Skip to main content Skip to search
20 Jun 2018
3 min 23 sec
Video Overview
Creators: 
Duptho, Sonam Chophel

Grandpa Naku from Phongmey Gewog, in Tashigang sings an old Zhungdra song entitled Choki Tsawa Mitshuk (Establishing the Dharma Base). This song is a religious song dedicated to great saints and masters. The lyrics of the song describe the establishment of dharma and its flourishing in society. This religious song is performed during auspicious celebrations and during the visits of important figures. It is performed in a line formation with between five to twenty dancers. This song is performed in all parts of the country, but the melody and lyrics of the song differ in various localities.

 

བཀྲིས་སྒང་རྫོང་ཁག  ་ཕོངས་མེད་རྒེད་འོག་ ལས་འབད་མི་ ཨ་རྒས་གནག་ཀུ་གི་ སྔ་རབས་ཀྱི་ གཞུང་སྒྲ་ མཆོག་སྐྱིད་རྩ་བ་མི་བཙུགས་འདི་་འཐེནམ་ཨིན་མས། འ་ནི་གླུ་གཞས་འདི་ དམ་པའི་ཆོས་དང་ འབྲེལ་བ་ཡོདཔ་ལས་ ལྷག་བསམ་ རྣམ་དག་གི་སྒོ་ལས་ བླམ་དང་སློབ་དཔོན་ ཚུ་ལུ་ འཕུལ་ཡོདཔ་ཨིན་མས། གླུ་གཞས་ཀྱི་ ཚིག་འདི་ནང་ ཆོས་ག་དེ་འབད་ དར་ཡོདཔ་ཨིན་ན་ དང་ མི་སྡེ་ནང་ དར་ཆབ་ག་དེ་འབད་ འགྱོ་ཡོདཔ་ ཨིན་ན་ དེ་ཚུ་གི་སྐོར་ལས་ འགྲེལ་བཤད་ རྐྱབ་ནུག། དེ་བཟུམ་མའི་ གླུ་གཞས་འདི་ རྟེན་འབྲེལ་བཟང་པོ་ བརྩི་སྲུང་འབད་བའི་ སྐབས་དང་ འགན་འཛིན་འགོ་དཔོན་ བླམ་དང་སློབ་དཔོན་ ཚུ་འབྱོན་པའི་སྐབས་ འཐེནམ་ཨིན། ཞབས་ཁྲ་འདི་ མི་གྲངས་༥་ལས་༢༠་ཚུན་ རྒྱལ་ནང་ སྡོད་ཞིནམ་ལས་ འཁྲབ་ཨིན། ཞབས་ཁྲ་འདི་ རྒྱལ་ཁབ་ནང་འཁྱོད་ ག་ཏེ་ལུ་ཡང་ འཐེནམ་ཨིན་མས་ ཨིན་རུང་ ཞབས་ཁྲའི་ཚིག་དང་ གདངས་འདི་ཚུ་ ལུང་ཕྱོགས་ནང་འཁྱོད་ཀྱི་ ཁ་སྐད་དང་ ལམ་ལུགས་སྲོལ་ ལས་བསྟེན་ ཁྱད་པར་འབྱུང་དོ ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • ནག་ཀུ་ Naku
    ཆོས་ཀྱི་རྩ་བ་མི་བཙུགས། །ཆོས་ཀྱི་རྩ་བ་བཙུགས་པ་ཙམ་ཞིག་ཡ་ལ། །ཆོས་ཀྱི་རྩ་བ་བཙུགས་པ་ཙམ་ཅིག་ཡ། །
  • ནག་ཀུ་ Naku
    ཆོས་ཀྱི་རྩ་བ་བཙུགས་ན། །ལྷ་སའི་གཞུང་ལ་བཙུགས་པ་ཙམ་ཞིག་ཡ་ལ། །ལྷ་སའི་གཞུང་ལ་བཙུགས་པ་ཙམ་ཞིག་ཡ། །
  • ནག་ཀུ་ Naku
    ཆོས་ཀྱི་རྩ་བ་བཙུགས་ན། །ཆོས་ལ་རབ་གནས་གནང་བ་ཙམ་ཞིག་ཡ་ལ། །ཆོས་ལ་རབ་གནས་གནང་བ་ཙམ་ཞིག་ཡ། །
  • ནག་ཀུ་ Naku
    ཕྱག་འདི་ལ་གཡས་པའི་སིང་སིང་། །གཡས་བསྐོར་(དངུལ་དཀར་)མེ་ལོང་བསྣམས་པ་ཙམ་ཞིག་ཡ་ལ། །གཡས་བསྐོར་(དངུལ་དཀར་)མེ་ལོང་བསྣམས་པ་ཙམ། །
  • ནག་ཀུ་ Naku
    ཕྱག་འདི་གཡོན་པའི་སིང་སིང་། །རྡོ་རྗེ་དྲིལ་བུ་བསྣམས་པ་ཙམ་ཞིག་ཡ་ལ། །རྡོ་རྗེ་དྲིལ་བུ་བསྣམས་པ་ཙམ་ཞིག་ཡ། །
  • ནག་ཀུ་ Naku
    ཞབས་བྲོ་ལ་ནང་ལ་ཤེད་ཤེད། །ནང་གི་ནོར་བུ་འབྱུང་བ་ཙམ་ཞིག་ཡ་ལ། །ནང་གི་ནོར་བུ་འབྱུང་བ་ཙམ་ཞིག་ཡ། །
  • ནག་ཀུ་ Naku
    ཞབས་བྲོ་ལ་ཕྱི་ལ་ཤེད་ཤེད། །ཕྱི་གི་ལྕགས་རི་བསྐོར་བ་ཙམ་ཞིག་ཡ་ལ། །ཕྱི་གི་ལྕགས་རི་བསྐོར་བ་ཙམ་ཞིག་ཡ། །
  • ནག་ཀུ་ Naku
    ཞབས་བྲོ་ལ་ཕྱི་ཤེད་ནང་ཤེད། །གདོང་ཁྲབ་ལེགས་མོ་བཙུགས་པ་ཙམ་ཞིག་ཡ།། །།