Skip to main content Skip to search
19 Jun 2018
4 min 16 sec
Video Overview
Creators: 
Sonam Tobgye

Namgay Wangchuk and Dawa Yangki from Serphu village sing "Choe Ki Tsawa." This song talks about the Buddha's consecration of a sacred place called Chokhor Lhasa in Tibet. Moreover, the song describes “dancing outwardly” as subduing outer enemies; and “dancing inwardly,” as keeping inner jewels in one’s heart. This could symbolize the meaning of consecration.

༉  ལྷུན་རྩེ་རྫོང་ཁག་གསེར་ཕུག་གཡུས་ཚན་ལས་ རྣམ་རྒྱལ་དབང་ཕྱུག་དང་ཟླ་བ་དབྱངས་སྐྱིད་ཀྱིས་འཐེན་མི་ཆོས་ཀྱི་རྩ་བ་མི་བཙུགས་ཟེར་མི་གླུ་གཞས་འདི་གིས་ རྩ་ཆེ་བའི་གནས་བོད་ཆོས་འཁོར་ལྷ་ས་ལུ་ ཆོས་ཀྱི་རྩ་བ་མི་བཙུགས་ཆོས་ཀྱི་རྩ་བ་བཙུགས་ཟེར་ ཆོས་ཀྱི་བསྟན་པ་འདི་འབོད་ལྷ་ས་ལུ་བཙུགས་ཡོད་པའི་བརྡ་སྟོན་པ་གིས་མ་ཚད་ དེ་ནང་གི་ཇོ་བོ་ཤཱཀྱ་མུ་ཎིའི་རབ་གནས་མཛད་གནང་བའི་སྐོར་ལས་སྟོནམ་ཨིན་མས། གླུ་གཞས་ཀྱི་ཚིག་དང་འཁྲིལ་བ་ཅིན་ ལིའུ་འཁྲབ་པའི་སྐབས་ལུ་ གླུ་གཞས་ཀྱི་ཚིག་དང་འཁྲིལ་ཏེ་ ལིའུ་ཡང་ཕྱི་ཤེད་ནང་ཤེད་ཟེར་རྐྱབ་ད་ལུ་ ཕྱི་ཕྱོགས་སུ་རྐྱབ་ད་ ཕྱིའི་དགྲ་ཚུ་བཏུལ་བའི་ཚུལ་དང་ ནང་ཕྱོགས་སུ་རྐྱབ་ད་ ནང་གི་ནོར་བུ་འབྱུང་བའི་ཚུལ་སྦེ་བཤད་པ་རྐྱབ་སྟེ་འདུག གླུ་གཞས་འདི་ གཞུང་སྒྲ་གི་དབྱེ་ཁག་ནང་ཚུད་དོ་ཡོདཔ་ད་ རང་ལུགས་ཐོག་གདངས་དབྱངས་རིངམོ་སྦེ་འཐེན་དོ་ཡོདཔ་ཨིན་རུང་ འབོད་སྒྲའི་གདངས་དབྱངས་བཟུམ་སྦེ་ཡང་འཐེན་སྲོལ་ཡོདཔ་ཨིན།

Transcript search
No results found for this search
0 of 0
  • Namgay Wangchuk & Dawa Yangki: ཆོས་ཀྱི་རྩ་བ་མི་བཙུགས། །ཆོས་ཀྱི་རྩ་བ་བཙུགས་པ་ཙམ་ཅིག་ཡ་[[འབྱུང་ལ་?]ལ་?]། །ཆོས་ཀྱི་རྩ་བ་བཙུགས་པ་ཙམ་གཅིག་ཡ་[[འབྱུང་ལ་?]ལ་?]། །
    རྣམ་རྒྱལ་དབང་ཕྱུག་དང་ཟླ་བ་དབྱངས་སྐྱིད་
  • Namgay Wangchuk & Dawa Yangki: ཆོས་ཀྱི་རྩ་བ་བཙུགས་ན། །ཆོས་འཁོར་ལྷ་ས་ཆགས་པ་(བཙུགས་པ་)ཙམ་ཅིག་ཡ་[འབྱུང་ལ་?]། །ཆོས་འཁོར་ལས་ས་བཙུགས་པ་ཙམ་ཅིག་ཡ་[འབྱུང་ལ་?]། །
    རྣམ་རྒྱལ་དབང་ཕྱུག་དང་ཟླ་བ་དབྱངས་སྐྱིད་
  • Namgay Wangchuk & Dawa Yangki: བླ་མ་(ཇོ་བོ་)ཤཱཀྱ་མུ་ནི། །ཆོས་ལ་རབ་གནས་གནང་བ་ཙམ་ཅིག་ཡ་[འབྱུང་ལ་?]། །ཆོས་ལ་རབ་གནས་གནང་བ་ཙམ་ཅིག་ཡ་[འབྱུང་?]། །
    རྣམ་རྒྱལ་དབང་ཕྱུག་དང་ཟླ་བ་དབྱངས་སྐྱིད་
  • Namgay Wangchuk & Dawa Yangki: ཕྱག་ཅིག་གཡས་པ་གསང་བསིལ(བསྣམས་ཤོག)། །ཚེ་དབང་བུམ་པ་བསྣམས་པ་ཙམ་ཅིག་ཡ་[འབྱུང་ལ་?]། །ཚེ་དབང་བུམ་པ་བསྣམས་པ་ཙམ་ཅིག་ཡ་[འབྱུང་ལ་?]། །
    རྣམ་རྒྱལ་དབང་ཕྱུག་དང་ཟླ་བ་དབྱངས་སྐྱིད་
  • Namgay Wangchuk & Dawa Yangki: ཕྱག་འདི་གཡོན་པ་གསང་བསིལ(བསྣམས་ཤོག)། །དངུལ་དཀར་མེ་ལོང་བསྣམས་པ་ཙམ་ཅིག་ཡ་[འབྱུང་ལ་?]། །དངུལ་དཀར་མེ་ལོང་བསྣམས་པ་ཙམ་ཅིག་ཡ་[འབྱུང་ལ་?]། །
    རྣམ་རྒྱལ་དབང་ཕྱུག་དང་ཟླ་བ་དབྱངས་སྐྱིད་
  • Namgay Wangchuk & Dawa Yangki: ཕྱག་འདི་གཡས་གཡོན་མེད་པ། །རྡོ་རྗེ་དྲིལ་བུ་བསྣམས་པ་ཙམ་ཅིག་ཡ་[འབྱུང་ལ་?]། །རྡོ་རྗེ་དྲི་བུ་བསྣམས་པ་ཙམ་ཅིག་ཡ་[འབྱུང་ལ་?]། །
    རྣམ་རྒྱལ་དབང་ཕྱུག་དང་ཟླ་བ་དབྱངས་སྐྱིད་
  • Namgay Wangchuk & Dawa Yangki: ཞབས་བྲོ་ཕྱི་ལ་ཤེད་ཤེད། །ཕྱི་གི་དགྲ་ཉམས་བཅོམ་པ་(ཡི་དགྲ་རྣམས་བཏུལ་བ་)ཙམ་ཅིག་ཡ་[འབྱུང་ལ་?]། །ཕྱི་ཀྱི་དགྲ་ཉམས་བཅོམ་པ་(ཡི་དགྲ་རྣམས་བཏུལ་བ་)ཙམ་ཅིག་ཡ་[འབྱུང་ལ་?]། །
    རྣམ་རྒྱལ་དབང་ཕྱུག་དང་ཟླ་བ་དབྱངས་སྐྱིད་
  • Namgay Wangchuk & Dawa Yangki: ཞབས་བྲོ་ནང་ལ་རུག་རུག །ནང་གི་ནོར་བུ་བཞུགས་པ་(འབྱུང་བ་)ཙམ་ཅིག་ཡ་[འབྱུང་ལ་?]། །ནང་གི་ནོར་བུ་བཞུགས་པ་(འབྱུང་བ་)ཙམ་ཅིག་ཡ་[འབྱུང་ལ་?]། །
    རྣམ་རྒྱལ་དབང་ཕྱུག་དང་ཟླ་བ་དབྱངས་སྐྱིད་
  • Namgay Wangchuk & Dawa Yangki: ཞབས་བྲོ་ཕྱི་ཤེད་ནང་ཤེད། །གདོང་ཁྲབ་ལེགས་མོ་བསྒྲིགས་པ་ཙམ་ཅིག་ཡ་[འབྱུང་ལ་?]། །གདོང་ཁྲབ་ལེགས་མོ་བསྒྲིགས་པ་ཙམ་ཅིག་ཡ་[འབྱུང་ལ་?]། ། [དོ་མ་རག་ཤོག་ལགས། ཨེ་ཧི་་་་་]།། །།
    རྣམ་རྒྱལ་དབང་ཕྱུག་དང་ཟླ་བ་དབྱངས་སྐྱིད་