Skip to main content Skip to search
01 Sep 2018
1 min 24 sec
Video Overview
Creators: 
Duptho, Sonam Chophel

Pasang Norbu from Borongmang village in Sakteng Gewog narrates an account of his community. It is believed that the name for Borongmang village was derived from an old man named "Borong". This old man cleared the area and sowed buckwheat seeds in that area. Since then people referred to the place as Borongmang and it still carries this name today.

པ་སངས་ནོར་བུ་གིས་ བཀྲ་ཤིས་སྒང་རྫོང་ཁག་ སག་སྟེང་རྒེད་འོག་ བོ་རང་མང་གཡུས་ཚན་གྱི་ལོ་རྒྱུས་ཅིག་བཤད་དེ་ཡོདཔ་ད་ པ་སངས་ནོར་བུ་དང་འཁྲིལ་བ་ཅིན་ བོ་རང་མང་གཡུས་ཚན་གྱི་མིང་འདི་ ཧེ་མ་མེས་མེས་བོ་རང་ཟེར་མི་ཅིག་གིས་ ས་གནས་དེ་ཧེ་མ་ཚལ་མ་སྦེ་ཡོད་མི་དེ་ ལེགས་ཤོམ་སྦེ་བསལ་ཞིནམ་ལས་ བྱཱོ་ལ་སོགས་འབྲུ་སྣ་ཚུ་གི་བཏབ་སྟེ་འཚོ་སྐྱོང་འཐབ་སྡོད་ཞིནམ་ལས་ ས་གནས་ཀྱི་མིང་འདི་དེ་སྦེ་བཏགས་ཏེ་ ད་ལྟོའི་བར་ན་ཡང་ དེ་སྦེ་ར་སླབ་སྟེ་དར་ཁྱབ་འགྱོ་འགྱོཝ་གི་ས་གནས་གཡུས་ཚན་གྱི་མིང་ཅིག་ཨིན་པས།

Transcript search
No results found for this search
0 of 0
  • པ་སངས་ནོར་བུ Passang Norbu
    སྦོ་རོང་མང་ཟེར་སླབ་མི་འདི་ དང་ཕུ་ཨ་རྒས་སྦོ་རོང་སླབ་མི་ཅིག་གིས་ གེ་(གེ་ཟ་ཞིང་)ཞིང་བརྫམ་སྟེ་ བཏབ་སྟེ་ ཨ་རྒས་སྦོ་རོང་སླབ་མི་ཅིག་གིས་ གེ་ཞིང་འཛམ་སྟེ་ ཨ་ནི་སྦེ་ སྦོ་རོང་མང་ཟེར་ ཨ་ནི་སྦེ་ཐོབ་དོ་བཟུམ་ཅིག་འདུག་ལགས། ཤུལ་ལས་ སྦོ་རོང་རྩེ་སླབ་མི་འདི་ སྦོ་རོང་མང་ལུ་ གེ་ཞིང་བརྫམ་སྟེ་ ཐོག་ཁར་ལྷོད་དེ་ ཐོག་ཁར་སྤོ་བཤུད་སྦེ། དང་པོ་ཨ་རྒས་སྦོ་རོང་སླབ་མི་ཅིག་གིས་ གཡུས་སྦོ་རོང་མང་ སྦོ་རོང་རྩེ་ཟེར་ ཐོབ་དགོ་མི་འདི་ ཨ་རྒས་སྦོ་རོང་སླབ་མི་གིས་ ཐོབ་ཡོདཔ་མས། ཨ་ནེམ་ཅིག་མས་ ཆགས་ཐངས་ ཨ་ནི་གཡུས་ སྦོ་རོང་རྩེ་ སྦོ་རོང་མང་ཟེར་སླབ་མི་འདི་ ཨ་ནེམ་ཅིག་མས། ཨ་རྒས་ཨང་རྒས་འདི་ཚུ་གིས་ ཨ་ནེམ་ཅིག་སླབ་དེས།
    In the past there was a grandfather called as Borong. He had cleared the land and grown buckwheat. From there it was known as Borongmang. After having cleared all the land they reached above Borongmang. So they moved there and got its name as Borongtse. The place Borongmang and Borongtse got its name after a grandfather Borong. It is this much about how the place got its name. Grandparents told me this much.