔ་ཅིག་ དེ་ལསནི་ ཨ་ནཱི་པགས་ཀོ་འདི་བཤུབ་ དེ་ལས་ ཉི་མའི་ནང ་སྐམ་ཞིནམ་ན་ལས་ ཕྱེ་འཐག་སྟེ་བཟའ་བ་ཅིན་ ང་བཅས་ར་ ཟས་བཅུད་དང་ལྡན་པས་ གནམ་མེད་ས་མེད་ཞིམ་ཏོང་ཏོ་ གཏོརམ་བཞེངས་རུང་ ང་བཅས་ཟ་རུང་ ཕ་ཐའི་ཟེར་མི་འདི་ འ་ནཱི་ཨིན་ཟེར་ ཞུ་ནི་སྦེ་ཨིན་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    དེ་ལས་ ཀིན་གི་མར་ཟེར་མི་ཅིག་འདུག་ལགས། ང་བཅས་ ཤིང་ནང་ལས་ཐོན་ཐོནམ་ འ་ནཱི་ ཀིན་གི་མར་ཨིན་ལགས། ཨ་ནཱ་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    གནམ་མེད་ས་མེད་ཀྱི་ ཟས་བཅུད་དང་ལྡན་པའི་གི་མར་ གཞན་དང་མ་འདྲཝ་སྦེ་ ད་ ཁོ་འདི་ ག་དེ་སྦེ་ཨིན་ན་ཟེརནི་ ཟླཝ་ ༨ པའི་ནང་ལུ་ ཏེ་ ཨ་ནཱི་འདི་ ཁོ་འབྲས་བུ་འདི་ བཏོག་དགོ་ལགས། ད་རེས་ གནམ་དགུན་ཐོནམ་ད་ལུ་ ཁོ་གི་ ཤོམ་འདབ་ཚུ་ཡང་ ས་ཁར་འཛགས་ འ་ནཱེ་འབད་ནི་དེ་གིས་ ད་ལྟོ་ ནཱ་ནཱེམ་འབད་ནི་གི་ དུས་ཚོད་མེན།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    ཏེ་ མེནམ་ལས་བརྟེན་ཏེ་ ཀིན་གི་མར་ བཙིར་པ་ཅིན་ ཏེ་ ཨ་ནཱི་མར་འདི་གི་ཏེ་ ཞིམ་རྩི་དཀརཔོ་ནང་ལུ་ ཆང་སྐོལ་ བླུགས་ཏེ་གིས་འབད་རུང་འདྲ་ ལྟོ་དང་གཅིག་ཁར་ བཟའ་འདི་འབད་རུང་འདྲ་ གནམ་མེད་ས་མེད་ ཞིམ་ཏོང་ཏོ་ཡོད་ཟེར་ འ་ནཱི་ ཀིན་གི་མར་ཟེར་ སླབ་པའི་ཟེར་ ཞུ་ནི་སྦེ་ཨིན་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    ཏེ་ ང་བཅས་ར་ ནཱ་བཞུགས་གྲལ་ཕུན་སུམ་ཚོགསཔ་བཏང་པའི་ རྣམ་པུར་ཟེར་ སླབ་པའི་ལགས། འ་ནཱི་ རྣམ་པུར་འདི་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    ང་བཅས་ རི་ཁར་ལུ་ གང་སྟེ་ ཏི་རུ་ཤི་ཀི་ལེབ་ཅིག་ཡང་ སྤྲོད་མ་དགོཔ་སྦེ་ ཤི་ཀི་ལེབ་ཅིག་ཡང་ སྤྲོད་མ་དགོཔ་སྦེ་ ཨ་ནཱི་འདི་ ང་བཅས་ར་ གཡུས་ཁར་ལུ་གང་སྟེ་ ཏེ་ ང་བཅས་ ནཱ་གཡུས་ཁར་ལུ་ གང་སྟེ་ཡོད་ཟེར་ ཨ་ནཱི་ རྣམ་པུར་ཟེར་མི་འདི། ང་བཅས་ བཞུགས་གྲལ་ཕུན་སུམ་ཚོགས་པ་ནང་ཡང་འགྱོཝ་མས། ནཱེ་ཨིན་ཟེར་ ཞུ་ནི་སྦེ་ཨིན་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    འ་ནཱི་འདི་ ང་བཅས་ར་ མཐོཝ་དཔོན་ དམའཝ་བླམ་ཏེ་ གོངམ་ཆེ་འབྲིང་ཆུང་གསུམ་ག་ར་བཞེས་མི་ ང་བཅས་ ཁེངས་ཀྱི་ ཁ་སྐད་ནང་ལས་འབད་བ་ཅིན་ གུ་ལི་ཟེར་ སླབ་མས། ཨ་ནཱི་ ཡོངས་གྲགས་ཅན་འདི་ གནམ་མེད་ས་མེད་ ཞིམ་ཏོང་ཏོ་འདི།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    འ་ནཱི་འདི་ གཞན་དང་མ་འདྲཝ་སྦེ་ལགས། རོགས་ལུ་སྤྲོད་རུང་ ངོ་བོ་ཡོདཔ་ཅིག་ རང་བཟའ་རུང་ ཞིམ་ཏོང་ཏོ་ཅིག་ ཨ་ནཱི་སྦེ་ བཟའ་ཞིནམ་ན་ལས་ ཁོ་གི་ ཨ་ནཱེ་སྦེ་ནང་ན་ལས་བཏོན་ནི་འདི་
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    འ་ནཱེ་སྦེ་ ང་བཅས་ ཡོངས་གྲགས་ཅན་ནང་ལུ་ གུ་ལི་ཟེར་མི་འདི་ འ་ནཱི་སྦེ་འདུག་ཟེར་ ཞུ་ནི་སྦེ་ཨིན་ལགས། འ་ནཱི་ བཟའཝ་ད་ལུ་ འ་ནཱི་སྦེ་བཟའ་བ་ཅིན་ གནམ་མེད་ས་མེད་ ཞིམ་ཏོང་ཏོ་ རོགས་ལུ་ཕུལ་རུང་ རང་བཟའ་རུང་ ཟས་བཅུད་དང་ལྡན་པའི་ ཏེ་འདི་ཚུ་ ཕར་ཐིམ་ཕུག་བཙོང་པ་ཅིན་ གནམ་མེད་ས་མེད་ ཏི་རུ་སྦོམ་ཨིན་པས། འ་ནཱི་ ཞིམ་ཏོང་ཏོ་འདུག་ཟེར་ ཞུ་ནི་སྦེ་ཨིན་ལགས་ གུ་ལི་འདི་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    ད་དེ་མ་ཚད་ ང་བཅས་ ནཱ་ལུ་ ཤིང་གི་མར་ཟེར་མི་ཅིག་འདུག་ལགས། ཤིང་གི་མར་ཟེར་མི་འདི་ ཁོ་འདི་ ཟླཝ་བརྒྱད་པ་དང་ བདུན་པའི་གི་ནང་ལུ་ བཏོག་དགོ་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    ད་ལྟོ་འདི་ འབྲས་བུ་ད་རུང་ ལོག་སྐྱེས་ནུག སང་ཕོད་ཀྱི་དོན་ལུ་ འ་ནཱེ་སྦེ་ཞིནམ་ན་ལས་ འ་ནཱི་མར་འདི་ བཙིར་བ་ཅིན་ གླང་ལུ་ བྱིན་པ་ཅིན་ གླང་འདི་ འུ་སྡུག་ཐང་ཆད་འབདཝ་ད་ གླང་འདི་ན་འཐན་རང་ ཐག་སྟེ་འགྱོ་བའི་སྐབས་ལུ་ ཨ་ནཱི་མར་འདི་ བྱིན་པ་ཅིན་ཏེ་
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    གླང་འདི་ གནམ་མེད་ས་མེད་ ཉམས་བཏགས་ལགས། ཏེ་ དང་ཕུ་ ང་བཅས་ མར་མེད་པའི་སྐབས་ལུ་ཡང་ ཨ་ནཱི་ མར་འདི་ བཟའ་བ་ཅིན་འདི་ ང་བཅས་ར་ གཟུགས་བཅུད་དང་ལྡན་པ་ དེ་མ་ཚད་ ང་བཅས་ར་ ཀོཝ་ཏེ་ ཀོཝ་འདི་ཚུ་ འཕུར་དགོ་བ་ཅིན་ ཨ་ནཱི་ ཧུམ་བླུགས་ཞིནམ་ན་འཕུར་དགོ འ་ནཱི་ ཤིང་གི་མར་ཟེར་ ཞུ་(སླབ)་པའི་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    འ་ནཱི་འདི་ ཡོང་སྨིན་མར་ཨིན་པས་ལགས། ཏེ་འ་ནཱི་ ཡོང་སྨིན་མར་འདི་ ག་དེ་སྦེ་ཨིན་ན་ཟེར་ འདི་དེ་བཙིར་ཞིནམ་ན་ལས་ ང་བཅས་ དང་ཕུ་འབད་བ་ཅིན་ ཇ་རྫམ་གནགཔོ་ཅིག་ནང་ལས་ མེ་བཏང་ཞིནམ་ན་ལས་
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    ཏེ་ཨ་ནཱི་འདི་ བཙོ་ བཙོ་ཞིནམ་ན་ལས་ མར་བཙིར་བ་ཅིན་འདི་ མར་འདི་ཏེ་ གསེར་ཧུ་ཧུ་སྦེ་ འ་ནཱི་མར་འདི་ གནམ་མེད་ས་མེད་ ཞིམ་ཏོང་ཏོ་སྦེ་ ད་ རིན་ཤི་ཀི་ལེབ་ཅིག་ཡང་ སྤྲོད་མ་དགོ་པར་ ང་བཅས་ར་ རྒྱལ་ཁབ་ནང་ལུ་ འ་ནཱི་བཟུམ་འདི་ ནགས་ཚལ་ནང་ལུ་ གང་སྟེ་ཡོད་ཟེར་ ཞུ་ནི་སྦེ་ཨིན་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    ཏེ་འ་ནཱི་འདི་ ཨོ་ལ་སིམ་བ་ཟེར་ སླབ་མས། ཨོ་ལ་སིམ་བ་གི་ ཁོ་འདི་ ཨི་རི་རི་(རྒྱུ་རིལ་རི)སྦེ་ཞིནམ་ན་ལས་ འ་ནཱི་འདི་ ཟ་རུང་ཞིམ་ཏོང་ཏོ་ ང་བཅས་ཚེར་(རྩང་)བཟུམ་ཅིག་ལགས་ གནམ་མེད་ས་མེད་ཞིམ་ཏོང་ཏོ་ཡོད་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    ད་ལྟོ་ ང་གིས་ བསྡུ་ལེན་འབད་དེ་འདི་ ལྷམ་པ་ བཅོ་བརྒྱད་དང་ བཅུ་དགུ་དེ་ཅིག་ ལྷགཔ་འབད་མ་ཚུགས། ཨིན་རུང་ ང་བཅས་ རི་ཁར་ དེ་མ་ཚད་ བརྒྱ་དང་ གཉིས་བརྒྱ་ལྷགཔ་སྦེ་ ཏེ་ང་བཅས་ ནཱ་ལུ་ རེ་ཅིག་སྐབས་ ཟླཝ་བདུན་པའི་ནང་ བསྡུ་དགོ རེ་ཅིག་སྐབས་ ཟླཝ་བརྒྱད་པའི་ནང་བསྡུ་དགོ
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    དེ་མ་ཚད་ ཤ་མུ་གི་རིགས་ལས་འབད་བ་ཅིན་ ཁ་ལའི་ཤ་མུ་ སི་ལའི་ཤ་མུ་ ད་ དེ་མ་ཚད་པ་ ང་བཅས་ གསེར་བྱུ་རུ་ཤ་མུ་ ཆིམ་པ་སྐང་གི་ཤ་མུ་ ཏི་མུ་ དེ་མ་ཚད་ ཤ་མུ་འདི་ཚུ་ཡང་ རྣམ་པ་སྣ་ཚོགས་རི་གང་སྟེ་
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    བརྒྱ་ལས་ བརྒྱ་འབད་དེ་ ང་བཅས་ནཱ་ལུ་ ཚལ་མ་ནང་ལུ་ གང་སྟེ་ཡོད་ཟེར་ དོན་ཐོན་(དག་)ནེ་འབད་བ་ལས་བརྟེན་ཏེ་ ཁེངས་ཟེར་ ཏེ་ སྔོན་བྱོན་གོངམ་ ང་བཅས་ར་ མཁས་པའི་དབང་པོ་ བླམ་རྒྱལ་དབང་ཉི་མ་གིས་ གསུངས་མི་འདི་ཡང་
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    ནཱེ་ཨིན་པས་ཟེར་ ཞུ་ནི་སྦེ་ཨིན་ལགས། བླམ་རྒྱལ་དབང་ཉི་མ་ཟེར་མི་འདི་ དང་པ་ ང་བཅས་ ནཱ་ བུ་ལི་གི་ དབུ་བླ་ དེ་མ་ཚད་ ང་བཅས་ ཏེ་ཕར་ ནང་པའི་རིག་གཞུང་ནང་ལུ་ སེམས་རྟོགས་ཁ་ལུ་ དབུ་འཛིན་སྦེ་ བཞུགས་ཅི་ཟེར་ ཞུ་ནི་སྦེ་ཨིན་ལགས། བཀའ་དྲིན་ཆེ་ལགས།