Video Overview
Lhamo and Lobzang Dema from Radhi Gewog, Tashigang sings an old Zhungdra song entitled Choki Tsawa Mitshuk (Establishing the Dharma Base). This song is a religious song dedicated to the great saints and masters. The lyrics of the song describe dharma and its flourishing in society. These kinds of religious songs are performed during auspicious celebrations and during the visits of high officials or great masters. It is performed in a line formation with around five to twenty dancers. This song is sung and performed in all the parts of the country, but the melody and lyrics of the song vary with the culture and language of different regions.
བཀྲིས་སྒང་རྫོང་ཁག རདྷི་རྒེད་འོག་ལས་འབད་མི་ ལྷ་མོ་དང་བློ་བཟང་ གཉིས་ཀྱི་གཞུང་སྒྲ་རྙིང་ཤོས་ ཆོས་ཀྱི་རྩ་བ་མི་བཙུགས་ ཟེར་མི་འདི་འཐེནམ ཨིན་མས། གླུ་གཞས་འདི་ ཆོས་དང་འབྲེལ་བ་ཡོད་མི་གཅིག་འབདཝ་ལས་ ཐུགས་ཆེ་བའི་ བླམ་དང་སློབ་དཔོན་ཆེད་དུ་འཕུལཝ་ཨིན་མས། ཞབས་ཁྲའི་ཚིག་འདི་ནང་ དམ་པའི་ཆོས་འདི་ནམ་འགོ་བཙུགས་ཡི་ག་ མི་སྡེ་ནང་ག་དེ་འབད་དར་ཁྱབ་འགྱོ་ཡོདཔ་ ཨིན་ན་སྐོར་ལས་འབྲེལ་བཤད་ འབདཝ་ཨིན་མས། འདི་བཟུམ་མའི་ ཆོས་དང་འབྲེལ་བ་ཡོད་པའི་གླུ་འདི་ དགའ་སྟོན་དང་ དུས་སྟོན་ དེ་ལས་གོང་མ་དངབླམ་ཚུ་ བྱོན་པའི་སྐབས་ ཁྲབ་སྲོལ་ཡོདཔ་ཨིན། ཞབས་ཁྲ་འདི་ མི་ལྔ་དང་ཉི་ཤུ་བར་ན་ གྱལ་ནང་འབད་ཁྲབ་ཨིན་ ཞབས་ཁྲ་འདི་ རྒྱལ་ཁབ་ནང་འཁྱོད་ག་ཏེ་ཡང་ འཐེན་ནི་ཡོདཔ་ཨིན་རུང་ ཞབས་ཁྲའི་ཚིག་དང་གདངས་དབྱངས་འདི་ ལུང་ཕྱོགས་ཀྱི་ལམ་སྲོལ་དང་ཁ་སྐད་ འཁྲིལ་ཏེ་འཐེནམ་ཨིན།
- Kadam
- Radhi
- Trashigang
- ལྷ་མོ་དང་བློ་བཟང་སྒྲོལ་མ་ Lhamo & Lobzang Demaཆོས་ཀྱི་རྩ་བ་མི་བཙུགས། །ཆོས་ཀྱི་རྩ་བ་བཙུགས་པ་ཙམ་ཅིག་ཡ་ལ། །ཆོས་ཀྱི་རྩ་བ་བཙུགས་པ་ཙམ་ཅིག་ཡ། །
- ལྷ་མོ་དང་བློ་བཟང་སྒྲོལ་མ་ Lhamo & Lobzang Demaཆོས་ཀྱི་རྩ་བ་བཙུགས་ན། །ལྷ་ས་གཞུང་ལ་བཙུགས་པ་ཙམ་ཅིག་ཡ་ལ། །ལྷ་ས་གཞུང་ལ་བཙུགས་པ་ཙམ་ཅིག་ཡ། །
- ལྷ་མོ་དང་བློ་བཟང་སྒྲོལ་མ་ Lhamo & Lobzang Demaལྷ་ས་ཤཱཀྱ་མུ་ཎེ་ཆོས་ཀྱི་དཀྱིལ་འཁོར་བསྐོར་བ་ཙམ་ཅིག་ཡ་ལ། །ཆོས་ཀྱི་དཀྱིལ་འཁོར་བཙུགས་པ་ཙམ་ཅིག་ཡ། །
- ལྷ་མོ་དང་བློ་བཟང་སྒྲོལ་མ་ Lhamo & Lobzang Demaཕྱག་འདི་གཡས་པ་[བསིལ་བསིལ?]། །རྡོ་རྗེ་དྲིལ་བུ་བསྣམས་པ་ཙམ་ཅིག་ཡ་ལ། །རྡོ་རྗེ་དྲིལ་བུ་བསྣམས་པ་ཙམ་ཅིག་ཡ། །
- ལྷ་མོ་དང་བློ་བཟང་སྒྲོལ་མ་ Lhamo & Lobzang Demaཕྱག་འདི་གཡོན་པ་[བསིལ་བསིལ?]། །དངུལ་དཀར་མེ་ལོང་སྒྲིག་པ་(བསྣམས་པ་)ཙམ་ཅིག་ཡ་ལ། །དངུལ་དཀར་མེ་ལོང་སྒྲིག་པ་(བསྣམས་)ཙམ་ཅིག་ཡ། །
- ལྷ་མོ་དང་བློ་བཟང་སྒྲོལ་མ་ Lhamo & Lobzang Demaཞབས་ཁྲ་ཕྱི་ལ་ཤེད་ཤེད། །ཕྱི་གི་(ཡི་)ལྕགས་རི་བསྐོར་བ་ཙམ་ཅིག་ཡ་ལ། །ཕྱི་གི་(ཡི་)ལྕགས་རི་བསྐོར་བ་ཙམ་ཅིག་ཡ། །
- ལྷ་མོ་དང་བློ་བཟང་སྒྲོལ་མ་ Lhamo & Lobzang Demaཞབས་ཁྲ་ནང་ལ་རུག་རུག །ནང་གི་ནོར་བུ་འབྱུང་བ་ཙམ་ཅིག་ཡ་ལ། །ནང་གི་ནོར་བུ་འབྱུང་བ་ཙམ་ཅིག་ཡ། །
- ལྷ་མོ་དང་བློ་བཟང་སྒྲོལ་མ་ Lhamo & Lobzang Demaཞབས་ཁྲ་ཕྱི་ཤེད་ནང་ཤེད། །གདོང་ཁྲབ་ལེགས་མོ་བསྒྲིགས་པ་ཙམ་ཅིག་ཡ་ལ། །གདོང་ཁྲབ་ལེགས་མོ་གནང་(བསྒྲིགས་)པ་ཙམ་ཅིག་ཡ། ། ལགས་སོ་ལགས།། །།